སྲོག་ཆགས་ཀྱི་སྐོར་གྱི་གབ་ཚིག དང་པོ།
སྲོག་ཆགས་ཀྱི་སྐོར་གྱི་གབ་ཚིག ལན།
༡ ཕར་འཁོར་སྟག་འདྲ་བོ། ༡ པུ་ཤུད།
ཚུར་འཁོར་གཟིག་འདྲ་བོ།
དར་ཚོན་ཤིང་ལོ་འདྲ་བོ།
༢ ཁ་དམར་སྣ་དམར་སྤོག་རིལ་རྒྱ་མཚོ། ༢ བྱི་ལོང་།
ཤུགས་མེད་མིག་མེད་སྙུག་མའི་རྒྱ་མཚོ།
༣ རྫ་མ་ནག་པོ་བྱུ་རུའི་མཆུ་ཏོ་ཅན། ༣ སྐྱུང་ཀ
༤ ནག་རིལ་སྟོང་གི་ཐོག་ན། ༤ རིལ་མའི་ཐོག་ཉལ་བའི་ལུག
གི་གུ་རྭ་འཁྱིལ་ཞིག
༥ ཨབ་ཀྱིས་མ་བཟོས། ༥ ལུག་ལྤགས།
ཁབ་ཀྱིས་མ་བཙེམས།
གོས་ཀྱི་ཙར་ལོ་འཇོལ་ལོ་ལོ།
༦ ནམ་མཁའི་ལྷ་མོ་གླུ་ལེན་མ། ༦ སྦྲང་མ།
ས་ཡི་མེ་ཏོག་བཅུད་ལེན་མ།
༧ ཨ་ཐང་ཐང་གི་ཐང་དཀྱིལ་ན། ༧ སྦལ་བ།
ཐང་དཀར་རྒོད་པོ་རྒྱགས་འགྲོ་བྱེད།
༨ ཤེལ་ཁང་གྲུ་གཞིའི་ནང་ནས། ༨ དར་འོག་གི་ཉ།
བུ་རྒོད་པོ་ཁེར་རྒྱུག་ཉིས་རྒྱུག
༩ བྲག་མགོ་ན་གཡུ་ཕོར་བ་འདྲ་འདྲ། ༩ ཕུག་རོན་། གླ་བོ། སྦྲུལ།
བྲག་སྐེད་ན་འདྲེ་ར་མ་འདྲ་འདྲ།
བྲག་ཞབས་ན་དུག་ལག་ངར་འདྲ་འདྲ།
༡༠ ཤ་རུལ་སྟེང་ནས་འོད་དཀར་ཀྱི་ལི་ལི། ༡༠ སྦྲང་མ།
དེ་ནས་པདྨའི་སྟེང་ནས་གོ་ལོ་ལོ།
ཇི་ལྟར་གང་དྲན་གླུ་ལེན་ཤ་ར་ར།
༡༡ ཁྱེད་ཕར་ལ་སོང་། ང་ཁྱོའི་ཤུལ་ལ་ཡོང་། ༡༡ རྟའི་རྐང་བ།
༡༢ མ་སེམས་ཅན་ལྷ་ཉལ་ཀླུ་ཉལ་ཡིན། ༡༢ རྭ་ཅོ།
འདྲེ་ཨུ་རུ་ཅོག་ལ་ཉལ་རྒྱུ་མེད།
༡༣ ཁྱེད་གང་ལ་སོང་། ༡༣ སྙིང་།
ང་ཚ་ལ་སོང་།
ཁྱོད་ཚ་ཐིག་མེད་པ་ཅི་རེད།
༡༤ སྟོད་ནས་ཅོང་སྐད་ལྷང་ལྷང་། ༡༤ ཁྱི་ཟུག་པ།
སྨད་ནས་ལྕང་ལོ་ལྡེམ་ལྡེམ།
༡༥ མགོ་འདི་གཡུང་དྲུང་རྟགས་ཀྱི་མགོ ༡༥ འཕྱི་བ།
སྤུ་རིགས་ནག་པོ་ནག་གྱི་སྤུ།
སྐད་འདི་ལྷ་མ་ཡིན་གྱི་སྐད།
༡༦ གྱོན་མ་ཤེས་སློག་པ་ཕྱིར་སློག་བྱས། ༡༦ འབུ་ཐུལ་པ།
འདོག་མ་ཤེས་བྱུ་རུ་སྣ་མགོར་བཏགས།
༡༧ ཀླུ་ཡི་བུ་མོ་ཡིད་འོང་སྐད་སྙན་མ། ༡༧ ཁུ་བྱུག
སེམས་ཅན་ཡོངས་ལ་དུས་ཀྱི་སྐད་སྙན་སྒྲོག
༡༨ སྟག་མིན་པའི་ཐིག་ལེ་ཅན། ༡༨ ཕྱེ་མ་ལེབ།
འབྲོང་མིན་པའི་རུ་ཐུར་ཅན།
༡༩ ལྷམ་སྐུད་པས་མ་བཙེམས་ཐོར་མེད་མ། ༡༩ རྨིག་པ།
༢༠ ཨ་ཐང་ཐང་གི་ཐང་དཀྱིལ་ན། ༢༠ སྦྲུལ།
མུ་ཏིག་ཤེལ་གྱི་ཕྲེང་བ་ཞིག
རིག་ནི་མང་ཡང་ལེན་ནི་དཀོན།
༢༡ གནམ་ཚོད་འཛིན་པའི་ལྷ། ༢༡ བྱ་ཕོ།
ཐང་མ་བརྡལ་བའི་འདྲེ།
༢༢ ས་ཐོག་གི་རྔ་སྒྲ་སྐད་པོ་ཆེ། ༢༢ འབྲུག་དང་སྦྲུལ།
ས་འོག་གི་འབྲེང་བ་ལྷོད་པོ་ཆེ།
༢༣ འཁོར་ལོ་དྲུག་བརྩེགས་དུང་གི་སྲོག་ཐུར་ཅན། ༢༣ སྐེ་ཚུགས།
<<འཇིག་རྟེན་ཀུན་ཏུ་དགའ་བའི་གཏམ་ངག་གི་རོལ་མཚོ>>ལས་བདམས་བཀོད་བྱས། ངེད་དྲ་ཚིགས།
རྒྱ་བོད་གནད་དོན་གསལ་འདེབས་མདོར་བསྡུས་ཡག་ཐག་ཆོད་བྱས་འདུག བཀའ་དྲིན་ཤིན་ཏུ་ཆེ།
I want to buy this book. Can anyone Help?
ཐུགས་རྗེ་ཆེ། འཕྲུལ་དེབ་ཧ་ཅང་ཡག་པོ་བཟོས་གནང་འདུག
མཁྱེན་ལྡན་པ་ལགས་སུ་ཞུ་རྒྱུར། གུས་ནས་འཕྲུལ་དེབ་གཅིག་ཀྱང་ཕབ་ལེན་ཐུབ་ཀྱི་མི་འདུག་པས་ ཕབ་ལེན་ཇི་ལྟར་བྱེད་དགོས་མིན་ཐད་ལམ་སྟོན་གནང་རོགས། ཐུགས་རྗེ་ཆེ།
[…] page (no longer online) and then re-posted by Tibetan language diaspora websites Khabdha and Wokar. Tashi Rabten is from…