མིང་། ཨ་འཇམ།
སྐྱེས་ཡུལ། བོད་མདོ་སྨད་ཨ་མཆོག་ཡ་རུ་རྒྱུད་ཀྱི་འབྲོག་སྡེ་ཞིག་ཏུ་སྐྱེས།
ལས་ཀ མཐོ་སློབ་རེ་ཟུང་གི་དགེ་རྒན་བྱས་པ།
བརྩམས་ཆོས།
<<མེ།>>
<<བོད་ཁམས་ཉུལ་བ།>>
<<སྙན་ངག་གི་ལམ།>>
<<མེ་ཏོག་འཚིག་རོ།>>
འོད་དཀར་དྲ་ཚིགས་ཀྱི་རྐང་འཛིན་རྩོམ་པ་པོ།
དར་ཤམ་ལ་བལྟས་པ།
འཇའ་ཚོན་སྒྲོ་རུ་བཏགས་པའི་ཚེ།།
སེམས་ཀྱི་བུ་མོ་གནམ་ལ་འཕུར།།
ཆར་དང་ཆུ་ཡི་ཐིགས་པ་ཡིས།།
དག་ཡིག་གཙང་མ་མངལ་དུ་སྦྲུམ།།
རི་རྩེ་དཔེ་རུ་བཀོད་པ་ཡི།།
སྐྲ་ལོའི་གཞུང་རྟ་མཐོ་བར་ཉུལ།།
འབྲི་དེབ་ཟུར་གྱི་ཞལ་ངོ་ན།།
རླངས་པའི་ངད་པ་ཆིལ་ཆིལ་ལྡང་།།
རྟོག་པས་ཅི་ཙམ་དེད་གྱུར་ཀྱང་།།
མཉེན་པའི་འགྱུར་བ་ཤིག་ཤིག་གདའ།།
སྤྲིན་པར་ཤེད་ཀྱིས་བརྡབ་པའི་ཚེ།།
ས་གཞི་རྦ་རླབས་ཡང་ཞིང་གཡོ།།
ལག་པ་འདི་ནི་ཡུ་བ་སྟེ།།
ཐང་གའི་ཟུར་མིག་ཡར་ལ་བཀྱགས།།
གར་མ་དེ་ནི་བཞུད་དེ་སོང་།།
བྲང་ཁ་ལྷོག་ལྷོག་ད་དུང་འགུལ།།
སྐད་ཅིག་མ་དེ་གོར་མོར་འཁྱུག།
ཚིག་འགའ་ཤལ་ལེར་དཔྱང་སོང་ངོ་།།
རྟབ་རྟབ་འགུལ་བའི་སྨྱུ་གུ་ཡང་།།
ཐར་སེ་གང་དུ་ལྷུང་སོང་ངོ་།།
ང་ཡི་མིང་ལ་ཅི་ཞིག་ཟེར།།
དེ་རིང་གནམ་ལ་འཇུ་བར་བྱས།།
མུ་ཏིག་ཁྲོམ་ཁྲོམ་འཐོར་བ་ནི།།
བདག་གི་དབྱར་གྱི་ཟིལ་བའོ།།
འཚོ་བ་འདི་ཡི་ཕ་རོལ་ན།།
ལང་ལོང་འཁྱོམ་པའི་ན་བཟའ་ཞིག།
ཡི་གེ་རེ་རེས་སྒུལ་བའི་ཚེ།།
སད་པར་དཀའ་བ་གཞི་ནས་ཚོར།།
༢༠༡༤ ༨ ༢༠ ལ།
ངེད་དྲ་ཚིགས།
རྒྱ་བོད་གནད་དོན་གསལ་འདེབས་མདོར་བསྡུས་ཡག་ཐག་ཆོད་བྱས་འདུག བཀའ་དྲིན་ཤིན་ཏུ་ཆེ།
I want to buy this book. Can anyone Help?
ཐུགས་རྗེ་ཆེ། འཕྲུལ་དེབ་ཧ་ཅང་ཡག་པོ་བཟོས་གནང་འདུག
མཁྱེན་ལྡན་པ་ལགས་སུ་ཞུ་རྒྱུར། གུས་ནས་འཕྲུལ་དེབ་གཅིག་ཀྱང་ཕབ་ལེན་ཐུབ་ཀྱི་མི་འདུག་པས་ ཕབ་ལེན་ཇི་ལྟར་བྱེད་དགོས་མིན་ཐད་ལམ་སྟོན་གནང་རོགས། ཐུགས་རྗེ་ཆེ།
[…] page (no longer online) and then re-posted by Tibetan language diaspora websites Khabdha and Wokar. Tashi Rabten is from…