ཆུ་ལ་མེ་ཤོར་བ།
དཔའ་ཆེན་དང་ཉི་སྐྱལ་ཞེས་ལབ་ན་སུས་ཀྱང་མི་ཤེས་མཁན་མེད་ཅིང་། ཁོ་གཉིས་ནི་རིག་པ་ཤིན་ཏུ་སྐྱོ་ལ་ཨུ་ཚུགས་ཅན་ཞིག་ཀྱང་ཡིན། ཉིན་གཅིག་ཁོ་གཉིས་མཉམ་དུ་གླིང་ཁ་གཏོང་བ་དང་གླིང་ཁའི་ནང་གི་རྫིང་ཆུར་ཉ་ཡོད་ པར་ལྟ་བར་བསྐྱོད། ཁོ་གཉིས་གླིང་ཁའི་ནང་སླེབས་པ་དང་རྫིང་ཆུ་ལྟ་སྐབས། དེའི་ནང་ཉ་འདྲ་མིན་སྣ་ཚོགས་ཡོད་པ་རྣམས་མཐོང་འཕྲལ་དཔའ་ཆེན་གྱིས་སྐད་ཤུགས་ ཆེན་པོས། “དཔེ་བསགས་སོང་། ད་དཔེ་བསགས་སོང་། རྫིང་ཆུ་འདི་ལ་མེ་ཤོར་བ་ཡིན་ན་ཉ་འདི་ཚོ་བྲོས་ས་མི་འདུག” ཅེས་ལབ་པར། ཉི་སྐྱལ་གྱི་ཁོ་ལ། “ལྐུགས་པ་རང་རེད། རྫིང་ཆུར་མེ་ཤོར་ཡང་ཉ་རྣམས་ཤིང་སྡོང་ཆེན་པོ་ཕ་གིའི་རྩེ་ལ་འབྲོ་ཡི་རེད།” ཅེས་ལབ་པར། དེ་ལ་དཔའ་ཆེན་གྱིས་གདོང་པ་ནག་པོ་བསྟན་ཏེ། “སྐྱག་ལྐུགས་ཁྱེད་རང་རེད། ཉ་ཤིང་གི་རྩེ་ནས་མར་འཛག་གི་མ་རེད་དམ། ཉ་ཤིང་གི་རྩེ་ལ་འགྲོ་ཐུབ་པ་དེ་འདྲ་གཡག་ནི་མ་རེད།” ཅེས་ལབ་པར་གཡས་གཡོན་གྱི་མི་རྣམས་གད་མོ་མི་ཤོར་ཀ་མེད་བཟོས་པ་རེད།
འཆམ་འཆམ་འགྲོ་བ།
རྒན་ཉི་མ་ལགས་ལ་དགེ་ཕྲུག་ཅིག་ཡོད། ཁོ་ཉིད་ལ་རྒན་ལགས་ཀྱིས་རྟག་པར་སློབ་སྦྱོང་དང་ལས་ཀ་ཚར་བའི་རྗེས། ངས་ཁྱེད་རང་འཆམ་འཆམ་ལ་འཁྲིད་ཆོག་ཟེར་བ་ལས་ཉིན་གཅིག་ཀྱང་འཁྲིད་མྱོང་མེད། ཉིན་ཞིག་ཁོང་ཚོ་གཉིས་ལྷན་དུ་གཙུག་ལག་ཁང་ལ་ཞབས་སྐོར་རྒྱག་པར་ཕྱིན། སྐབས་དེར་ལམ་ཟུར་ཕར་ཕྱོགས་དེར་མི་ཤི་བའི་རོ་ཞིག་འཁྱེར་ཡོང་བ་མཐོང་བ་དང་། རྒན་ལགས་ཀྱིིིས་དེ་མཁྱེན་བཞིན་དུ་དགེ་ཕྲུག་དེར། “ཁོ་རེ་ལྟོས་དང་། ཕ་གི་ག་རེ་འཁྱེར་འགྲོ་བ་རེད་དམ།”ཞེས་དྲིས་པར་དགེ་ཕྲུག་དེས། “རྒན་ལགས་ཕ་ཡི་སློབ་སྦྱོང་དང་ལས་ཀ་ཚང་མ་ཚར་ནས་འཆམ་འཆམ་ལ་འགྲོ་ཡི་ཡོད་པ་རེད།”ལབ་པར། རྒན་ཉི་མ་ལགས་ཅི་ལབ་འདི་ལབ་མི་ཤེས་པར་ལུས་སོ།
ཡོང་ཁུངས་གཞན། ཡི་གེ་བ་གྲུ་ལྷོ་སྐལ་བཟང་ཕུན་ཚོགས།