དང་པོ། རང་བྱུང་སྣང་ཚུལ་སྐོར་གྱི་གབ་ཚིག ལན།
༢༤ དམར་པོ་ཁ་གང་། སྔོན་པོ་འདོམ་གང་། ༢༤ མེ་འབར་བ།
༢༥ མཆོད་མེ་མེད་པའི་འོད་ཁང་ནས། ༢༥ དར་འོག་ཏུ་ཆུ་བཞུར་བ།
ཐར་མདོ་ཆེན་པོ་འུར་འདོན་བྱེད།
༢༦ སྤྲིན་དཀར་མིན་ལ་དུ་བའང་མིན། ༢༦ ན་བུན།
ཡུལ་ཕྱོགས་གཅིག་ཏུ་ཁེབས་ནས་ཡོད།
ཉི་མ་དགུང་ནས་ཤར་བ་ན།
རིམ་གྱིས་ཡལ་ཏེ་གར་སོང་མེད།
༢༧ གཡུ་འབྲུག་སྔོན་མོ་ཐུར་ལ་རྒྱུགས། ༢༧ ཆུ་དང་ཟམ།
རྒྱ་སྟག་དམར་པོ་འཕྲེད་དུ་ཉལ།
༢༨ ཁྱེད་རང་གང་ལ་སོང་ན། ༢༨ གྲིབ་མ།
འདྲེ་ནག་དེ་ལ་ཐོན།
༢༩ མི་རྒན་སེར་པོ་ནུབ་ཏུ་སོང་། ༢༩ ཉི་མ་ནུབ་ཏེ་སྒྲོན་མེ་བཀར་བ།
མི་ཆུང་སེར་པོས་རྒྱལ་ཚབ་བཟུང་།
༣༠ དཔོན་པོ་བློན་པོའི་སྒོ་ན་ཡོད། ༣༠ ཁང་བའི་ནང་གི་ཉི་ཐིག
སྐེ་རགས་གློ་ཆ་ཁྱིམ་ན་ཡོད།
༣༡ སྨད་ནས་རྔ་མོང་དཀར་པོས་ཁ་གདངས་ན། ༣༡ སྐྱ་རེངས་ཤར་བ།
སྟོད་ནས་ཨོ་རྒྱན་པདྨའི་རྟ་འདྲོག་གི
༣༢ རྡོ་སྔོ་ལེབ་ཐོག་གི་རྡེའི་ཁྲ་ལེབ། ༣༢ གནམ་མཁའ་དང་ཉི་མ།
༣༣ གཡུ་འབྲུག་སྔོན་མོ་ཤིང་གི་སྐེ་རགས་ཅན། ༣༣ ཆུ་ཐོག་གི་ཤིང་ཟམ།
༣༤ མགྱོགས་ནི་ངའི་མགྱོགས་ཤིག་མེད། ༣༤ ཆུ་རྒྱུན།
ལ་གྲི་རྩེ་ཙམ་ལ་ང་མི་བརྒལ།
༣༥ འབོད་མི་དགོས་རྒྱལ་པོ་འཛུམ་ཞལ་ཅན། ༣༥ ཉི་མ།
ཁྱོད་ཡོང་དུས་གསེར་ཞག་འཁྱིལ་ལེ་ཡོང་།
ཁྱོད་འགྲོ་དུས་མུན་ནག་འཐིབས་སེ་སོང་།
༣༦ ཕ་གི་ཐང་གི་ཐང་དཀྱིལ་ནས། ༣༦ ཟླ་བ།
རྔ་མོང་དཀར་རིལ་མཚན་བརྒྱབ་ནས་འགྲོ།
༣༧ བལྟས་ན་ཡག་ལ་རེག་མི་ཐུབ། ༣༧ འཇའ་ཚོན།
༣༨ གནམ་ལ་ཟམ་པ་འཕངས་ཀྱང་འགྲོ་མི་དཀོན། ༣༨ འཇའ་ཚོན།
༣༩ ཁྱོད་འགྲོ་ན་ང་འགྲོ། ཁྱེད་འདུག་ན་ང་འདུག ༣༩ གྲིབ་མ།
༤༠ བྱ་རྒོད་འཕུར་ཐལ། གཡའ་མ་ཉུལ་ཐལ། ༤༠ མེ་འབར་བ།
༤༡ བླ་མ་ཆེན་པོ་དབུ་སྐྲ་དཀར་པོ་ཅན། ༤༡ གངས་རི།
༤༢ ཟངས་ང་ཆེ། གོ་རེ་ཆུང་། ༤༢ ནམ་མཁའ་དང་ཉི་མ།
༤༣ ཁ་དོག་མེད་ལ་དྲི་མ་མེད། ༤༣ ཆུ།
སྐོམ་པའི་ཚེ་ན་ཞིམ་མངར་ལྡན།
༤༤ གཅིག་དེ་དམའ། གཅིག་དེ་མཐོ། ༤༤ གནམ། ས། སྐར་མ།
བར་ན་མེ་ཡི་མེ་སྟག་མཆེད།
༤༥ ལག་པས་མ་འཐག་རྩམ་པ་གྱི་ལི་ལི། ༤༥ ཁ་བ།
༤༦ འགྲོ་དུས་བྲོ་རྩེ། ཕྲད་དུས་གླུ་ལེན། ༤༦ རླུང་།
རིང་ཐུང་སུས་ཀྱང་མི་ཤེས།
<<འཇིག་རྟེན་ཀུན་ཏུ་དགའ་བའི་གཏམ་ངག་གི་རོལ་མཚོ>>ལས་བདམས་བཀོད་བྱས། ངེད་དྲ་ཚིགས།
རྒྱ་བོད་གནད་དོན་གསལ་འདེབས་མདོར་བསྡུས་ཡག་ཐག་ཆོད་བྱས་འདུག བཀའ་དྲིན་ཤིན་ཏུ་ཆེ།
I want to buy this book. Can anyone Help?
ཐུགས་རྗེ་ཆེ། འཕྲུལ་དེབ་ཧ་ཅང་ཡག་པོ་བཟོས་གནང་འདུག
མཁྱེན་ལྡན་པ་ལགས་སུ་ཞུ་རྒྱུར། གུས་ནས་འཕྲུལ་དེབ་གཅིག་ཀྱང་ཕབ་ལེན་ཐུབ་ཀྱི་མི་འདུག་པས་ ཕབ་ལེན་ཇི་ལྟར་བྱེད་དགོས་མིན་ཐད་ལམ་སྟོན་གནང་རོགས། ཐུགས་རྗེ་ཆེ།
[…] page (no longer online) and then re-posted by Tibetan language diaspora websites Khabdha and Wokar. Tashi Rabten is from…