August ༡༨, ༢༠༡༤

ལོ་རྒྱུས། -0 Minutes

སྤུ་རྒྱལ་བཙན་པོའི་དུས་ཀྱི་ཁྲིམས་དང་སྒྲིག་གཞི།

སྤུ་རྒྱལ་བཙན་པོའི་དུས་ཀྱི་ཁྲིམས་དང་སྒྲིག་གཞི། ཐུབ་བསྟན་ཕུན་ཚོགས།  ཁྲིམས་དང་ལས་ཀའི་སྒྲིག་གཞི་ནི་དབང་སྒྱུར་གྲལ་རིམ་གྱིས་གཞན་ལ་དབང་སྒྱུར་བྱེད་པའི་གལ་ཆེ་ཤོས་ཀྱི་ལག་ཆ་ཞིག་རེད། རྒྱལ་ཁབ་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་རང་རང་གི་དགོས་མཁོ་དང་བསྟུན་པའི་ཁྲིམས་དང་ལས་ཀའི་སྒྲིག་གཞི་རེ་ཡོད་པ་གོར་མ་ཆག ཡིན་ནའང་རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐབས་ཀྱི་ཁྲིམས་དང་ལས་ཀའི་སྒྲིག་གཞི་གསལ་པོར་འཁོད་པའི་ཡིག་ཆ་ཤིན་ཏུ་རྙེད་དཀའ་བས། སྐབས་དེའི་གནས་ཚུལ་གསལ་པོར་བཤད་མ་ཐུབ་ནའང༌། ལྡེའུ་ཇོ་སྲས་ཀྱི་མཛད་པའི <<ལྡེའུ་ཆོས་འབྱུང་>>ལས། “དེ་ནས་ཡུམ་བུ་བླ་སྒང་དུ་གཤེགས་ཏེ། ཡེ་ནས་མཐོ་བ་ལ། ཕྱག་ཚང་ལྷོ་དང་སྙགས། དེ་ནས་ཕྱིང་བ་སྟག་རྩེར་བྱོན་ཏེ་དར་དཀར་གྱི་ཡོལ་བ་དགུ་རིམ་བགྱིས་ནས། བླའི་སྐུ་ཡ་རབས་རྣམས་ཀྱིས་བསྐོར་ནས། གཙུག་ལག་གི་ཐང་ཁྲིམས་ནི་ལྷའི་ལུགས། སྒྲུང་དང་ལྡེའུའུ་ཙམ་ནི་བྱུང༌། དགོངས་པ་འཕྲུལ་གྱི་རས་ཆགས་པས། གསང་གྲོས་རྣམ་གསུམ་གྱིས་ཕྱི་ནང་གི་དམིགས་ཕྱེ། མི་ལ་ཆད་རྣམ་གཉིས་དང་བཞེད་རྣམ་ལྔས་བོད་ཀྱི་ཁྲིམས་བཅས། ཡིག་ཚང་སྡེ་དགུ་དང་དཔའ་མཚན་རྣམ་བརྒྱད་བཀའ་རིམ་པར་གནང་སྟེ། འཛམ་བུ་གླིང་ན་མཐའ་བཞིའི་རྒྱལ་པོ་བཞིས་ཡང་དཔྱ་འབུལ་ལོ”ཞེས་པའི་ཚིག་དོན་ལ་ཅུང་ཟད་དཔྱད་ན། རྒྱལ་པོ་གཉའ་ཁྲི་བཙན་པོས་ཐོག་མར་བོད་ཁམས་དབང་དུ་བསྡུས་ནས། རང་གི་མཆན་ཁེངས་སམ་དཔུང་རོགས་གཙོ་བོའི་མི་གཉིས་བསྐོ་བཞག་གནང་བ་ལ་ཕྱག་ཚང་ཞེས་པའི་མཚན་གྱི་གོ་གནས་གནང༌། དེ་ནས་རྒྱལ་སྲིད་སྐྱོང་བ་ལ་མེད་དུ་མི་རུང་བའི་ཁྲིམས་དང་ལས་ཀའི་སྒྲིག་གཞི་བཅའ་བའི་དགོས་པ་གཟིགས་ནས་རང་གི་ནང་བློན་ཆེ་རྒུ་རྣམས་དང་ལྷན་ཅིག་ཏུ་ཕྱིང་བ་སྟག་རྩེར་ཕེབས་ཏེ་གསང་རྒྱའི་སྒོ་ནས་ཁྲིམས་དང་ལས་ཀའི་སྒྲིག་གཞི་བཅོས་ཡོད་པ་གསལ་ཏེ། དར་དཀར་གྱི་ཡོལ་བ་དགུ་རིམ་བགྱིས་ཞེས་པའི་ཚིག་དོན་ལ་དཔྱད་ན། རྒྱལ་པོ་གཙོས་པའི་སྐུ་འཁོར་མཐོ་རིགས་རྣམས་ཀྱིས་ཕྱིང་བ་སྟག་རྩེར་གནས་བཅས་ཏེ་ཁྲིམས་ཡིག་དང་སྒྲིག་གཞི་བཟོ་བ་ལ། བློན་པོ་རྣམས་ཀྱིས་ཕྱི་ནས་རིམ་པར་བསྲུངས་ཏེ་གཞན་གྱི་འགྲུལ་ལམ་འགོག་གིན་ཡོད་ པའི་དོན་དུ་ངེས་ཏེ། དགུ་རིམ་མམ་རིམ་པ་དགུ་ཞེས་པ་ནི་རང་རེ་བོད་ཀྱི་ཁ་སྐད་ཀྱི་གོམས་སྲོལ་དུ་ཤིན་ ཏུ་ནན་པོའི་སྒོ་ནས་དམ་རྒྱ་བྱས་པའི་དོན་སྟེ། དཔེར་ན་རྒྱལ་རིམ་པ་དགུ་བཏབ།མནའ་ཐེངས་མ་དགུ་ལ་བསྐྱལ་ཅེས་པ་ལ་སོགས་ལྟར་རོ།།༡ ༽  ལས་ཀའི་སྒྲིག་གཞིའི་སྐོར།     སྲིད་ཀྱི་ཇུས་གཞི་འགོད་པའི་སྒྲིག་གཞི་མཐོ་ཤོས་ལ་གསང་གྲོས་རྣམ་གསུམ་ཟེར། དེའི་ལས་འགན་གཙོ་བོ་ནི་རྒྱལ་ཁབ་ཡོངས་ཀྱི་ཆབ་སྲིད་དང༌།...
དེ་ལས་མང་པ།
གཞས་ཚིག -0 Minutes

