རྩོམ་སྒྲིག་འགན་འཛིན་གཟུངས་ཕྱུག་སྐྱིད།

གཟུངས་ཕྱུག་སྐྱིད། མིང་གཞན་བདེ་འཚོ། མདོ་སྨད་མཚོ་སྔོན་མང་ར་རྫོང་གི་ཁོངས་གཏོགས་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་སྡེ་བར་སྐྱེས།

ཕྱི་ལོ་༢༠༠༢ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། བོད་ནང་དུ་སློབ་འབྲིང་སོགས་འགྲིམས་མྱོང་། བོད་ཀྱི་ <<ལོ་རྒྱུས་སྙན་རྩོམ་རིང་མོ་གེ་སེར་སྒྲུང>> དང་བོད་རང་གི་ཐུན་མོང་མ་ཡིན་པའི་དམངས་སྲོལ་རིག་གནས་དག་ལ་སྦྱངས་བརྩོན་བྱས་ནས་རྩོམ་རིག་ལ་དགའ་བའི་བག་ཆགས་ཐོག་མར་བཞག

   ༡༩༩༣ལོ་ནས་བཟུང་སྙན་ངག་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་སྔ་ཕྱིར་བོད་ཕྱི་ནང་གཉིས་སུ་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་སུ་སྙན་རྩོམ་གཙོས་རྩོམ་ཡིག་བརྒྱ་ལྷག་སྤེལ་མྱོང་། ༢༠༠༡་ལོར་ས་ཆེན་གྱི་སྨྲེ་ངག་ཞེས་པའི་རྩོམ་ཡིག་ལ་མཚོ་སྔོན་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་མྱོང་བ་མ་ཟད། སྙན་རྩོམ་མང་པོ་ཞིག་ལ་རྒྱ་ཆེ་ཀློག་མཁན་དག་གིས་དཔྱད་བརྗོད་དང་གདེང་འཇོག་མང་ དུ་ཐོབ།

༡༩༩༩ལོར་བོད་ཀྱི་བུད་མེད་སྙན་ངག་དེབ་ཐོག་མ <<བྱུ་རུའི་ལས་དབང>> ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས། ༢༠༠༣་ལོར་སྙན་ངག་དེབ  <<འཇགས་མི་སྲིད་པའི་བཞུར་རྒྱུན>> ཞེས་པ་པར་ སྐྲུན་འགྲེམས་སྤེལ་བྱས།

༢༠༠༥ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་འཛིན་སྐྱོང་འོག་ལོ་གསུམ་རིང་ལ་བོད་ཀྱི་དམངས་གཞས་སྐོར་ལ་ཞིབ་འཇུག་བྱས་ཏེ་<<བོད་ཀྱི་དམངས་གཞས་རགས་བཤད>> ཅེས་པའི་ཆེད་རྩོམ་གྱི་དེབ་ཅིག་བྲིས།

༢༠༠༨ལོར་སྙན་ངག་དེབ་ <<བང་སོ>>དང་ ལྷུག་རྩོམ་དེབ<<ས་ཆེན་གྱི་སྨྲེ་ངག>>ཞེས་པ་གཉིས་པར་སྐྲུན་འགྲེམས་སྤེལ་བྱས།

༢༠༡༡ ལོར་མོ་དང་སྤུན་ཟུང་བུ་མོ་བཞིས་མཉམ་དུ་བརྩམས་པའི་སྙན་ངག་གཅེས་བསྡུས་ <<བདག་མོ>> ཞེས་པ་པར་སྐྲུན་དང་འགྲེམས་སྤེལ་བྱས་ཡོད།  གཞན་ཡང་དེང་རབས་བོད་ཀྱི་སྙན་ངག་ཕྱོགས་བསྒྲིགས <<དུས་ཀྱི་འགྱུར་ཁུགས>> དང་ <<སྦྲང་ཆར>> ལོ་ངོ་ཉི་ཤུ་འཁོར་བའི་ལེགས་རྩོམ་ཕྱོགས་བསྒྲིགས་དང་། ལོ་ངོ་ཉི་ཤུ་འཁོར་བའི་ <<མཚོ་སྔོན་ཁྲིམས་ལུགས་ཚགས་པར>> གྱི་ལེགས་རྩོམ་ཕྱོགས་བསྒྲིགས། བོད་ཀྱི་བུད་མེད་སྙན་རྩོམ་ཕྱོགས་བསྒྲིགས་ <<བཞོ་ལུང>> དང་ <<མཚོ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ལེགས་རྩོམ་ཕྱོགས་བསྒྲིགས>> གངས་རྒྱན་མེ་ཏོག་ལོ་འཁོར་ཉི་ཤུ་ལོན་པའི་དཔེ་ཚོགས་ཕྱོགས་བསྒྲིགས་སོགས་སུ་རྩོམ་ཡིག་ལེགས་གྲས་སྐོར་འདེམས་ཐོན་བྱུང་ཡོད། སྙན་རྩོམ་ཁ་ཤས་ཤིག་ཕ་རན་སི་དང་དབྱིན་ཇི། ར་ཤིས་ཡ་དང་ཉི་ཧོང་། རྒྱ་ནག་སོགས་ཀྱི་ཡི་གེར་བསྒྱུར་འགོད་བྱས་ཡོད།

༢༠༠༣་ལོར་པེན་རྒྱལ་སྤྱིའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། བོད་རྒྱལ་ཡོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མིར་ཞུགས།

ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༦ ཚེས་ ༢༣ ཉིན་རྒྱ་ནག་རྩོམ་པ་པོ་ཝང་ལི་ཞོན་རྡ་སར་ཕེབས་པར་དོན་ཚན་བརྒྱད་ཅན་གྱི་ངོ་རྒོལ་ཡི་གེ་ལ་ས་རྟགས་རྒྱག་མཁན་གྱི་གྲས་སུ་ཞུགས་ཤིང་དེ་ག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་རྩ་དགོངས་ཞུས། ད་ལྟ་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་མི་དང་འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་པའི་ལས་ཀ་གཉེར་བཞིན་ཡོད།

ངེད་དྲ་ཚིགས།

4 Comments on རྩོམ་སྒྲིག་འགན་འཛིན་གཟུངས་ཕྱུག་སྐྱིད།

  1. མེ་ལྗང་། // 06/26/2015 at 1:03 pm // Reply

    ཨ་ཅེ་གཟུངས་ཕྱུག་སྐྱིད་ལགས། འོད་དཀར་དྲྭ་ཚིག་ལ་རྩོམ་སུ་ལ་སྐུར་དགོས་སམ། ཅི་ལྟར་སྐུར་དགོས།

    Like

  2. wokarnews@gmail.com sungchuk@gmail.com གློག་འཕྲིན་འདི་གཉིས་ལས་གང་ལ་བསྐུར་ན་ཆོག

    Like

  3. རྡོ་སེངྒེ། // 10/21/2015 at 5:37 am // Reply

    ཨ་ཅེ་གཟུངས་ཕྱུགས་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Like

  4. Free boy // 05/27/2017 at 4:08 am // Reply

    ཨ་ཅེ་བདེ་མོ་ཡིན་ནམ།

    Like

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s