ཧང་སང་བ།

ཐེངས་ཤིག་ན་ཆུང་མ་ཁག་གཅིག་གླིང་ཁ་གཏོང་བཞིན་ཕན་ཚུན་ཕོ་མོའི་འབྲེལ་ལམ་སྐོར་ གྱི་ཆོབ་དང་སྐད་ཆ་མང་པོ་ཤོད་ཀྱིན་ཡོད་པ་དེའི་ཉེ་འགྲམ་དུ། ཕོ་གཞོན་ཁག་གཅིག་ཀྱང་གླིང་ཁ་གཏོང་བཞིན་ཡོད། ཕོ་གཞོན་དེ་དག་ཕན་ཚུན་ཆོབ་སྐུལ་ནས་གད་མོ་ཁ་བཙུམ་མི་ཐུབ་པར་གད་བཞིན་དགའ་ སྐྱིད་ལྡན་པའི་སྤྲོ་སྐྱིད་གཏོང་བཞིན་པ་དེ་བུ་མོ་དེ་ཚོས་མཐོང་བ་དང་། ཚེ་དབྱངས་ཀྱིས། “གྲོགས་མོ་ཚོ། ཕོ་གསར་ཕ་ཚོ་གད་མོ་ཞེ་དྲག་ཤོར་ཁ་བྱེད་ཀྱི་འདུག ཁོ་ཚོ་སྐད་ཆ་ག་རེ་འདྲ་ཞིག་ཤོད་ཀྱིན་ཡོད་དམ།” ལབ་པར། གཡུ་སྒྲོན་གྱིས། “ཁོ་ཚོ་ལ་གཞན་དག་སྐད་ཆ་གང་ཤོད་རྒྱུ་ཡོད་ རེད། ད་ལྟ་ང་ཚོ་ག་རེ་ཤོད་ཀྱིན་ཡོད་པ་འདི་ནང་བཞིན་ཁོ་ཚོ་ཡང་ཤོད་ཀྱིན་ཡོད་ཤག་རེད།” ལབ་པས། ཚེ་དབྱངས་ལམ་སེང་ཧང་སང་མདོག་ཁ་པོའི་ཐོག་ནས་རང་ཉིད་ཀྱི་ལག་པ་གཉིས་རྡེབ་བཞིན་ དུ། “འོ་ཛི་དཔེ་ལ་ཨང་། བུ་ཟེར་བ་དེ། དངོས་གནས་ངོ་ཚ་མེད་མཁན་ཞེའོ་ཞིག་ཡིན་པ་འདྲ། ཁོ་ཚོ་ཡང་ང་ཚོ་ནང་བཞིན་འདི་འདྲ་ཤོད་ཀྱི་ཡོད་པ་འདྲ་འདུག” ཅེས་ལབ་པ་རེད།


སྤར་ཟིན་པའི་ཙག་སྒྲ

ཉིན་གཅིག་རྒན་བསྟན་འཛིན་ལགས་ནས་ཁོང་རང་གི་དགེ་ཕྲུག་སྐད་བཏང་སྟེ། “ཝ་ཡེ་བསམ་གྲུབ། ཙག་སྒྲ་སྒམ་ཆུང་ཁ་ཤས་ཉོས་ཤོག་དང་། འོན་ཀྱང་ནང་ལ་མ་འཁྱེར་གོང་འབར་གྱི་ཡོད་མེད་ཡག་པོ་བལྟ་དགོས”ཞེས་ལབ་སྟེ་བཏང་ བ་རེད། དེ་ནས་ཁོ་ཚུར་འཁོར་ནས་རྒན་ལགས་ལ་ཙག་སྒྲ་རྣམས་ཕུལ། རྒན་ལགས་ཀྱིས་འབར་གྱི་ཡོད་མེད་གཟིགས་སྐབས་ཙག་སྒྲ་ཚང་མ་སྤར་ཚར་བ་ཤ་སྟག་ཡིན་ པ་ཤེས་པ་དང་ལམ་སེང་། “ཁོ་རེ་བསམ་གྲུབ། ད་གིན་ངས་ག་རེ་ལབ་བྱུང་ངམ། ད་ལྟོས་དང་ཙག་སྒྲ་འདི་ཚོ་ཚང་མ་སྤར་ཟིན་པ་ཤ་སྟག་རེད་འདུག” ཅེས་གཤེ་གཤེ་ཚད་མེད་གཏོང་སྐབས་བསམ་གྲུབ་ ཀྱིས། “འོ་ཛི་རྒན་ལགས། ད་ཡིན་ཉིད་ཀྱིས་ནང་ལ་མ་འཁྱེར་གོང་འབར་གྱི་ཡོད་མེད་བལྟ་དགོས་གསུངས་བྱུང་བ་ བཞིན་ངས་ཚུར་ལོག་ཡོང་སྐབས། ཙག་སྒྲ་རྐང་རེ་རེ་བྱས་ནས་འབར་གྱི་ཡོད་མེད་ལྟ་ཡིན་ལྟ་ཡིན་ཡོང་བས་ཚང་མ་འབར་ གྱི་འདུག”ལབ་པར་རེད།

ཡོང་ཁུངས་གཞན།  ཡི་གེ་བ་གྲུ་ལྷོ་སྐལ་བཟང་ཕུན་ཚོགས།

དཔྱད་མཆན་སྤེལ།

%d