ཐོན་མིའི་ང་རྒྱལ་གྱི་གླུ།

ཐོན་མིའི་ང་རྒྱལ་གྱི་གླུ། ཚིག  ཐོན་མི་སམ་བྷོ་ཊ། ང་དྲིན་ཅན་གྱི་སློབ་དཔོན་ཐོན་མི་ངས། །ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ། །ལུས་ཚ་གྲང་ཆེ་ཡང་དཀའ་བ་སྤྱད། །ཁོང་མཁས་པ་བྲམ་ཟེ་ལི་བྱིན་ལ། །ཡིད་གུས་པའི་ཚུལ་གྱིས་མོས་གུས་བྱས། ། ནོར་རིན་ཆེན་གསེར་གྱི་ཕྱག་རྟེན་ཕུལ། །དོན་རྙེད་པར་དཀའ་བའི་ཡིག་འབྲི་བསྟན། །བློ་ཐེ་ཚོམ་སེལ་བའི་འཛུབ་ཁྲིད་བྱས། །ཚིག་དབྱངས་ཡིག་རྣམས་ལ་མཁས་པར་སྦྱངས། ། རྒྱ་ཡིག་ལྔ་བཅུ་ཐམ་པ་དེ། །བོད་ཡིག་སུམ་བཅུར་གཏན་ལ་ཕབ། །རང་མཁས་པའི་ངེས་ཤེས་བློ་ལ་ཤར། །འཕྲལ་ཡོན་ཏན་ཐམས་ཅད་ཁོང་དུ་ཆུད། ། དུས་ད་ལྟ་དགའ་ལ་ཕྱི་མ་སྐྱིད། །ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར། །མི་མཁས་པ་སླེབས་པའི་སྔོན་མ་ཡིན། །ང་མུན་པ་སེལ་བའི་སྒྲོན་མེ་ཡིན། ། རྗེ་རྒྱལ་བོ་ཉི་ཟླའི་ཚུལ་དུ་བཞུགས། །གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད། །བོད་ཁ་བ་ཅན་གྱི་མི་རྣམས་ལ། །ང་ཐོན་མི་བཀའ་དྲིན་མི་ཆེའམ། ། ཡོང་ཁུངས་དྲ་བ་གཞན།...
དེ་ལས་མང་པ།
རྩོམ་ཡིག སྙན་ངག -0 Minutes

