རང་བྱུང་སྣང་ཚུལ་སྐོར་གྱི་གབ་ཚིག                                               ལན།


༡  གཡུ་སྔོ་ལེབ་ཟངས་ཀྱི་མཛེར་མ་ཅན།                                ༡ མཚན་མོའི་ནམ་མཁའ།

༢  ཟངས་ང་གཅིག་གི་ནང་ན་གོ་རེ་དྲོད་འཁྱག་གཉིས།              ༢  ཉི་ཟླ།

༣  ག་ར་མ། གུག་རིས་མ།                                                 ༣  ཆུ་རྒྱུན།

༤  ཁ་མིག་མེད་པའི་ངུ་མཁན་མ།                                       ༤  རླུང་།
རྐང་ལག་མེད་པའི་ཐང་ཕྱགས་མ།

༥   ཨ་ཐང་ཐང་ན་རྩྭ་མེད།                                                ༥  ནམ་མཁའི་སྐར་མ།
ཨ་ཐང་ལུག་ལ་རྫི་མེད།

༦  མཛུབ་མོ་མིན་པའི་དོང་བརྐོ།                                         ༦   ཐིགས་ཆུ།

༧  རིང་ནི་ངའི་རིང་མེད།
སྟོད་དབུས་གཙང་ལ་བསྲིངས།                                           ༧  ལམ།
ཐུང་ནི་ངའི་ཐུང་མེད།
ཆུའི་ཕ་རོལ་ལ་མི་ཐོན།

༨   ང་མ་ཐུག་ཐོར་འགྲོ                                                    ༨  ཟིལ་བ།

༩   ཕྱུག་པོ་ཚང་གི་ཁྲི་ལུག་ཞོགས་ནས་སོང་།                         ༩  ནམ་ལངས་ནས་ཟླ་བ་ལུས་པ།

ཁྲོམ་རྒན་སྐྱ་ལྡིང་ཤུལ་ན་ལུས།

༡༠ མཛོ་རྒན་སྔོ་ལངས་ཞིག་ལ།།
རབ་བེ་རིབ་བེ་ཁལ་ཞིག་བཀལ་ནས།།
བཅོམ་ལྡན་འདས་ཀྱིས་སྣ་ནས་ཁྲིད།།                                  ༡༠ ནམ་མཁའི་སྤྲིན།
ཤཱཀྱ་ཐུབ་པས་རྗེས་ནས་དེད།།

༡༡  ཁེད་ཁེད་ཕ།   ཁེད་ཁེད་མ།                                        ༡༡  གནམ། ས་འབྲུག ཁངས།
ཁེད་ལ་ད་རྡོ།  ཁེད་ཕྲུག་རྒྱ་རིལ།

༡༢  རྟ་སྔོ་སྔོ་ཐིག་ལེ་སྟོང་ཅན།                                          ༡༢  མཚན་མོའི་ནམ་མཁའ།

༡༣  ཉིན་རྒྱུ་མ། མཚན་རྒྱུ་མ།                                            ༡༣  ཆུ་རྒྱུན།
སྐྱ་རིང་མ། འགྲོ་མཁན་མ།

༡༤  དུང་པོ་མཛོ་ཡི་རྭ་དང་འདྲ་ལ།
བར་དུ་དཀྱིལ་འཁོར་ཐིག་དང་འདྲ།                                    ༡༤   ཟླ་བ།
མཐའ་མར་རྐུན་མས་བརྐུས་དང་འདྲ།

༡༥   རྟ་ནག་ནག རྟ་ཁེབས་དཀར་པོ།                                 ༡༥  སྦྲ་ཐོག་གི་ཁ་བ།

༡༦   རྟ་དཀར་པོ། རྟ་ཁེབས་ནག་པོ།                                  ༡༦  དར་ལམ།

༡༧   ལྕགས་ཀྱི་ཨན་འདར་སྟེང་ལ།                                   ༡༧  ནམ་མཁའི་སྐར་མ།
དངུལ་གྱི་ཕྲ་མང་བརྒྱབ།

༡༨  སྐབས་འགར་ཟོར་བའི་དབྱིབས་དང་འདྲ།                       ༡༨   ཟླ་བ།
སྐབས་འགར་དངུལ་གྱི་སྡེར་མ་འདྲ།

༡༩   མདའ་མ་འཕངས་ལུང་བ་མདའུས་གང་།                       ༡༩   ས་ཐོག་གི་སྡོང་ལོ།

༢༠   གྱང་ཁ་ཞིག་ལ་སྡང་པོ་ཞིག                                        ༢༠     དུ་བ།
གྲི་ཡིས་མི་ཆོད་རླུང་གིས་ཆོད།

༢༡  སྨད་ནས་སྤྱང་མོས་ཁ་གདངས་ན།།                               ༢༡ སྐྱ་རེངས་ཤར།
སྟོད་ནས་གཡང་དཀར་ལུག་ཞོགས་ཀི།

༢༢ ནམ་མཁའི་ཁམས་ན་འདྲ་གསུམ་ཡོད།                          ༢༢  ཉི་ཟླ་སྐར་གསུམ་དང་འཇའ།
འདྲ་མི་འདྲ་གཅིག་དང་འདྲ་བཞི་ཡོད།

༢༣ རྒྱ་དཀར་ཆོས་ཀྱི་ཡུལ་ནས་ཞལ་གནག་ན།
དམག་དཔོན་ཉིས་མགྱོགས་ཅན་གྱིས་བརྡ་བརྒྱབ་ནས།            ༢༣  སེར་བ་བབས་པ།
དམག་མྱུར་བདེ་ལེགས་ཅན་གྱིས་ས་སྟེང་ཁྱབ།

<<འཇིག་རྟེན་ཀུན་ཏུ་དགའ་བའི་གཏམ་ངག་གི་རོལ་མཚོ>> ལས་བདམས་བཀོད་བྱས།      ངེད་དྲ་ཚིགས།  

དཔྱད་མཆན་སྤེལ།

%d bloggers like this: