དཀའ་ཐུབ་ཚེ་རིང་།

ཁོང་གི་སྙན་ངག་གཅེས་བཏུས་ཁག་དུས་དེབ་འདྲ་མིན་དང་དྲ་རྒྱ་འདྲ་མིན་བཅས་སུ་སྤེལ་ཡོད་པ་མ་ཟད། ལྷག་པར་དུ་བཙན་བྱོལ་གྱི་དབྱིན་ཡིག་གི་སྙན་ངག་གཅེས་བཏུས་(An Anthology of Tibetan Poetry in exile)ཟེར་བ་དང་ཁོང་གི་སྙན་ངག་ <<ཧི་མ་ལ་ཡའི་མཚན་མོ་>>

(Himalaya’s Night)ཟེར་བ་ཨི་ཁྲ་ལེའི་རྒྱལ་སྤྱིའི་སྙན་ངག་འགྲན་བསྡུར་གྱི་རྩོམ་བཏུས་སུ་དཔར་བསྐྲུན་བྱས་མྱོང་། ཁོང་གི་རྟོགས་འཆར་གྱི་རི་མོའི་སྙན་ངག་(otoliths) དང་ (E•ratio)དྲ་རྒྱ་སྙན་ངག་ཐོག་ཏུ་དཔར་བསྐུར་བྱས་ཡོད།  ཇན་མན་དང་བོད་ཡིག་ཐོག་བྲིས་པའི་སྙན་ངག་ཞིག(“Man fragt mich, ob ich bin”Lyrik@Migration)ཟེར་བ་ཨོ་སུ་ཀྲི་རི་ཡའི་རྩོམ་བཏུས་སུ་དཔར་བསྐྲུན་བྱས་མྱོང་། ཁོང་གི་རི་མོ་རྒྱ་གར་རྒྱ་དྲའི་རྩོམ་རིག་དུས་དེབ (THE FOUR QUARTERS MAGAZINE)ཟེར་པའི་མདུན་ངོས་པར་དུ་བཀོད་མྱོང་། ཁོང་ནི་སྙན་ངག་པ་དང་ཡིག་བསྒྱུར་བ། རི་མོ་བ་བཅས་ཡིན་ལ་ཁོང་གིས་རྒྱ་ཡིག་གི་ཞོའེ་ལིན་(Xue Ling)ཟེར་བའི་མིང་ཐོག་ཏུ་སྙན་ངག་སྤེལ་གྱིན་ཡོད་ལ།  ད་ལྟ་ཨི་ཁྲ་ལེའི་རྒྱ་྄ཁབ་ཏུ་རང་དབང་གི་རྩོམ་ཡིག་འབྲི་བཞིན་ཡོད་པ་བཅས་ལོ་རྒྱུས་མདོར་བསྡུས་སུ།  འོད་དཀར་དྲ་ཚིགས་ཀྱི་རྐང་འཛིན་རྩོམ་པ་པོ།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: