– དགེ་རྒན་དུས་ཆེན་ལ་ཕུལ་བ།
འབའ་སྲས།
སྒོ་སམ་ས་སྙུག་བར་གྱི་གཡོག་པོ་དང་།།
དཔེ་དེབ་འབྲི་དེབ་ཁྲོད་ཀྱི་གླ་བ་སྟེ།།
སློབ་མ་སློབ་གཙོ་བར་གྱི་བཙོན་མ་ཁྱོད།།
མི་ཚེ་གང་བོ་གཞན་གྱི་དབང་ལ་ཤོར།།
དབང་དང་གོ་སའི་ཆེད་དུ་མ་ཤི་ཞིང་།།
རྒྱུ་དང་འབྱོར་བའི་དོན་ལ་མ་མྱོས་པར།།
རང་གི་ཁོག་ན་ཡོད་པའི་རིན་ཆེན་ནོར།།
ཕངས་མེད་གཞན་ལ་སྦྱིན་པའི་མི་གསོན་པོ།།
རྨོངས་པའི་བུད་ཤིང་བསྲེག་པའི་མེ་དམར་བོ།།
མུན་པའི་སྨག་རུམ་གཞོམ་པའི་གློག་གསལ་བོ།།
སྐོམ་པའི་གྲེ་བ་བརླན་པའི་ཆུ་དྭངས་མོ།།
དགེ་རྒན་ཁྱོད་ནི་རླབས་ཆེན་མི་བཟང་བོ།།
དྲང་བའི་མདུན་ལམ་སྟོན་པའི་ཐིག་དྲང་བོ།།
ཡ་རབས་ཕྱོགས་ལ་སྐུལ་བའི་སེམས་བཟང་བོ།།
སློབ་མ་གྲོགས་སུ་འཛིན་ལ་ཐབས་མཁས་པོ།།
དགེ་རྒན་ཁྱོད་ནི་འཇིག་རྟེན་བླ་མའི་བླ།།
ཉི་མ་མ་ཤར་ཉིན་མོ་ཅི་འདྲ་རེད།།
ཟླ་བ་མ་ཚེས་མཚན་མོ་ག་འདྲ་འདུག །
དགེ་རྒན་མེད་ན་མི་ཡང་དེ་འདྲ་རེད།།
དེ་བས་དགེ་རྒན་མི་ཚེའི་ཉི་འོད་ཡིན།།
༡༤/༠༩/༠༤ ཉལ་ཁར།
ངེད་དྲ་ཚིགས།
རྒྱ་བོད་གནད་དོན་གསལ་འདེབས་མདོར་བསྡུས་ཡག་ཐག་ཆོད་བྱས་འདུག བཀའ་དྲིན་ཤིན་ཏུ་ཆེ།
I want to buy this book. Can anyone Help?
ཐུགས་རྗེ་ཆེ། འཕྲུལ་དེབ་ཧ་ཅང་ཡག་པོ་བཟོས་གནང་འདུག
མཁྱེན་ལྡན་པ་ལགས་སུ་ཞུ་རྒྱུར། གུས་ནས་འཕྲུལ་དེབ་གཅིག་ཀྱང་ཕབ་ལེན་ཐུབ་ཀྱི་མི་འདུག་པས་ ཕབ་ལེན་ཇི་ལྟར་བྱེད་དགོས་མིན་ཐད་ལམ་སྟོན་གནང་རོགས། ཐུགས་རྗེ་ཆེ།
[…] page (no longer online) and then re-posted by Tibetan language diaspora websites Khabdha and Wokar. Tashi Rabten is from…