བཅོམ་ལྡན་འདས་དྲི་མ་མེད་པ་ལ་ཕྱག་འཚལ། བོད།

བཅོམ་ལྡན་འདས་དྲི་མ་མེད་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། བན་ཤུལ་དཔའ་མཁར། དྲི་མེད་ཡེ་ཤེས་སྤྱན་ལྡན་གང་།། གང་དུ་བཞུགས་པ་མ་ཚོར་ཡང་།། ཕྱོགས་བཞིར་མུན་པ་འཛིང་བའི་ཚལ།། ལྗོན་པའི་འོག་ཏུ་ངལ་བས་བཙལ།། རྐང་འོག་རྡུལ་ཡང་ངལ་བྱེད་པའི།། འཁོར་བའི་ལས་འདི་སྨུག་པ་ཙམ། གང་དུ་འཐིབ་པའི་ཕྱོགས་དེ་ན།། ངལ་བའི་སྨིག་རྒྱུ་རྒྱུགས་པར་ངེས།། རྟག་དང་མི་རྟག་མི་ཚེ་ཚད།། མཚན་སྨག་ཀློང་གི་གློག་འགྱུ ཙམ།། སྐད་ཅིག་ཙམ་ལ་རྫོགས་པ་སྟེ།། ཆུད་དུ་ཟ་བ་ཕངས་བའི་གནས།། ཞེ་འདོད་གླང་ཆེན་ཙམ་ཞིག་ལ།། བརྩོན་པ་རྡེའུ་ཙམ་འཇོག་པ།། ཆོས་ཉིད་ལྡོག་པའི་ཐབས་ལོག་ཙམ།། སྲིད་འདིར་འབྲས་བུ་འབྱུང་བ་དཀའ།། གཞན་གྱི་འཛམ་བུ་གསེར་མའི་ཟོང་།། མིག་གིས་བཟོད་པར་དཀའ་བ་ནི།། སེམས་ཕུགས་ཕྲག་པ་དོག་པ་སྟེ།། རྨ་ཡིས་ཟིན་པའི་སྦལ་བ་བཞིན།། ང་རྒྱལ་དབུགས་ཀྱི་ལྒང་བུ་ཡིས།། ཕ་བོང་ཐེག་པར་དཀའ་བ་སྟེ།། ཞི་དུད་འཇག་མ་ཁེར་སྐྱེས་ཀྱིས།། གོར་མ་ཕུག་མ་མཐོང་ངམ།། ཕྱི་ལོ་༢༠༡༤    ༨   ༡༧ལ་ལྷ་སར་སེམས་ཚོར་ཆང་གིས་བསླད་ནས་ཤར་མར་བྲིས། ངེད་དྲ་ཚིགས།...
དེ་ལས་མང་པ།
ངེད། -0 Minutes

རས་པ།

རས་པ། ཕྱི་ལོ་ ༡༩༨༣ ལོར་ཨ་མདོ་རེབ་གོང་ཀླུ་ཚང་ཞེས་པའི་གྲོང་སྡེར་སྐྱེས། སྔ་ཕྱིར་རེབ་གོང་དང་། ལན་ཀྲུ།  ལྷ་ས་བཅས་སུ་གནའ་དེང་རྩོམ་རིག་གི་སྐོར་ལ་སློབ་སྦྱོང་བྱས།  གཞུང་སྒེར་དུས་དེབ་དང་ཚགས་པར་ཁག་ཏུ་རྩོམ་ལུས་སྣ་མང་གི་རྩོམ་ཡིག་འགྲེམས་སྤེལ་དང།  ཕྱི་ལོ་ ༢༠༠༥ ལོ་མཇུག་<<ཁེར་རྐྱང་གི་འཁྲུལ་བཞུད་>>ཅེས་པའི་སྙན་ངག་གི་དེབ་ཟི་ལིང་ཞབས་དཀར་སློབ་གསོ་དར་སྤེལ་ཁང་ནས་གཙོ་གཉེར་གྱིས་དཔར་བསྐྲུན་བྱས། ཕྱི་ལོ་ ༢༠༡༢ ལོར་<<མེར་བསྲེགས་ཀྱི་གཏན་ཚིགས་>>ཞེས་པའི་སྲིད་དོན་དཔྱད་ཞིབ་དེབ་དཔར་དུ་བསྐྲུན། ཕྱི་ལོ་ ༢༠༡༤ ལོར་སྙན་ངག་དེབ་<<སྐྱ་པར་>> ལྗང་རླུང་དཔེ་ཚོགས་གྲས་སུ་དཔར་དུ་བསྐྲུན། ཕྱི་ལོ་ ༢༠༠༦ ནས་ ༢༠༡༣ བར་དུ་བཀའ་ཤག་ལོ་རྒྱུས་འབྲི་རྩོམ་ཚན་པར་བོད་ཀྱི་ཉེ་རབས་གཞུང་ཡིག་ཡིག་ཚགས་ཉམས་ཞིབ་དང་། ཡིག་མཛོད་ཡིག་ཚགས་གསོག་ཉར་གྱི་རྒྱུ་ཆར་དཀར་ཆག་བཟོ་བའི་ལས་ཀ་ཞུས་བཞིན་པ་དང་འོད་དཀར་དྲ་ཚིགས་ཀྱི་རྐང་འཛིན་རྩོམ་པ་པོ་ཡིན། ཕྱི་ལོ་ ༢༠༡༤ ལོའི་སྙན་ཚོམ། ༡༽ མུན་ནག་དང་མིག འཇིག་རྟེན་དུ་མ་སླེབས་པའི་སྔོན་དུ། སུ་ཞིག་གིས་མུན་ནག་གི་ཐ་སྙད་གང་ལ་སྦས་ཡོད་དམ། དཀར་ངོགས་ཆེས་ཆེར་ཡོད་པའི་ས་གཞིའི་ངོས་ནས། ག་ལེར་ནར་སོན་ཞིང་།  གོམས་པར་གྱུར་ཚེ།...
དེ་ལས་མང་པ།
ངེད། -0 Minutes

