སྨན་བླ་སྐྱབས།
དགུང་ལ་ནི་སྔོན་མོ་གུར་ལ་ཕིབས་ཡོད། རོགས་ཡེ་ལ་ཆང་གསོལ་རོགས།
ནང་ལ་ནི་འབྲུག་བརྒྱ་རྡང་ལ་བཏགས་ཡོད། འཛོམས་པ་ཡག་མོ་ལོ།
བཀྲ་ཤིས་ལྷ་དར་ལགས། ཚེ་རིང་མཚོ་མོ་ཡ་ལ་རོགས་་་རོགས།
ནང་ལ་ནི་འབྲུག་བརྒྱར་འབྲི་འདང་བཞག་ཡོད། རོགས་ཡེ་ལ་ཆང་གསོལ་རོགས།
ཁྱིམ་ལ་ནི་གསེར་ཟོ་འོ་མས་བཀང་ཡོད། འཛོམས་པ་ཡག་མོ་ལོ།
བཀྲ་ཤིས་ལྷ་དར་ལགས། ཚེ་རིང་མཚོ་མོ་ཡ་ལ་རོགས་་་རོགས།
ས་ལ་ནི་དོག་མོ་མཁར་ལ་བསྐོར་ཡོད། རོགས་ཡེ་ལ་ཆང་གསོལ་རོགས།
ཞིང་ལ་ནི་གྲུ་བཞི་གཡང་ལ་བཀུག་ཡོད། འཛོམས་པ་ཡག་མོ་ལོ།
བཀྲ་ཤིས་ལྷ་དར་ལགས། ཚེ་རིང་མཚོ་མོ་ཡ་ལ་རོགས་་་རོགས།
ཞིང་ལ་ནི་གྲུ་བཞིར་རྒྱུ་འདང་བཞག་ཡོད། རོགས་ཡེ་ལ་ཆང་གསོལ་རོགས།
ནང་ལ་ནི་འབྲུ་མཛོད་འབྲུ་ཡིས་བཀང་ཡོད། འཛོམས་པ་ཡག་མོ་ལོ།
བཀྲ་ཤིས་ལྷ་དར་ལགས། ཚེ་རིང་མཚོ་མོ་ཡ་ལ་རོགས་་་རོགས།
བཀྲ་ཤིས་ལྷ་དར་ལགས། ཚེ་རིང་མཚོ་མོ་ཡ་ལ་རོགས།།
ངེད་དྲ་ཚིགས།
རྒྱ་བོད་གནད་དོན་གསལ་འདེབས་མདོར་བསྡུས་ཡག་ཐག་ཆོད་བྱས་འདུག བཀའ་དྲིན་ཤིན་ཏུ་ཆེ།
I want to buy this book. Can anyone Help?
ཐུགས་རྗེ་ཆེ། འཕྲུལ་དེབ་ཧ་ཅང་ཡག་པོ་བཟོས་གནང་འདུག
མཁྱེན་ལྡན་པ་ལགས་སུ་ཞུ་རྒྱུར། གུས་ནས་འཕྲུལ་དེབ་གཅིག་ཀྱང་ཕབ་ལེན་ཐུབ་ཀྱི་མི་འདུག་པས་ ཕབ་ལེན་ཇི་ལྟར་བྱེད་དགོས་མིན་ཐད་ལམ་སྟོན་གནང་རོགས། ཐུགས་རྗེ་ཆེ།
[…] page (no longer online) and then re-posted by Tibetan language diaspora websites Khabdha and Wokar. Tashi Rabten is from…