ཡོང་ཁུངས་བོད་ཀྱི་བང་ཆེན།

ད་ལོའི་ཕྱི་ཟླ་༥ པ་ནས་བཟུང་ཤིན་ཅང་དུ་ཁྱོན་མི་༨༠༠ ལྷག་འཇིགས་སྐུལ་རིང་ལུགས་པའི་ཉེས་མིང་འོག་འཇུ་བཟུང་བྱས་ཡོད་པ་དང་། དེའི་ཁྲོད་ཀྱི་མང་ཤོས་ཤིན་ཅང་གི་ཡུ་གུར་མི་རིགས་ཡིན་པ་རེད།
ཟླ་ འདིའི་ཕྱི་ཚེས་༡༥ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ༢༠༠༩ ལོར་ཤིན་ཅང་གི་རྒྱལ་ས་ཨུ་རུ་མུ་ཆིས་སུ་མི་རིགས་ཟིང་འཁྲུག་གི་དཀའ་རྙོག་བྱུང་ པ་ནས་བཟུང་། རྒྱ་ནག་གཞུང་གིས་ལྷིང་འཇགས་མེད་FF5པའི་ཤིན་ཅང་གི་ནུབ་བྱང་ས་ཁུལ་དུ་དྲག་གནོན་ བྱས་ཡོད་ཅིང་། ད་ལོའི་ཕྱི་ཟླ་༥ པའི་ནང་མི་༢༠༠ བརྒལ་བ་འཇུ་བཟུང་བྱས་པ་དང་། རྒྱ་ནག་གཞུང་གིས་ལོ་གཅིག་གི་དུས་ཚོད་ནང་འཇིགས་སྐུལ་རིང་ལུགས་ལ་རྒོལ་རྡུང་ གི་ལས་འགུལ་ཟེར་བ་སྤེལ་བའི་ཟླ་གཅིག་རིང་། ཕྱི་ཟླ་༥ པའི་སྨད་དང་༦ པའི་ཟླ་སྨད་ཀྱི་བར། ས་གནས་ཁྲིམས་ཁང་གིས་ཕྱིར་བསྒྲགས་བྱས་པ་ལྟར་ན། མི་༣༨༠ འཇུ་བཟུང་བྱས་པ་དང་༣༡༥ ལ་ཁྲིམས་བཤེར་བྱས་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་སྔོན་མའི་ནང་ཤིན་ཅང་དུ་བྱུང་བའི་ཟིང་འཁྲུག་གི་སྐབས་སུ། ཡུ་གུར་རིགས་༢༧༠ ལ་ཉེ་བ་འཇུ་བཟུང་བཀག་ཉར་བྱས་ཡོད་པ་དང་། གཞུང་ཕྱོགས་ནས་བརྗོད་པ་ལྟར་ན། ཟིང་འཁྲུག་ནང་མི་༡༠༠ ལྷག་འདས་གྲོངས་སུ་གྱུར་ཡོད་པའི་ཁྲོད། ས་གནས་ས་ཐོག་རང་དུ་ཉེན་རྟོག་པས་དམར་གསོད་བཏང་བའི་འཇིགས་སྐུལ་རིང་ལུགས་པའི་ དོགས་གཞི་ཅན་གྱི་ཡུ་གུར་བ་༥༩ ཚུད་ཡོད་པ་རེད།
འཛམ་གླིང་ཡུ་གུར་འཐུས་ཚོགས་ཀྱི་མགྲིན་ཚབ་པ་ཏི་ལི་ཞ་ཐི་ཡིས་བརྗོད་དོན། “ང་ཚོའི་གནས་ཚུལ་ཡོང་ཁུངས་ལ་གཞིགས་ན། ད་ལོའི་ཕྱི་ཟླ་༥ པ་ནས་བཟུང་ད་ལྟའི་བར་མི་༡༠༠༠ ལྷག་རྒྱ་གཞུང་གིས་འཇུ་བཟུང་བྱས་ཡོད་པ་དང་། གྲངས་ཀ་དེ་ནི་ཉུང་མཐའ་ནས་ཚོད་དཔག་བྱས་པ་ཙམ་ཡིན་པ་ལས། དོན་དངོས་ཀྱི་གྲངས་ཀ་དེ་ལས་མང་བ་ཡོད་སྲིད་པ་ཞིག་རེད།”
དེ་བཞིན་མགྲིན་ཚབ་པ་དེས་བརྗོད་པ་ལྟར་ན། རྒྱ་ནག་སྲིད་གཞུང་གིས་ཤིན་ཅང་ས་ཁུལ་དུ་འཇིགས་སྐུལ་རིང་ལུགས་ལ་རྒོལ་རྡུང་གི་ མིང་ཐོག་ནས་ཡུ་གུར་མི་རིགས་ལ་ཕྱོགས་ཡོངས་ནས་བཙོན་གནོན་བྱེད་བཞིན་པ་དང་། ད་ལྟའི་ཤིན་ཅང་ས་ཁུལ་གྱི་གནས་སྟངས་ནི་དམག་ས་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་ལས། དྲང་བདེན་དང་འདྲ་མཉམ་གྱི་ཚོར་སྣང་ཞིག་སླེབས་མི་ཐུབ་པ་མ་ཟད། སོ་སོའི་རང་ཁྱིམ་དུའང་བདེ་འཇགས་ཀྱི་ཚོར་སྣང་མེད་པ་རེད།
ལོ་སྔོན་མའི་ཕྱི་ཟླ་༣ པའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་སྲིད་དབང་བཟུང་བ་ནས་བཟུང་། ཤིན་ཅང་ས་ཁུལ་དུ་དྲག་པོའི་ཟིང་འཁྲུག་གི་དོན་རྐྱེན་རྒྱུན་ཆད་མེད་པར་བྱུང་ ཡོད་པ་རེད།།

དཔྱད་མཆན་སྤེལ།

%d bloggers like this: