ཡིག་བསྒྱུར་འགན་ཁུར་བ་སྟག་ལྷ་རྒྱལ།

          སྟག་ལྷ་རྒྱལ། མིང་གཞན། འབྲོག་མྱི།

        མདོ་སྨད་རྨ་ཆེན་གངས་རིའི་ཤར་རྒྱུད་ན་རྒྱ་མཚོ་བཞིན་འཁྱིལ་བའི་བོང་སྟག་ཅེས་པའི་འབྲོག་སྡེ་རུ“རིག་གནས་གསར་བརྗེ་ཆེན་མོ”ཞེས་པའི་མུན་ནག་གི་དུས་རབས་ཤིག་ལ་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཞིང་། བུ་སྤུན་བདུན་ལས་གསུམ་པ་ཡིན།
ཕ་མ་ཟུང་གི་གཞལ་མེད་བཀའ་དྲིན་ལས་ཆུང་དུས་ནས་སློབ་གྲྭར་འགྲིམས་པའི་མཐུན་རྐྱེན་འཛོམས་ཤིང་། གནམ་ཐང་བཅའ་སྡོད་སློབ་ཆུང་ནས་མགོ་བཙུགས་ཏེ་རིམ་གྱིས་སློབ་གྲྭ་དམའ་འབྲིང་བརྒྱུད་དེ་མཐར་ཕྱི་ལོ ༡༩༩༨ལོའི་སྟོན་ཀར་ནུབ་བྱང་མི་རིགས་སློབ་ཆེན་དུ་མཐར་ཕྱིན།
ཕྱི་ལོ ༡༩༩༨ལོའི་ཟླ་༡༠པའི་ཚེས ༢༠འི་ཉིན། ང་ཚོ་མི་རབས་འདིས་ཅིས་ཀྱང་བསྒྲུབ་དགོས་པའི་འོས་འགན་དེའི་སླད་དུ་བཙན་བྱོལ་གྱི་ལམ་སྣེར་འཇུས། ཆར་ནག་འབབ་ཀྱིན་པའི་དགུན་གཞུང་ཞིག་ལ་རྒྱ་གར་བྱང་ཕྱོགས་ཇོ་མོ་གླང་མའི་རི་རྒྱུད། རྡོ་ལཱ་རི་བོའི་འདབས་ཀྱི་མཱེག་ལའོ་གྷན་ཇི་ཞེས་འབོད་པའི་རི་སྒང་དུ་ཆགས་པའི་བཙན་བྱོལ་བོད་གཞུང་གི་བསྟི་གནས། ༧སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེའི་བཞུགས་སྒར་དྷ་རམ་ས་ལར་འབྱོར།
“གསར་བརྗེའི་གནས་གཞི་ཡན་ཨན”ལ་འགྲོ་བ་ཇི་བཞིན་གྱི་ཚོར་བ་མ་ཡལ་གོང་། ཨམ་སྐད་དང་དབུས་སྐད་གཉིས་གཞི་གཅིག་གི་སྟེང་མ་ཞོག་གོང་། འཐོམ་རྒྱག་གིས་གསོག་སྒར་རམ་ཤེས་རབ་དགའ་ཚལ་གླིང་དུ་ཞུགས། ཉིན ༥༨རིང་དགོན་པའི་རྣམ་པ་ཅན་གྱི་བཙན་བྱོལ་བོད་གཞུང་གི་སློབ་གསོ་མྱངས་རྗེས། དྷ་ས་ན་ཡོད་པའི་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་དུ་རྒྱ་སྐད་སྡེ་ཚན་གསར་ཏུ་བཙུགས་པའི་ཉིན་དང་པོ་ནས་གསར་འགོད་རྒྱང་བསྒྲགས་ཀྱི་ལས་ཀར་ཞུགས་ནས་ལོ་གསུམ་ཙམ་ལ་ཞབས་ཞུ་བསྒྲུབས།
ཕྱི་ལོ ༢༠༠༢ ལོར་ཨ་རིར་ཡོང་ནས་སློབ་གྲྭར་འགྲོ་ཞོར་དུ་ཨ་རིའི་སྲིད་འཛིན་ཐོག་མ་རྗོར་རྗི ཝ་ཞིན་ཊོན་གྱི་ཕོ་བྲང་དུ་ལོ་གསུམ་རིང་མེ་ཏོག་ལྡུམ་ར་འོག་མ་གསོ་སྐྱོང་བྱས་པ་དང་། དེ་ནི་ཨ་རི་ནས་འབྲོག་པ་ཞིང་པ་རུ་གྱུར་བའི་ལོ་རྒྱུས་ཡིན།
ཕྱི་ལོ ༢༠༠༦ནས་ད་བར་དུ་ཨེ་ཞི་ཡ་རང་དབང་རླུང་འཕྲིན་ཁང་དུ་གསར་འགྱུར་འགོད་པར་གྱུར།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s