གསར་འགོད་པ་འབྲོག་མྱི། ཟླ་བ་འདིའི་ཕྱི་ཚེས་༢༠འི་ཉིན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང༼གཤམ་དུ་བོད་ཀྱི་མི་ཐོབ་ཅེས་བཀོད་རྒྱུ་ཡིན༽ གིས་བརྟག་དཔྱད་སྙན་ཐོ་ཞིག་སྤེལ་ནས། ཕྱི་ལོ་༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས། རྒྱ་གཞུང་གི་དམག་མིས་མེ་མདའ་སྦག་སྦག་བཀོལ་ནས་བོད་མི་དམར་གསོད་བྱས་ཚུལ་བདེན་ དཔང་བྱས་ཡོད་པ་མ་ཟད། རྒྱ་ནག་དེང་གཞུང་གི“མེ་མདའ་གཏན་ནས་བརྒྱབ་མེད”ཅེས་པའི་རྫུན་གཏམ་གྱི་ཞབས་བརྟོལ་ཡོད་པ་རེད། བོད་ཀྱི་མི་ཐོབ་ཀྱི་སྙན་ཐོ་དེའི་ནང་། ཉེ་ལམ་ལྟེ་གནས་ཁང་དེར་ལྷ་ས་གྲོང་ཁྱེར་ཉེན་རྟོག་ལས་ཁང་གི་གསང་བའི་ཡིག་ཆ་ཞིག་རེག་པ་དང་། གསང་བའི་ཡིག་ཆ་དེའི་ནང་། ཕྱི་ལོ་༢༠༠༨ལོའི་ཟླ་༣པར། ལྷ་ས་ནུབ་རི་རོ་ཁང་དུ་བཞག་པའི་རྐྱེན་དབང་དུ་ཤི་བའི་མིང་ཐོ་དང་ལྷ་ས་གྲོང་ཁྱེར་ཉེན་རྟོག་ལས་ཁང་གིས་རྐྱེན་དབང་དུ་ཤི་བའི་ཕུང་བོ་བཞིར་ཞིབ་དཔྱད་བྱས་པའི་གསལ་འབྱེད་ཡིག་ཆ་བཅས་འདུས་ཡོད་ཅིང་། གསང་བའི་ཡིག་ཆ་དེས་རྒྱ་གཞུང་གི་དམག་མིས་བོད་མི་ཞི་བའི་ངོ་རྒོལ་རྔམ་སྟོན་པ་ ཚོར་མེ་མདས་བརྒྱབ་ནས་བསད་པའི་དོན་དངོས་གནས་ཚུལ་བདེན་དཔང་བྱས་ཡོད་འདུག བོད་ཀྱི་མི་ཐོབ་ཁང་གི་ཉམས་ཞིབ་པ་ཚེ་རིང་རྒྱལ་ལགས་ཀྱིས། ཕྱི་ ལོ་༢༠༠༨ ལོར་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་ངོ་རྒོལ་ལས་འགུལ་ལངས་སྐབས། སྐབས་དེའི་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བྱམས་པ་ཕུན་ཚོགས་ཟེར་བ་དང་། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཆིན་ཀང་། རྒྱ་ནག་སྤྱི་བདེ་ལྷན་ཁང་གི་མགྲིན་ཚབ་པ་ཏེན་ཧྭོས་མེན་བཅས་ཀྱིས་གསར་འགྱུར་སྨྱན་བྱད་ཁག་ལ་ཡང་དང་ཡང་བསྐྱར་དུ་“ཐེངས་ འདིའི་གཏོར་བཅོལ་ལས་འགུལ་ཐག་གཅོད་བརྒྱུད་རིམ་དུ། ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པས་དྲག་པོའི་ལག་ཆ་གཅིག་ཀྱང་བཀོལ་སྤྱོད་བྱས་མེད་ལ། མེ་མདའ་གཏན་ནས་བརྒྱབ་མེད”ཅེས་ བསྒྲགས་ཡོད་མོད། འོན་ཀྱང་། བོད་ཀྱི་མི་ཐོབ་ལ་རེག་པའི་གསང་བའི་ཡིག་ཆ་དེའི་ནང་གསལ་བ་ལྟར་ན། ལྷ་ས་ནུབ་རི་རོ་ཁང་གཅིག་པུའི་ནང་ཕུང་པོ་༢༢ བཞག་པ་དང་། ཞིབ་དཔྱད་བྱས་པའི་ཕུང་བོ་བཞི་ཁར་བསྣན་ན་རྐྱེན་དབང་དུ་ཤི་བ་༢༦ཡོད་ཅིང་། ཕུང་བོ་དེ་དག་གི་ཁྲོད་བོད་མི་༡༡འདུས་པའི་མི་༡༥ནི་མེ་མདས་བརྒྱབ་ནས་བསད་པ་ཤར་སྟག་རེད། བོད་མི་༡༡ཁྲོད་ཕོ་༨དང་མོ༣ཡོད་པ་དང་།...
