དྲང་པོར་བཤད་པ། ཁག་གཉིས།

 དྲང་པོར་བཤད་པ།

     གཞོན་ནུ་ཕོ་མོ་གཉིས་གཉེན་སྒྲིག་ཐོ་འགོད་ཀྱི་ལག་འཁྱེར་བླངས་ནས་ལོག་ཡོང་བའི་ ལམ་བར་དུ་ཕོ་གསར་དེས་བརྗོད་དོན། མཛེས་མ་ལགས། ངས་དྲང་པོར་ཞུས་ན། ཁ་སང་ཁྱེད་རང་ངའི་ནང་དུ་གདན་དྲངས་སྐབས་ངའི་ནང་དུ་ཡོད་པའི་མཆོད་བ᫡᪱᫥་དང་ འཁྱག་སྒམ་། དེ་བཞིན་གྲ་རྒྱས་པའི་ནང་ཆས་དེ་ཚོ་ཚང་མ་མི་གཞན་གྱི་ས་ནས་གཡར་བ་ཤ་སྟག་ཡིན། དགོངས་པ་མ་འཚོམས་ཞེས་བཤད་པར་བུ་མོ་དེས། དེར་སྐྱོན་གང་ཡང་མེད། ངས་ཀྱང་ཁྱེད་ལ་དྲང་པོ་ཞུས་ན། ད་ལྟ་གཉེན་སྒྲིག་ལག་འཁྱེར་ཐོག་བཀོད་ཟིན་པའི་མིང་དེ་ནི་ངའི་གཅེན་མོའི་མིང་རེད། ཅེས་བཤད་པས་ཕོ་གསར་དེ་ཧ་ལས་ཤིང་ཧོན་ཐོར་ནས། ཁ་ཉིན་ཁྱེད་ཀྱི་ཁྱིམ་དུ་ཡོད་པའི་བུ་མོ་མདོག་ཉེས་མ་དེ་རེད་དམ། ཞེས་བཤད་པར་བུ་མོ་དེས། འོ་ཛི་ཁྱེད་ཀྱིས་ཁོང་ལ་དེ་འདྲ་གཏན་ནས་གསུངས་མི་ཉན། ད་ལྟ་ཁོང་ནི་ཁྱེད་ཀྱི་ཁྲིམས་མཐུན་གྱི་བཟའ་ཟླ་རེད། ཅེས་བཤད་དོ། །


བཙོག་པ་གཏོང་ས་ལ་གཅིན་པ་གཏོང་ཆོག་དང་ཆོག

          བལ་ཡུལ་གྱི་རྒྱལ་ས་ཀཱཐ་མཱན་ཌུའི་ཡུལ་མི་མང་ཆེ་བས༌གཡས་གཡོན་གང་སར་གཙང་སྦྲ་ འཕྲོད་བསྟེན་ལ་དོ་སྣང་མི་བྱེད་ཅིང་། རྒྱུན་དུ་སྡོད་ཁང་གི་གཡས་གཡོན་དུ་ཡོད་པའི་རྒྱུག་ཆུ་དང་། སྲང་ལམ། ལམ་ཆེན་ལ་སོགས་གང་སར་གཅིན་པ་གཏོང་བ་དང༌། ཁ་ལུད་གཡུག་པ་དང་། གད་སྙིགས་སྤུངས་པ་སོགས་ཛར་རེ་ཛོར་རེ་བྱས་ནས་སྡོད་ཀྱི་ཡོད་སྟབས། གཞུང་གིས་བཙོག་པ་བཟོ་མི་ཆོག་པའི་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཀྱང་འགོག་ཐུབ་ ཀྱི་མེད། མི་ཞིག་གཙང་སྦྲ་འཕྲོད་བསྟེན་ཡོད་མཁན་གྱི་མི་ཚང་ཞིག་གི་ཁང་པའི་རྩར་རྒྱུན་དུ་ བཙོག་པ་གཏོང་བར་ཡོང་གི་ཡོད་པ་ཉིན་གཅིག་ཁང་བདག་དེས་མཐོང་ སྟེ། རྗེས་སུ་ང་ཚོའི་ཁང་པའི་རྩར་བཙོག་པ་གཏོང་བར་མ་ཡོང་རོགས་ཞེས་ལབ་ཀྱང་། མི་དེས་མ་ཉན་པར་ཐེངས་མང་པོ་ཁང་པ་དེའི་རྩ་ལ་བཙོག་པ་བཏང་སྟབས། བདག་པོ་དེ་ཤིན་ཏུ་ཁོང་ཁྲོ་ལངས་ཏེ།ཉིན་གཅིག་སེམས་གནག་ཅིག་བྱེད་དགོས་བསམས་ནས་ མི་དེ་ལ་སྒུག་ནས་བསྡད།མི་དེ་སྔོན་མ་ལྟར་དེར་སླེབས་ནས་བཙོག་པ་གཏོང་བཞིན་པའི་ སྐབས། བདག་པོ་དེས་ཁང་པའི་ཐོག་ཁ་ནས་མི་དེའི་མགོ་བོའི་ཐོག་ལ་གཅིན་པ་བཏང༌། བཙོག་པ་གཏོང་མཁན་གྱི་མི་དེ་སྐད་ངན་ཤོར་ཏེ། ངའི་མགོ་ལ་གཅིན་པ་བཏང་ནས་ག་རེ་བྱེད་ཀྱི་ཡོད། ཅེས་ལབ་པར་ཁང་བདག་དེས་ཧ་མ་གོ་མདོག་མདོག་བྱས་ཏེ། ངའི་གཅིན་པ་གཏོང་སའི་ས་ཆ་ལ་ཁྱེད་རང་སླེབས་ཡོད་པ་མཐོང་མ་བྱུང་ལབ་པར། བཙོག་པ་གཏོང་མཁན་དེས་ཧམ་པ་ཚ་པོས། འདིར་གཅིན་པ་གཏོང་ཆོག་གི་རེད་དམ་ལབ་པར། ཁང་བདག་དེས། བཙོག་པ་གཏོང་ས་ལ་གཅིན་པ་གཏོང་ཆོག་དང་ཆོག ལབ་པར་མི་དེ་གང་ལབ་འདི་ལབ་མེད་པར་ཁ་གདངས་ནས་སྡོད་དགོས་བྱུང་བ་རེད།

ཡོང་ཁུངས་གཞན།  ཡི་གེ་བ་ཡི་གེ་བ་གྲུ་ལྷོ་སྐལ་བཟང་ཕུན་ཚོགས།

1 Comment on དྲང་པོར་བཤད་པ། ཁག་གཉིས།

  1. བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སླད་མཚར་གཏམ་ཁག་བརྒྱུད་བསྒྲགས་གནང་བར་ཐུགས་རྗེ་ཆེ།

    Like

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google photo

You are commenting using your Google account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s