ཧི་མ་ལ་ཡའི་སྲས་མོ།
གཞས་ཚིག རྩོམ་པ་པོ། ཚེ་རིང་བཀྲ་ཤིས།  
གཞས་གདངས། འཇམ་དབྱངས་བསྟན་འཛིན།
ལེན་མཁན། གཡང་ཕྱུག་མཚོ།
 
མ་འདྲིས་སེམས་ཀྱི་མདུན་པ། །
འདྲིས་ན་དགའ་རོགས་སྐྱོ་རོགས། །
ཧི་མ་ལ་ཡའི་སྲས་མོ། །
སྙིང་སྡུག་གཡུ་ཆུང་དྲུག་དཀར། །
 
ཡིད་འཕྲོག་ལྷ་མོ་ལྷ་རེད། །
ལྷ་ཡུལ་གང་གི་གང་རེད། །
ཧི་མ་ལ་ཡའི་སྲས་མོ། །
ཉི་མའི་འོད་ལ་བྱོན་ཡོད། །
 
གངས་རི་མཐོན་པོའི་རྩེ་ལ། །
སྤྲིན་དཀར་བང་རིམ་དབུས་ལ། །
ལང་ཚོ་གར་གྱིས་འཁྱུག་པའི། །
ཧི་མ་ལ་ཡའི་སྲས་མོ། །
 
བཞིན་བཟང་གཤིས་འཇམ་གཅིག་ལ། །
ཁྲེལ་ཡོད་དམ་ཚིག་གཉིས་ལ། །
ཧི་མ་ལ་ཡའི་སྲས་མོ། །
མཁའ་མཐའི་སྤྲིན་པ་དམར་པོ། །
 
བོད་ཡུལ་ཁྲོམ་ཆེན་དབུས་ན། །
བརྒྱ་ཚོགས་སྟོང་འདུས་གཙུག་རྒྱན། །
ཧི་མ་ལ་ཡའི་སྲས་མོ། །
བདག་པོ་གང་འདོད་མ་གནང་། །
 
གངས་རི་མཐོན་པོའི་རྩེ་ལ། །
སྤྲིན་དཀར་བང་རིམ་དབུས་ལ། །
ལང་ཚོ་གར་གྱིས་འཁྱུག་པའི། །
ཧི་མ་ལ་ཡའི་སྲས་མོ། །
 
གངས་རི་མཐོན་པོའི་རྩེ་ལ། །
སྤྲིན་དཀར་བང་རིམ་དབུས་ལ། །
ལང་ཚོ་གར་གྱིས་འཁྱུག་པའི། །
ཧི་མ་ལ་ཡའི་སྲས་མོ། །

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading