དྲ་ཚིགས་ཀྱི་སྤྱིའི་འགན་འཛིན། ༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ།

རྩོམ་སྒྲིག་འགན་འཛིན། གཟུངས་ཕྱུག་སྐྱིད།

རྩོམ་སྒྲིག་པ།  བཅུད་པར་གཡང་མཁོ་རྒྱལ།

རྩོམ་སྒྲིག་ལས་རོགས། ཚེ་རིང་རྒྱལ།

ཡིག་བསྒྱུར་འགན་ཁུར་བ།  སྟག་ལྷ་རྒྱལ།

དྲ་ཚིགས་འཇུས་བཀོད་པ། འོད་དཀར།


        འོད་དཀར་དྲ་ཚུགས་ནི་ཕྱི་ལོ ༢༠༠༨ལོའི་ལོ་མཇུག་ལ་འགོ་བརྩམས་པའི་བཙན་བྱོལ་ཁྲོད་ཀྱི་བོད་ཡིག་སྒེར་གཉེར་དྲྭ་ཚིགས་སྔ་ཤོས་ཤིག་ཡིན། འོད་དཀར་དྲ་ཚིགས་ཀྱི་སྐབས་དེའི་དམིགས་ཡུལ་གཙོ་བོ་ཡང་བོད་ཀྱི་དྲ་ཚིགས་ཕན་ཚུན་ལ་འབྲེལ་ལམ་དེ་ཙམ་མ་བྱུང་ཞིང་ཁྱབ་བརྡལ་ཆེར་མ་བྱུང་བའི་བོད་ཕྱི་ནང་གི་དྲ་རྒྱའི་གནས་བབ་ལ་གཞིགས་ཏེ། བོད་ཀྱི་སྐད་ཡིག་དང་རིག་གཞུང་གཙོར་བཟུང་གིས་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་ཐད་ལ་ཅི་ལྕོགས་ཀྱིས་འབད་འབུངས་བྱས་ཡོད། ལྷག་པར་དུ་བོད་ནང་གི་གནས་ཚུལ་མང་པོ་ཞིག་ཕྱི་ཕྱོགས་སུ་ཐོན་པར་ནུས་པ་གང་འཚམ་ཐོན་ཡོད། ད་བར་དུ་དྲ་ཚིགས་འདིའི་ངོས་ནས་རྒྱ་གར་ལྷོ་ཕྱོགས་གཙོས་པའི་བཙན་བྱོལ་ས་གནས་ཁག་གི་ནང་ཤེས་ཡོན་དང་ཆབ་སྲིད་ཀྱི་སྐོར་གྱི་ཚོགས་འདུ་གང་མང་སྤེལ་མྱོང་ཡོད། ད་དུང་བོད་གཞིས་བྱེས་གཉིས་ཀྱི་བར་ཐག་དང་སྙིང་སྟོབས་བཅས་ཀྱིས་མཚོན་པའི་ཤེས་ལྡན་མི་སྣ་འཛོམས་པའི་ཚོགས་འདུ་འདྲ་མིན་མང་པོ་ཞིག་བསྟུད་མར་བསྐངས་ནས་ད་ལྟའི་བོད་ཀྱི་གནས་བབ་དང་རིག་གཞུང་བཅས་ཀྱི་ཐད་བསམ་ཚུལ་བསྡུ་ལེན་དང་གོ་བསྡུར་གྱི་ཕྱོགས་ལ་འབད་ཡོད།


             ཕྱི་ལོ་༢༠༡༡ ལོར་ ༼འོད་དཀར་དྲ་ཚིགས་ཀྱི་སྐབས་དང་པོའི་བོད་ཀྱི་སྙན་ངག་སྒྲོགས་སྦྱང་འགྲན་ཚོགས༽ ཀྱི་ལས་གཞི་དངོས་སུ་འགོ་བརྩམས་ཏེ། བཙན་བྱོལ་ཁྲོད་ཀྱི་སློབ་གྲྭ་ཁག་གཙོས་པའི་ས་གནས་ཁག་བརྒྱད་ལ་ཆེད་བཅར་གྱིས་འགྲན་ཞུགས་མི་གྲངས་ ༢༡༥ལྷག་བྱུང་བ་དག་ལས་རིམ་པར་དངོས་གཞིའི་འགྲན་བསྡུར་དང་། མཐའ་མའི་འགྲན་བསྡུར། རྟིང་རྩོད་འགྲན་བསྡུར་བཅས་རིམ་པ་གསུམ་བརྒྱུད་མཐར་མཇུག་མཐའི་ཨང་རིམ་དང་པོར་ཧིན་སྒོར་༦༠༠༠༠དང་གཉིས་པར་ཧིན་སྒོར ༣༠༠༠༠གསུམ་པར་༢༠༠༠༠བཅས་དང་། རྟིང་སྐུལ་ཐོབ་མཁན་མི༨ལ་ཧིན་སྒོར་༢༠༠༠ཙམ་གྱི་བྱ་དགའ་གནང་ནས་བཙན་བྱོལ་ནང་གི་གཞོན་སྐྱེས་མང་པོའི་ནུས་པ་མཐོར་འདེགས་དང་སྐྱེད་སྲིང་གི་ནུས་པ་བཏོན་ཡོད།