དེ་ལས་མང་པ།
འཛམ་གླིང་སྟེང་ཆེས་ཕུལ་དུ་བྱུང་བའི་འཕྲིན་ཡིག་དགུ།
ཁ་སྒང་གཡང་འབུམ་ཚེ་རིང་གིས་བསྒྱུར། འཕྲིན་ཡིག་དང་པོ། གནོན་ཤུགས་ཀྱི་སྐོར། སྒོ་ང་། ཕྱི་ནས་བཅགས་ན་ཟ་མ་དང་། ནང་ནས་བཅགས་ན་ཚེ་སྲོག་རེད། མི་ཚེ་ཡང་། ཕྱི་ནས་བཅུན་ན་གནོན་ཤུགས་དང་།ནང་ནས་བཅུན་ན་འཚར་ལོངས་རེད། དེས་ན་ཁྱོད་ཀྱིས་རང་ཉིད་གཞན་ཀྱིས་གཅུན་པར་བསྒུགས་པ་ཡིན་ན། ཁྱོད་མི་གཞན་པའི་ཁ་ཟས་བྱེད་པར་ཐག་ཆོད་པ་རེད་ལ། གལ་ཏེ་ཁྱོད་རང་ཉིད་ཀྱིས་ནང་སེམས་བཅུན་པ་ཡིན་ན།ཁྱོད་ཀྱིས་རང་ཉིད་ཀྱི་འཚར་ལོངས་དེ་སླར་སྐྱེ་ལྟ་བུ་ཞིག་ཡིན་པ་རྟོགས་ཐུབ། འཕྲིན་ཡིག་གཉིས་པ། ...
དེ་ལས་མང་པ།
མཁས་དབང་ཟམ་གདོང་རིན་པོ་ཆེ།
མཁས་དབང་ཟམ་གདོང་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ནི་ཕྱི་ལོ་ ༡༩༣༩ལོར་བོད་མདོ་སྟོད་སྤོམ་འབུར་སྒང་གི་ཁུངས་འཇོལ་ཀོང་རྒྱལ་གསུམ་གྱི་ནང་ཚན་འཇོལ་གྱི་སྡེར་གཏོགས་དཔལ་འཁོར་ལོ་བདེ་མཆོག་གི་གནས་ཆེན་ཧི་མྰ་ལ་ཡའི་ཁ་བ་དཀར་པོའི་ཉེ་འདབས་སུ་སྐུ་འཁྲུངས། དེ་ཡང་སྐུ་ན་ཕྲ་དུས་ནས་རྗེ་བཙུན་བློ་བཟང་འཕགས་པ་ཚུལ་ཁྲིམས་རྒྱ་མཚོའི་ཡང་སྤྲུལ་དུ་ངོས་འཛིན་བྱས་ནས་མཚན་ཡང་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ་བ་མ་ཟད། འཇོལ་བདེ་ཆེན་གླིང་དུ་སྐུ་གོང་མའི་ཁྲིར་བཞུགས་ཀྱི་མཛད་སྒོ་གཟབ་རྒྱས་གནང་། དེ་ནས་དགུང་ལོ་བཅུ་གཉིས་བཞེས་པའི་སྐབས་དབུས་ཕྱོགས་སུ་ཕེབས་ནས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་བྱེ་བའི་གླིང་དུ་ཕུ་ཁང་སྤང་སྒང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། མཁས་པའི་དབང་བོ་བློ་བཟང་གླིང་རྒྱལ་རོང་མཁན་རིན་པོ་ཆེ་རྗེ་བཙུན་འཇལ་དཔལ་བསམ་འཕེལ་མཆོག་རྣམ་གཉིས་ཡོངས་འཛིན་དུ་བསྟེན་ནས་མཚན་ཉིད་ཀྱི་གཞུང་ལ་སྦྱང་བ་མཛད། ལྷག་པར་དུ་ཁམས་གསུམ་འགྲོ་བའི་བླ་མ་༧སྐྱབས་མགོན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་དང་། སྐུ་ཡི་ཡོངས་འཛིན་རྡོ་རྗེ་འཆང་རྣམ་གཉིས་སོགས་ཚད་ལྡན་བཤེས་གཉེན་དུ་མ་རིགས་ཀྱི་ཅོད་པན་དུ་བཞེས་ནས་གཞུང་ལུགས་རྒྱ་མཚོ་ལྟ་བུར་གསན་བསམ་ཚུལ་བཞིན་མཛད། ཕྱི་ལོ་ ༡༩༥༩ ལོར་དམར་པོའི་རང་ལུགས་ཀྱིས་བོད་ས་ཁྱབ་པར་བརྟེན་ ༧གོང་ས་ཡིད་བཞིན་ནོར་བུ་སྐུ་འཁོར་དང་མཉམ་དུ་རྒྱ་གར་དུ་ཕེབས། ཕྱི་ལོ་༡༩༦༨ དང་ ༡༩༦༩ ལ་སོ་སོར་ཌལ་ཧོར་གདན་སའི་ཚོགས་སྡེ་དང་། གསང་ཆེན་རྒྱུད་སྟོད་བཅས་སུ་དགེ་བཤེས་ལྷ་རམས་འཕར་མ་དང་། སྔགས་རམས་པ་བཅས་ཀྱི་དམ་བཅའ་བཞག་སྟེ། མདོ་སྔགས་རིག་གནས་དང་བཅས་པའི་ཤེས་བྱའི་གནས་ལ་མཁས་པ་བདག་གིར་མཛད། ཕྱི་ལོ ༡༩༦༩ ནས་བཟུང་ལོ་མང་རིང་ ༧གོང་ས་ཡིད་བཞིན་ནོར་བུའི་བཀའ་དགོངས་བཞིན་སིམ་ལ་དང་། རྡོར་གླིང་། ཌལ་ཧོར་བོད་སློབ་བཅས་སུ་ཆོས་དགེ་དང་། སློབ་སྤྱིའི་འགན་བཞེས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཛིན་སྐྱོངས་སྤེལ་གསུམ་བྱས། ལྷག་པར་དུ་ཝར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་མི་ལོ་བཅུ་ཕྲག་གསུམ་གྱི་རིང་སློབ་སྤྱི་དང་ངེས་སྟོན་པའི་མཚན་གནས་འགན་བཞེས་ཀྱིས་གཙུག་ལག་སློབ་གཉེར་ཁང་འདི་ཉིད་གསར་སྐྲུན་རྒྱུན་སྐྱོང་དང་འབྲེལ་རྒྱལ་སྤྱིའི་གདིང་ཆའི་སྟེང་ཡར་ཐོན་གྱི་རྣམ་པ་ཅན་དུ་མཛད་པ་མ་ཟད། དབྱིན་ཡིག་དང་རྒྱ་གར་གྱི་སྐད་ཡིག་ལ་སློབ་གཉེར་མཐར་ཕྱིན་པ་སྦྱངས་བརྩོན་གྱིས་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ལ་ཉམས་ཞིབ་བླ་ལྷག་མཛད། དེ་བཞིན་དུ་རྒྱ་གར་རྒྱལ་ཡོངས་ནང་ཡོད་པའི་ཆེས་མཐོའི་གཙུག་ལག་ཁང་ ༢༤༠བརྒལ་བའི་འགན་འཛིན་རིགས་བདག་ལྷན་ཚོགས་ (A.L.U)...
དེ་ལས་མང་པ།
སྔོན་བྱུང་མྱོང་མེད་པའི་འཇིགས་སྐུལ་སྒྲིག་འཛུགས་ཤིག
ཁ་སང་ཨ་རིའི་རྒྱལ་སྲུང་བློན་ཆེན་ཧཱ་གྷལ་ཡིས་ཁ་ཆེའི་རྒྱལ་ཁབ་ཀྱི་དྲག་སྤྱོད་སྒྲིག་འཛུགས་ནི་སའི་གོ་ལའི་ཁྱོན་ཡོངས་སུ་དེ་སྔར་བྱུང་མྱོང་མེད་པའི་འཇིགས་སྐུལ་རིང་ལུགས་པ་ཞིག་ཆགས་ཡོད་ཅེས་བརྗོད་འདུག ཟླ་འདིའི་ཕྱི་ཚེས་༢༡ ཉིན་ཨ་རིའི་རྒྱལ་སྲུང་བློན་ཆེན་ཧཱ་གྷལ་(Hagel) ཡིས་གསར་འགོད་ལྷན་ཚོགས་ཐོག