ཁ་བའི་འབྲོག་མོ།
གངས་དང་རི་ཆུའི་དྭངས་གཙང་གཉེར་ཡོད།།
ཕ་མ་སྤུན་གྱི་བརྩེ་སེམས་སྒོམ་ཡོད།།
འགྲོ་ཁའི་མིག་ཆུ་སེམས་ལ་བཞུར་ཡོད། །
ད་དུང་ཅི་ཞིག་སྐྱུར་བ་འདྲ་བྱུང་།།
འཕྲུལ་གྱི་རྨི་ལམ་ངག་ལ་བཅོལ་ཡོད།།
འཇགས་མེད་དུངས་པ་དབྱངས་ལ་འཁོར་ཡོད།།
ལྷད་མེད་འཛུམ་མདངས་གངས་ལ་སིམ་ཡོད།།
ད་དུང་ཅི་ཞིག་ཞེ་ལ་གཉེར་ཡོད།།
སྙིང་གཏམ་དམར་པོ་རི་མོར་ཕབ་ཡོད།།
དྲན་པའི་ཚོར་བ་ཉིན་རེར་མྱངས་ཡོད།།
དམངས་ལ་དགའ་བའི་རང་གཤིས་བཞག་ཡོད།།
ད་དུང་ཅི་ཞིག་བོར་བ་འདྲ་བྱུང་།།
༢༠༡༤། ༠༨ ། ༡༥
ངེད་དྲ་ཚིགས།