གཞན་ཡང་འོད་དཀར་དྲ་ཚིགས་ཀྱིས་སྔ་གཞུག་ཏུ་བཏོན་པའི་དཔེ་དེབ་ཁག་ནི།

༡༽  རྩོམ་བཏུས་དེབ། <<སྒེར་གཅོད>> རྩོམ་པ་པོ་འོད་དཀར།

༢༽ བསྒྱུར་རྩོམ་དེབ། <<རང་དབང་གསར་འགྱུར་འཇུག་སྒོ>> བསྒྱུར་མཁན་འབྲོག་མྱི་སྟག་ལྷ་རྒྱལ།

༣༽ སྙན་ངག་དེབ། <<བདག་མོ>> གཟུངས་ཕྱུགས་སྐྱིད་སྤུན་བཞི། འདི་ནི་བཙན་བྱོལ་ཁྲོད་ཀྱི་ཆེས་ཐོག་མའི་བུད་མེད་སྤུན་མཆེད་རྣམས་ཀྱི་བཏོན་པའི་སྙན་དེབ་ཞིག་ཡིན་པར་བརྗོད་ཆོག

༤༽ སྤྱི་ཚོགས་བཤད་བརྗོད་དེབ། <<འབོལ་རྩོམ་ཕྱོགས་བསྒྲིགས>> བོད་གཞིས་བྱེས་གཉིས་ཀྱི་རྩོམ་པ་པོ་སྐོར་ཞིག་གིས་བྲིས་པའི་རྩོམ་ཡིག་ཕྱོགས་བཏུས།

༥༽ བསྒྱུར་རྩོམ་དེབ <<བོད་རིང་ལུགས>> བོད་ཀྱི་གནད་དོན་ལ་རྒྱུས་མངའ་ཆེ་བའི་གཞིས་བཞུགས་མི་སྣ་གྲགས་ཅན་ཞིག་གིས་བརྩམས། བསྒྱུར་མཁན་གཡག་བཙན་པོ།

སྤྱིའི་དེབ་གྲངས་ལྔ་ཙམ་ད་བར་བཙན་བྱོལ་སྤྱི་ཚོགས་ཁྲོད་དཔེ་སྐྲུན་དང་འགྲེམས་སྤེལ་བྱས་ཡོད།
ད་དུང་མུ་མཐུད་ནས་བཙན་བྱོལ་སྤྱི་ཚོགས་ཁྲོད་བོད་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་པའི་ཕྱོགས་ཐད་ལས་དོན་འདྲ་མིན་སྣ་ཚོགས་སྤེལ་རྒྱུ་དང་། བོད་ཀྱི་སྤྱི་ཚོགས་ལ་འགན་ཁུར་བའི་གཞོན་སྐྱེས་མི་སྣ་གསོ་སྐྱོང་དང་སྐུལ་འདེད་ཀྱི་ཕྱོགས་ལ་ཤུགས་སྣོན་བྱ་རྒྱུ་ནི་ངེད་ཚོས་ཁ་ཕྱོགས་གཙོ་བོར་བཟུང་ཡོད།

ངེད་དྲ་ཚིགས།

2 thoughts on “འོད་དཀར་དྲ་ཚིགས་ངོ་སྤྲོད་གནད་བསྡུས།

  1. བོད ཕྱི་ལོ། ༢༠༡༤ ཟླ། ༠༧ ཚེས། ༢༥ at ༥:༠༩ pm

    བཀྲ་ཤིས་བདེ་ལེགས

  2. wokarnews ཕྱི་ལོ། ༢༠༡༤ ཟླ། ༠༧ ཚེས། ༢༥ at ༥:༡༩ pm

    བཀྲ་ཤིས་བདེ་ལེགས

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading