དངོས་མིང་ལ་གཡང་འབུམ་འབུམ་ཚེ་རིང་།
སྙུག་མིང་ས་ལེ་སྦྲམ།
བོད་ཆོལ་གསུམ་གྱི་ཡ་གྱལ་མདོ་སྨད་མཚོ་སྔོན་ཆར་གཏོགས་ཁ་སྒང་ཞེས་པའི་ཞིང་གྲོང་ཞིག་ཏུ་སྐྱེས། སྡེ་བའི་སློབ་ཆུང་དང་སློབ་འབྲིང་རིམ་པར་འགྲིམས་ཤིང་། སློབ་འབྲིང་མཐར་ཕྱིན་རྗེས་བོད་ཁམས་ན་སྙན་གྲགས་འབར་བའི་མགོ་ལོག་འཇིགས་མེད་རྒྱལ་མཚན་སྒེར་བཙུགས་སློབ་གྲྭའམ་ཤེས་རིག་ནོར་བུའི་གླིང་དུ་འཛུལ་ནས་སུམ་རྟགས་སྙན་གསུམ་གྱིས་མཚོན་པའི་སྦྱང་གཞི་ཀུན་ལ་འབད་པས་སློབ་གཉེར་བྱས། ད་དུང་སློབ་གླིང་དེར་བསྟུད་མར་ལོ་གསུམ་ལ་གསུམ་བཟང་སློབ་མའི་བྱ་དགའ་ཐོབ་པ་མ་ཟད། ༢༠༠༣ལོར་ཕུལ་བྱུང་སློབ་མར་འོས་འདེམ་ཀྱིས་གཟེངས་རྟགས་ཀྱང་ཐོབ་མྱོང་། དེར་ལོ་གསུམ་ལྷག་ལ་སློབ་གཉེར་བྱས་པའི་གྲུབ་འབྲས་སམ་ཡང་ན་བཀའ་དྲིན་མཚུངས་ཟླ་བྲལ་བའི་ཕ་མ་དང་སློབ་དཔོན་རྣམ་པའི་བཀའ་དྲིན་མཚོན་ཆེད་དུ་’ལང་ཚོའི་མཆོད་ཡོན་’ཞེས་པའི་སྙན་དེབ་ཅིག་མི་ཡུལ་ལ་ལེགས་སྐྱེས་སུ་བཏེགས་པ་ཡོད། ༢༠༠༤ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ཞིང་ཐོག་མར་སུ་ཇཱ་བོད་ཁྱིམ་སློབ་གྲྭར་ཞུགས། དེར་འཛིན་གྲྭ་ནང་ཁུལ་གྱི་རྩོམ་ཡིག་འགྲན་བསྡུར་སོགས་སུ་བྱ་དགའ་ཐེངས་དུ་མར་ཐོབ་མྱོང་། ད་དུང་དེར་བསྡད་པའི་རིང་སློབ་གྲྭའི་གངས་ཟླ་དུས་དེབ་ཀྱི་རྩོམ་སྒྲིག་ལས་རོགས་བྱས། ༢༠༠༧ལོར་རང་གི་དམིགས་འདུན་ལྟར་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་འཛུལ་ཞུགས་ཀྱིས་ཕྱི་ནང་གི་ལྟ་གྲུབ་ཀྱིས་གཙོས་སུམ་རྟགས་སྙན་གསུམ་དང་ལེགས་སྦྱར་སོགས་ལ་སློབ་གཉེར་བྱས་ཤིང་།སློབ་ཞོར་དུ་སློབ་གྲྭའི་དུས་དེབ་ཝཱཎའི་རིག་རླབས་ཀྱི་རྩོམ་སྒྲིག་པ་དང་ཇུས་འགོད་པའི་ལས་གནས་ཐད་བསྟུད་མར་ལོ་ལྔ་ལྷག་ལ་ལས་ཀ་བྱས། མ་ཟད།སློབ་གྲྭའི་རྩོམ་ཡིག་འགྲན་བསྡུར་དང་ལྷག་པར་དུ་༢༠༡༡ལོར་གངས་ལྗོངས་གེ་སེར་ཚང་གིས ་’གངས་རིའི་མགོན་པོ་དང་གངས་ཅན་པ་’ ཞེས་པའི་ཁ་བྱང་ཐོག་བྱེས་ཀྱི་རྩོམ་པ་པོ་ཡོངས་ལ་དམིགས་པའི་གཞི་རྒྱ་ཆེ་བའི་རྩོམ་ཡིག་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ།༢༠༡༤ལོའི་ཟླ་༥བའི་ཟླ་མཇུག་ཏུ་དེ་གའི་བསྟན་བཅོས་སློབ་རིམ་ཡོངས་སུ་མཐར་སོན་ཞིང་།
ད་ལྟ་སྐར་ཁུང་བོད་ཀྱི་རྩོམ་སྒྱུར་དྲྭ་བའིི་རྒྱ་ཡིག་རྩོམ་སྒྱུར་དང་འོད་དཀར་དྲ་ཚིགས་ཀྱི་རྐང་འཛིན་རྩོམས་པ་པོ་ཡིན།
ངེད་དྲ་ཚིགས