བེ་རི་འཇིགས་མེད་དབང་རྒྱལ།

སྙན་ངག་པ་བེ་རི་འཇིགས་མེད་དབང་རྒྱལ། རྩོམ་པ་པོ་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་ལགས། ཡབ་ཆེན་མཁས་དབང་བློ་བཟང་དོན་འགྲུབ་ཀྱི་དྲུང་ནས་བོད་ཀྱི་ཐ་སྙད་རིག་གནས་ལ་སྦྱངས་པ་མཛད་ཅིང་། རྒྱའི་སློབ་གྲྭ་འབྲིང་བ་ལས་སློབ་ཐོན་བྱས།  ཀླུ་སྦྱིན་དགེ་བཤེས་ཆེན་མོའི་དྲུང་ནས་ཕར་ཕྱིན་གྱི་གཞུང་དང་ལམ་རིམ་སོགས་ལ་སློབ་གཉེར་མཛད། ༡༩༨༧་ནས་དཀར་མཛེས་དགོན་གྱི་ཆོས་རིག་གཉིས་ཀའི་དགེ་རྒན་གྱི་ཕྱག་ལས་གནང་། ༡༩༨༩་ལོར་རྒྱ་གར་དུ་ཕེབས། ༢༠༠༡ལོར་ལྡི་ལི་བོད་ཁང་ཟ་མ་ཏོག་གི་རྩོམ་སྒྲིག་ཚོགས་མི་གནང་། ༢༠༠༣ལོ་ནས་ཨ་མེ་རི་ཁའི་ཨེ་ཌི་ཨ་ན(Indiana)གཙུག་ལག་སློབ་གྲྭ་ཆེན་མོར་ལོ་རྒྱུས་རིག་པའི་ཕྱོགས་ཕེབས་དགེ་རྒན་ཆེན་མོའི་ཕྱག་ལས་གནང་།  ༢༠༠༤ལོར་གཞུང་ལུགས་རབ་འབྱམས་པའི་དགེ་བཤེས་དམ་བཅའ་བཞག ( ༢༠༠༣་ནས་ ༢༠༡༡) ལོའི་བར་དུ་སྐབས་བཅུ་གཉིས་པ་དང་སྐབས་བཅུ་གསུམ་པའི་དགེ་ལུགས་སྤྱི་འཐུས་ཀྱི་ཕྱག་ལས་གནང་། (༢༠༠༥ནས་༢༠༠༩) ལོའི་བར་དུ་ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་དུ་ ༧གོང་ས་མཆོག་གི་མཛད་རྣམ་རྩོམ་སྒྲིག་པ་དང་། ནོར་གླིང་མཐོ་སློབ་ཀྱི་དགེ་རྒན་གནང་། (༢༠༠༧་ནས་༢༠༡༡)  ལོའི་བར་དུ་ཝཱ་ཎཱ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་མཉེར་ཁང་དུ་དགོས་འོས་(B.ED)དགེ་རྒན་གྱི་ཕྱག་ལས་གནང་། (༢༠༠༦་ནས་༢༠༡༡) ལོའི་བར་དུ་ཇན་མན་བྷུན་གཙུག་ལག་སློབ་གྲྭ་ཆེན་མོ་དང་། (༢༠༠༧)  ལོར་དབྱིན་ལོན་ཨོ་སི་ཧྥོ་ཊི་གཙུག་ལག་སློབ་གྲྭ་ཆེན་མོ། ཧྥ་རིན་སི། བྷེལ་འཇམ། ཨེ་ཊ་ལི་སོགས་སུ་ཆེད་ཕེབས་གནང་ཞིང་། ཁ་ན་ཊ་བྷེ་གོ་ཀོ་ལི་བྷིང་ཡ་གཙུག་ལག་སློབ་གྲྭ་ཆེན་མོར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་དང་། ཨེ་ཊ་ལི་བི་ལོར་ན་ངྷོ་མེ་ན་དགོན་པས་གདན་ཞུས་ལྟར་ཆེད་ཕེབས་གནང་། ༢༠༡༡ལོར་ཨེ་ཊ་ལི་རུ་སེམས་ཁམས་རིག་པ་དང་སྒྱུ་རྩལ་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གསར་འཛུགས་ཀྱི་ཚོགས་མི་བྱས་མྱོང་པ་སོགས་སྔ་ཕྱིར་ཨ་རི་དང་། འཇར་མན། དབྱིན་ཇི།  ཨི་ཊ་ལི་སོགས་ནུབ་ཕྱོགས་རྒྱལ་ཁབ་མང་པོའི་ཚོགས་ཆེན་སྟེང་གདན་ཞུས་བྱུང་བ་ལྟར་ཕེབས་ནས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་དང་བོད་ཀྱི་ལོ་རྒྱུས་སློབ་ཁྲིད། ཆོས་དང་རིག་གཞུང་ངོ་སྤྲོད་སོགས་...
དེ་ལས་མང་པ།