རྩོམ་པ་པོ། དམངས་ཁྲོད།

ཨ་ཁུ་པད་མ་ཡེ། །
རྒོད་ཐང་དཀར་དུང་གི་སྐེ་རྒྱན་ཅན། །
ཨ་ཁུ་པད་མ་ཡེ། །
རྒོད་ཐང་དཀར་དུང་གི་སྐེ་རྒྱན་ཅན། །
ཡར་འཕུར་ན་དགུང་གི་རྒྱན་ཞིག་རེད། །
ཡར་འཕུར་ན་དགུང་གི་རྒྱན་ཞིག་རེད། །

ཨ་ཁུ་པད་མ་ཡེ། །
མར་བབས་ན་བྲག་རིའི་སྐྱིད་ཅིག་རེད། །
ཨ་ཁུ་པད་མ་ཡེ། །
མར་བབས་ན་བྲག་རིའི་སྐྱིད་ཅིག་རེད། །
ཁྱོད་མེད་ན་བྲག་ཐེམ་སྟོང་བ་རེད། །
ཁྱོད་མེད་ན་བྲག་ཐེམ་སྟོང་བ་རེད། །

ཨ་ཁུ་པད་མ་ཡེ། །
བྱ་ངང་པ་གསེར་གྱི་ཕྲེང་བ་ཅན། །
ཕར་སོང་ན་སྤང་རིའི་རྒྱན་ཞིག་རེད། །
ཨ་ཁུ་པད་མ་ཡེ། །
བསྐྱུར་བཞག་ན་མཚོ་མོའི་སྐྱིད་ཅིག་རེད། །
ཁྱོད་མེད་ན་མཚོ་ཁ་སྟོང་པ་རེད། །

ཨ་ཁུ་པད་མ་ཡེ། །
སྟག་ཤར་དུང་གི་སོ་སྒོ་ཅན། །
ཕར་སོང་ན་སྡེ་པའི་རྒྱན་ཞིག་རེད། །
ཨ་ཁུ་པད་མ་ཡེ། །
ཚུར་ཡོང་ན་ན་ཟླའི་སྐྱིད་ཅིག་རེད། །
ཁྱོད་མེད་ན་ཡིད་སེམས་སྟོང་པ་རེད། །
ཁྱོད་མེད་ན་ཡིད་སེམས་སྟོང་པ་རེད། །
ཁྱོད་མེད་ན་ཡིད་སེམས་སྟོང་པ་རེད། །

ཡོང་ཁུངས་དྲ་བ་གཞན།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading