དཀའ་ཐུབ་ཚེ་རིང་།
ངའི་གཅེན་པོ ངའི་གཅེན་མོ་
ངའི་གཅུང་མོ། ངའི་ སྤུན་ཆུང
ངའི་ཕ་ཡུལ་གྱི་མི་རྣམས འདི་ལྟར་ཕྱིན་སོང
མེ་ལྕེའི་ཁྲོད་དུ ་ཁོ་ཚོའི་ཆོ་ངེ་གོ་ཐེངས་རེར
མེ་ལྕེའི་ཁྲོད་དུ་འབར་བཞིན་བའི་ལུས་པོར་ལྟ་ཐེངས་རེར
ཁུ་སིམ་པོའི་རྩ་ཐང་གི་རྟ་ཡི་རྨིག་སྒྲ་ནི
ཇི་འདྲའི་ལྗིད་ཏིག་ཏིག་ཅིག ཇི་འདྲའི་སྐྱོ་ལྷང་ལྷང་ཞིག
སྐབས་འདིར་མ་ཎི་ཡིག་དྲུག་དབྱངས་རྟར་འགྲོགས་ནས
ངས་སྐྱོ་གླུ་འདི་ལེན་དགོས་བྱུང བརྗེད་མི་ཉན བརྗེད་ག་ལ་སྲིད
མེ་ལྕེའི་ཁྲོད་ཀྱི་གངས་རིའི་ ཚེ་སྲོག་གི་རྐང་རྗེས།
ཕྱིན་སོང་ ཁོ་ཚོ་ཚང་མ་ཕྱིན་སོང
ཚེ་སྲོག་རེ་རེ མེ་ལྕེ་དང་འགྲོགས་ནས་ཕྱིན་སོང
ཁོ་ཚོའི་ཚེ་སྲོག་གི་མེ་ལྕེ་ལས་ གྲང་ངར་གྱི་གངས་ལྗོངས་ལ་དྲོད་གཤེར་སྐྱེས་བྱུང
ཁོ་ཚོའི་སྐྱོ་གདུང་ དང་ མེ་ལྕེ་ཁྲོད་ཀྱི་བདེན་པའམ་ན་ཚ
ངས་མུ་མཐུད་ཡི་གེར་ཕབ་མི་ནུས འགྲོ་བ་མིའི་སྐད་ཡིག་ནང་དུའང་བརྗོད་ཐབས་དཀའ
མཆོད་མེ་རྐང་གཅིག་ཕུལ་ནས་ སྨོན་ལམ་འདེབས
ཁོ་ཚོ་བཞིན་གངས་རིའི་བླ་སྲོག་གི་ཆེད་དུ
ལུས་སེམས་གཉིས་ཀྱིས་ མཆོད་པ་ཕུལ་མཁན་གྱི་དཔའ་བོ་དང་དཔའ་མོ
བརྗེད་མི་སྲིད བརྗེད་ག་ལ་སྲིད
མེ་ལྕེ་ཁྲོད་ཀྱི་གངས་རིའི་ཚེ་སྲོག་གི་རྐང་རྗེས།
ངེད་དྲ་ཚིགས།
རྒྱ་བོད་གནད་དོན་གསལ་འདེབས་མདོར་བསྡུས་ཡག་ཐག་ཆོད་བྱས་འདུག བཀའ་དྲིན་ཤིན་ཏུ་ཆེ།
I want to buy this book. Can anyone Help?
ཐུགས་རྗེ་ཆེ། འཕྲུལ་དེབ་ཧ་ཅང་ཡག་པོ་བཟོས་གནང་འདུག
མཁྱེན་ལྡན་པ་ལགས་སུ་ཞུ་རྒྱུར། གུས་ནས་འཕྲུལ་དེབ་གཅིག་ཀྱང་ཕབ་ལེན་ཐུབ་ཀྱི་མི་འདུག་པས་ ཕབ་ལེན་ཇི་ལྟར་བྱེད་དགོས་མིན་ཐད་ལམ་སྟོན་གནང་རོགས། ཐུགས་རྗེ་ཆེ།
[…] page (no longer online) and then re-posted by Tibetan language diaspora websites Khabdha and Wokar. Tashi Rabten is from…