དངོས་མིང་། གཟུངས་འདུས་སྐྱིད།
སྨྱུག་མིང་། སྐལ་གསུམ་སྲིང་མོ།
སྐྱེས་ཡུལ། རྡོ་སྦིས།
ཕྱི་ལོ་༢༠༠༣ལོར་བཙན་བྱོལ་དུ་འབྱོར་ནས་སུ་ཇཱ་བོད་ཁྱིམ་དང་ས་རཱ་མཐོ་རིམ་སློབ་གཉེར་ཁང་ནས་སློབ་མཐར་ཕྱིན། དེའི་རིང་དུ་«ཟམ་པ་»དང་«གངྒཱའི་བཞད་སྒྲ»འི་རྩོམ་སྒྲིག་པ། མ་ཡུམ་ཚགས་པར་གྱི་རྐང་འཛིན་རྩོམ་པ་པོ། རྒྱལ་སྤྱིའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྩོམ་སྒྲིག་པ། ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ལྟེ་གནས་ཀྱི་ཉམས་ཞིབ་པ།
སྔ་ཕྱིར་ལྷུག་རྩོམ་གཙོ་བྱས་པའི་རྩོམ་ཡིག་བརྒྱ་ཕྲག་ལྷག་བོད་ཕྱི་ནང་གི་དུས་དེབ་དང་ཚགས་པར། དྲ་རྒྱ་བཅས་སུ་སྤེལ་བ་དང་རྩོམ་ཡིག་འགྲན་སྡུར་གང་མང་ཁྲོད་རྩེ་སོན་གྱི་བྱ་དགའ་ཐེངས་མང་ཐོབ་མྱོང།
བརྩམས་ཆོས་ལ་«རིགས་ཞེན་གྱི་འབོད་བརྡ»དང་«བརྩེ་བའི་ཤ་ཁྲག» «རང་རྟོགས»བཅས་དེབ་ཕྲེང་གསུམ་ཡོད།
འོད་དཀར་དྲ་ཚིགས་ཀྱི་རྐང་འཛིན་རྩོམ་པ་པོ་ཡིན།
ལྟད་མོ་བ། མིག་ཆུ་མ་འདོན།
གཅིག
ལས་དབང་གི་མཇལ་འཛོམས་ཐེངས་ཤིག
ང་ཚོར་ཐོབ་ཅིང
གཞན་དབང་དང་ངན་ངོན་གྱི་འཚོ་བའི་བར་སྲུབས་ནས
རང་ཉིད་ཀྱི་བགྲོད་ལམ་རང་ཉིད་ལ་བདག་པས
ལྟད་མོ་བ མིག་ཆུ་མ་འདོན
ལང་ཚོའི་སྤུ་ཉག་རེ་རེ་རིམ་གྱིས་ཡལ་འགྲོ།
གཉིས།
དྲང་བདེན་གྱི་རྒྱུ་ཆས་སྟོང་པའི་ཟློས་གར་རེ་རེ
ཁོ་མོའི་སེམས་ཀྱི་ཕྱི་ཐག་ཅིག་ལས
འཁྲབ་གཞུང་མི་སྣ་ཞིག་གི
སྒྱུ་རྩལ་དང་ཀུན་ནས་མཚུངས་ཕྱིར
ལྟད་མོ་བ མིག་ཆུ་མ་འདོན
མི་བུ་ཞིག་གི་སེམས་དོན་ཤོར་འགྲོ
གསུམ།
གཅེས་ཕྲུག་ལང་ཤོར་ཞིག་གི་ལྟ་བ་དང
ཤོག་དངུལ་གྱི་རིན་ཐང་ཚོར་གྱིན་མེད་པ་
ཁྱོད་ཁོ་ནའི་བསམ་བློ་སྟོང་པ་ཞིག་དང
འཆར་ཡན་གྱི་སྙིང་གསོན་པོ་ཞིག་རེད་འདུག
ལྟད་མོ་བ མིག་ཆུ་མ་འདོན
ཕྲག་དོག་གི་བཙན་སྒོ་གྲང་རེག་གི་འཇིག་རྟེན།
བཞི།
ཁོ་བོའི་རང་གཤིས་ངན་ཚུལ་མ་གསུང
བདག་གི་བྱེད་ལས་ལྡབ་འགྱུར་མ་གཏོང
ཚེ་གཅིག་ཁྱི་ཤུག་ཅིག་གི་ལས་འབྲེལ་མེད་རུང
ཕན་ཚུན་དུང་སེམས་འཁྱེར་བའི་མཛའ་བཤེས་ཆ་གཅིག
ལྟད་མོ་བ། མིག་ཆུ་མ་འདོན
ལྐོག་གཡོ་ངན་ཇུས་ཀྱི་འཇིག་རྟེན་གུ་དོག་འགྲོ།
ལྔ།
ཚོད་ཚོད་ལ་བརྩེ་དུང་གི་བརྟན་བརླིང་མ་བརྗོད
བུ་མོ་ཚོའི་སྒམ་དཀྱེལ་གྱི་བསམ་བློ་མི་རྟོགས
རྟོགས་སད དགག་སྒྲུབ རྒྱུ་འབྲས་བློ་མིག
དུས་དང་རིམ་པར་སྤྱོད་དགོས
ལྟད་མོ་བ མིག་ཆུ་མ་འདོན
ཡབ་མེས་ཚོའི་ལོ་རྒྱུས་སྙན་མོ་བག་ལ་ཞ་འགྲོ།
དྲུག
རང་མགོའི་གངས་སྐྱ་མི་མཐོང་བར
གཞན་མགོའི་བ་མོ་མཐོང་བ
ཆེས་སྤྱི་མཐུན་མ་ཡིན་པའི་ཀླད་རྙིང་མཁྲེགས་བཟུང་གི་ལྟ་བ་བཙན་པོ
ལྷག་བསམ་དང་བརྩེ་བ་ཡིན་ཟེར་ན
ལྟད་མོ་བ མིག་ཆུ་མ་འདོན
སུ་དང་གང་གིས་ཀྱང་དྲང་བདེན་གྱི་འདུ་ཤེས་མི་རྙེད
ལྟད་མོ་བ ཁྱེད་ཀྱི་མིག་ཆུ
ཆེས་ཚ་བའི་བྱེ་ཐང་དུ་འཐིམ་འགྲོ
བྱེ་ཐང་གི་མིག་ཆུ་ལ་རིན་ཐང་མེད་པ་བདེན་ལུགས་ཁོ་ནའི་གྲུབ་རྟགས་ཡིན།
ངེད་དྲ་ཚིགས།
རྒྱ་བོད་གནད་དོན་གསལ་འདེབས་མདོར་བསྡུས་ཡག་ཐག་ཆོད་བྱས་འདུག བཀའ་དྲིན་ཤིན་ཏུ་ཆེ།
I want to buy this book. Can anyone Help?
ཐུགས་རྗེ་ཆེ། འཕྲུལ་དེབ་ཧ་ཅང་ཡག་པོ་བཟོས་གནང་འདུག
མཁྱེན་ལྡན་པ་ལགས་སུ་ཞུ་རྒྱུར། གུས་ནས་འཕྲུལ་དེབ་གཅིག་ཀྱང་ཕབ་ལེན་ཐུབ་ཀྱི་མི་འདུག་པས་ ཕབ་ལེན་ཇི་ལྟར་བྱེད་དགོས་མིན་ཐད་ལམ་སྟོན་གནང་རོགས། ཐུགས་རྗེ་ཆེ།
[…] page (no longer online) and then re-posted by Tibetan language diaspora websites Khabdha and Wokar. Tashi Rabten is from…