སྲོག་ཆགས་ཀྱི་སྐོར་གྱི་གབ་ཚིག ལན།
༢༤ རྒྱུ་མེད་ཀྱང་གོན་རྒྱུ་དཀར་པོ་གོན། ༢༤ འབུ་མེ་ལྕེབས།
དཔའ་མེད་ཀཡང་རང་སྲོག་རང་གིས་གཅོད།
༢༥ དཀྱིལ་འཁོར་བར་སྣང་ཁམས་ན་ཡོད། ༢༥ སྡོམ།
ལྷ་བཟོ་དཀྱིལ་འཁོར་དཀྱིལ་ན་ཡོད།
༢༦ རྐང་ལག་མེད་པའི་གོམ་ལག་ཅན། ༢༦ ཉ་མོ།
དང་རུས་མེད་པའི་གཤོག་པ་ཅན།
༢༧ རྩྭ་གསེང་ཞིག་ན་ཕྲེང་བ་ཞིག ༢༧ སྦྲུལ།
རེག་པ་ཕར་ཞོག་བལྟ་བར་སྐྲག
༢༨ བཅོ་ལྔའི་དུང་ཟླ་ཐོད་ལ་བཞག ༢༨ དགོ་བ།
འབྲུ་དྲུག་སྙེ་མ་འཕོངས་ལ་བཏགས།
༢༩ ཕྱིང་དཀར་ཁུགས་ཀི་ཁྱི་ཉལ་གཉིས། ༢༩ མཁལ་མ་གཉིས།
༣༠ བུ་ངོ་ལུག་གཉེར་མ་དགུ་བརྕེགས་ཅན། ༣༠ ཕོ་སུལ།
༣༡ མ་བསམས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ན། ༣༡ འུག་པ།
གསེར་མིག་ཁྲོ་བའི་ངར་སྐད་ལྡིར་རི་རི།
༣༢ རྟ་རེད་ཟེར་ན་བང་རྩལ་མེད། ༣༢ རྔ་མོང་།
རྟ་སྒ་མ་བསྟད་རང་གྲུབ་ཅན།
༣༣ བྱ་མིན་པའི་གཤོགས་པ་ཅན། ༣༣ སྦྲང་མ། བྱིའི་མིན་པའི་སྡེར་མོ་ཅན།
འབྲོང་མིན་པའི་རྭ་ཁ་ཅན།
སྟག་མིན་པའི་ཐིག་ལེ་ཅན།
ཨ་བྲ་མིན་པའི་ཁུང་འཛུལ་ཅན།
༣༤ ཐོད་ན་ཐུགས་རྗེ་ཆེན་པོ་ཡོད། ༣༤ པུ་ཤུད།
རྒྱབ་ན་རྒྱལ་བ་རིག་ལྔ་ཡོད།
སྐེ་ན་བྱུ་རུའི་སྐེ་རྒྱན་ཡོད།
༣༥ རྡོ་རིལ་པའི་སྒམ་ཆུང་ཐོག་ན། ༣༥ ཐེ་གེ
རྟེན་འབྲེལ་ལྟ་བུའི་ཡན་ལག་དྲུག
༣༦ རྭ་ཁ་ཡག་ལ་རྭ་བར་དོག ༣༦ དགོ་བ།
ཚེས་གསུམ་ཚེས་རིས་ཐོད་ལ་བཟུང་།
གྲ་ཁ་ཡག་ལ་ཁ་རྫོང་མཐུག
བཅོ་ལྔའི་ལྷ་ཟླ་འཕོངས་ལ་བཟུང་།
༣༧ སྒོ་ན་རྒྱ་མཚོ་མེར་རེ་རེ། ༣༧ འབྲི་མོའི་མངལ་གྱི་བེའུ།
ནང་ན་ཉ་སྲམ་ཀྲིག་ཀྲིག་ཀྲིག
༣༨ མིག་གཉིས་ཉི་ཟླ་འདྲ་བའི་ཁྲ་གོར་རོ། ༣༨ སྦལ་བ།
འགྲོ་བ་རྐང་ཐང་འདྲ་བའི་དབུགས་ཐུ་ལེ།
༣༩ རི་མགོའི་ཡལ་ག་འབུད་མི་རུང་། ༣༩ ཤ་རྭ་སྐམ་པོ་དང་སྦྲུལ།
རི་སྐེད་ཐག་པ་བཀྲོལ་མི་རུང་།
༤༠ ཆུ་ཁའི་གཡག་རྒན་བཤའ་མི་རུང་། ༤༠ སྦལ་བ།
༤༡ གཡས་དུང་འདྲ་བོ། ༤༡ སྐྱ་ཀ
གཡོན་དུང་འདྲ་བོ།
ཁ་ལྕེ་སྙན་མོ་པི་ཝང་འདྲ།
༤༢ རྒྱ་གར་ཡུལ་གྱི་མཛེས་མོ་མ། ༤༢ རྨ་བྱ།
ངར་མ་འཇལ་དགེ་སློང་གྲོགས་ལ་བཀུག
རྗེ་བླ་མས་ཁྱེད་ཡག་ཁྱོད་མཛེས་གསུངས།
ང་རིན་པོ་ཆེ་ཡི་ནང་རྟེན་མཛོད།
༤༣ རྟ་རག་རག་ཁེབས་ལྭ་དཀར་པོ་ཅན། ༤༣ གྲོད་ཚིལ།
༤༤ རྩྭ་མ་སྐྱེས་རི་སུལ་རྩྭ་ཡིས་གང་། ༤༤ ཕོ་སུལ།
༤༥ ས་ལྡིང་གནམ་ལྡིང་གནམ་ལྷ་རྒྱལ། ༤༥ ལྗི་བ་དང་ཤིག
ཨ་བོ་ཚེ་ཐུང་བྲང་ནག་རྒྱལ།
༤༦ ཙན་དན་ནག་མོ་གླུ་ཕྱུག་རྒྱལ། ༤༦ སྦྲང་མ།
༤༧ ཁབ་ཀྱིས་མ་བཟོས། ༤༧ རྨིག་པ།
ཨབ་ཀྱིས་མ་བཟུང་།
ཨ་མའི་འབོབ་མཐིལ་ནག་རིལ།
༤༨ གླིང་བཞིར་བྲོ་གར་གླུ་ལེན་ཀྱུ་རུ་རུ། ༤༨ སྦྲང་ནག
ཤ་རུལ་སྟེང་ནས་ལྡིང་སྐོར་ཀྱི་ལི་ལི།
<<འཇིག་རྟེན་ཀུན་ཏུ་དགའ་བའི་གཏམ་ངག་གི་རོལ་མཚོ>>ལས་བདམས་བཀོད་བྱས། ངེད་དྲ་ཚིགས།