ཁ་ཆེའི་རྒྱལ་ཁབ་ཀྱི་དྲག་སྤྱོད་པར་དབང་བའི་ང་ཚོའི་ཕྱོགས་ཀྱི་ཁེ་ཕན་ཡོངས་ རྫོགས་ཨི་རག་དང་ས་ཆ་གཞན་དག་གང་ཡིན་ལ་མ་ལྟོས་པར། ཛ་དྲག་གི་འཇིགས་སྐུལ་ཞིག་ཆགས་ཡོད་ཅེས་བརྗོད་འདུག ཁ་ཆེའི་རྒྱལ་ཁབ་ཀྱི་དྲག་སྤྱོད་པས་ཨ་རག་གི་ས་ཆའི་གསུམ་ཆ་གཉིས་བཙན་བཟུང་བྱས་ཟིན་པ་དང་། གཟའ་འཁོར་འདིའི་ནང་དྲ་ཐོག་ཏུ་ཨ་རིའི་གསར་འགོད་པ་ཞིག་གི་མགོ་བཅད་པའི་བརྙན་ཐུང་ཞིག་ཕྱིར་བཀྲམ་ཡོད་འདུག གསར་འགོད་ལྷན་ཚོགས་ཐོག་སྐུ་ཞབས་ཧཱ་གྷལ་ལ་ད་ལྟ་ཨ་རིར་འཕྲད་བཞིན་པའི་ཁ་ཆེའི་རྒྱལ་ཁབ་ཀྱི་དྲག་སྤྱོད་པའི་འཇིགས་སྐུལ་དང་། ༢༠༠༢ ལོའི་༩ ། ༡༡ གཏོར་རྒོལ་དོན་རྐྱེན་སློང་མཁན་ཨལ་ཁའ་ཌ་(Al-Qaeda) དང་བསྡུར་ཐུབ་བམ་ཞེས་དྲིས་སྐབས། ཁོང་གིས་“ཁ་ཆེའི་རྒྱལ་ཁབ་ཀྱི་དྲག་སྤྱོད་སྒྲིག་འཛུགས་དེ་ནི་ང་ཚོས་སྔོན་ཆད་མཐོང་མྱོང་མེད་པའི་རྙོག་འཛིངས་ཅན་དང་དཔལ་འབྱོར་གྱི་རྒྱབ་རྟེན་མཐུག་པོ་ཡོད་པའི་སྒྲིག་འཛུགས་ཤིག་རེད་ཅེས་དང་། ཁོང་ཚོ་ནི་འཇིགས་སྐུལ་རིང་ལུགས་ཀྱི་སྒྲིག་འཛུགས་གཅིག་པུ་ཞིག་མ་ཡིན་པར། ཁོང་ཚོས་བསམ་བློའི་འཁྱེར་བཟོ་དང་རྙོག་འཛིངས་ལྡན་ལ་འཐབ་ཇུས་ཡོད་པའི་དམག་འཐབ་ཀྱི་སྟོབས་ཤུགས་ཟུང་དུ་སྦྲེལ་ཡོད་ཅིང་། དཔལ་འབྱོར་གྱི་རྒྱབ་རྟེན་ཆེན་པོ་ཡོད་པས། སྔོན་བྱུང་མྱོང་མེད་པའི་འཇིགས་སྐུལ་སྒྲིག་འཛུགས་ཤིག་རེད་ཅེས་ལན་འདེབས་བྱས་འདུག དེ་བཞིན་རྒྱལ་སྲུང་བློན་ཆེན་ཧཱ་གྷི་དང་མཉམ་དུ་གཏམ་བཤད་སྤེལ་མཁན་ཨ་རིའི་དམག་སྤྱི་ཆེན་མོ་ཞི་ཌན་ཕུ་ཞི་(Xidengpuxi) ཡིས། ང་ཚོས་དྲག་སྤྱོད་སྒྲིག་འཛུགས་དེ་ཕམ་པར་རྒྱག་ཐུབ་ཀྱང་། ལི་བྷི་ཡ་དང་ཨི་རག་གཉིས་ངེས་པར་དུ་མཉམ་ཞུགས་བྱེད་དགོས། ཌི་མ་སི་ཁི་སི་(Damascus) དང་བྷ་གྷི་ངྡ་(Baghdad) བར་གྱི་ས་ཁོངས་སུ་འཚོ་བ་སྐྱེལ་བཞིན་འོས་བསྡུའི་ཐོབ་ཐང་འཕྲོག་ཟིན་པའི་མི་མང་ ཁྲི་༢༠༠༠ ལྷག་མཉམ་དུ་ཡར་ལངས་བྱས་པ་ཡིན་ན། དྲག་པོའི་སྒྲིག་འཛུགས་དེ་ད་གཟོད་རྩ་མེད་དུ་གཏོང་ཐུབ་ཅེས་བརྗོད་འདུག། ཡོང་ཁུངས་བོད་ཀྱི་བང་ཆེན།...
དེ་ལས་མང་པ།