ཁྲི་ཚོ་འགྱུར་མེད་རྡོ་རྗེ།

        ཉིན་གཅིག་སུམ་རྟགས་གཉིས་རྩ་བ་ནས་སྦྱངས་མྱོང་མེད་པའི་དཔེ་ཆ་བ་ཞིག་གིས་སྡེབ་སྦྱོར་རིན་ཆེན་ཕྲེང་བའམ་བྱིས་པ་དག་ཡིག་གཅིག་ལག་ཏུ་བཟུང་ནས་བལྟ་ཙམ་བྱས་པ་རེད། ཁོང་གིས་དག་ཡིག་དེ་ཀློག་གིན་ཀློག་གིན་ལ་གང་ཙམ་ནས། རྐུ་མ་རྐུ་བ་ར་རྐུ་ཡིན། ཞེས་པ་དེ་མཐོང་པ་དང་སྦྲགས། ཧ་ཧ་ཧཧཧཞེས་བཞད་མོ་ཆེན་པོ་ཞིག་ཤོར་ནས། དེ་ལ་དགག་ཡིག་ཅིག་བྲིས་པ་འདི་ལྟར། རྐུ་མ་རྐུ་བ་ཡིན་ན་ཆོས་ཅན། ར་དང་ལུག་གཅིག་པུ་རྐུ་མཁན་ཡིན་པས་མ་ཁྱབ་པར་ཐལ། གསེར་དང་དངུལ་ལ་སོགས་པའང་རྐུ་མཁན་ཡོད་པའི་ཕྱིར། འདོད་ཟེར་ན། འཁོར་གསུམ་ཞེས་བྲིས་པས། ཁོང་གིས་བྲིས་པ་དེ་རིག་གནས་དང་དག་ཡིག་ཤེས་མཁན་ཞིག་གིས་གཟིགས་ཏེ། གོང་གི་དཔེ་ཆ་བའི་གད་མོ་དེ་ལས་ཀྱང་ཆེ་བ་ཤོར་བཞིན། ཁོང་གིས་དེར་དག་བཅོས་ལེགས་པར་གནང་སྟེ། སྐུ་ཞབས་ཁོང་ལ་བཏང་པས་ཁོང་གིས་མཚན་ཉིད་གཅིག་པོ་མིན་པར་སུམ་རྟགས་ཀྱང་སྦྱོང་རྒྱུ་གལ་ཆེན་པོ་ཡིན་པ་མཁྱེན་ཏེ། སྦྱང་བརྩོན་གནང་བས་ཕྱིས་སུ་དོན་དམ་པའི་མཁས་པར་གྱུར་པ་རེད།


ཨ་ཕོས་བྱས་རྗེས།

     ཐེངས་གཅིག་བྱས་རྩྭ་ཐང་ནས་ཡིན་པའི་ཨ་ཕོ་ཞིག་ལྷ་སར་མར་ཚོང་དུ་ཡོང་ནས་ཁྲོམ་རའི་ཉེ་འགྲམ་ཞིག་ཏུ་གནས་ཚང་གཡར་ནས་བསྡད། ཨ་ཕོ་དེ་ནི་ལྷ་སར་ཡོང་བ་ཐོག་མ་ཡིན་པས་གྲོང་ཁྱེར་གྱི་ནང་འགྲོ་སྡོད་ཤེས་ཀྱི་མེད་རྐྱེན་རང་ཉིད་ཚོང་ལ་འགྲོ་སྐབས་ནང་གི་གློག་ཀྱང་མ་བསད་པར་འགྲོ་ཡི་ཡོད་པ་དེ་གནས་མོས་ཤེས་ཏེ། སང་ཉིན་སྔ་པོ་དེར་ཨ་ཕོའི་སར་ཡོང་ནས། ཨ་ཕོ་ཁྱེད་རང་ཚོང་ལ་འགྲོ་སྐབས་གློག་ཡིན་གཅིག་མིན་གཅིག་གི་བསད་དེ་སྒོ་ཡག་པོ་བརྒྱབ་ནས་འགྲོ་དགོས་པ་ལས། ཁ་སང་ནང་བཞིན་ཉིན་གང་ནང་གི་གློག་མ་བསད་པ་མ་བྱེད་རོགས་ལབ་པར་ཨ་ཕོས་ཧ་གོ་མདོག་མདོག་ངང་། ཡ་་་་གནས་མོ་དྲིན་ཆེན། ཞེས་ལབ་པ་ལས་དོན་དངོས་ཐོག་ཁོས་གློག་ག་གྲས་སེ་བསད་དགོས་ཡོད་མེད་ཧ་གོ་ཡི་ཡོད་པ་མ་རེད། བྱས་ཙང་ཨ་ཕོ་ཞོགས་ཇ་བཏུང་ཚར་བ་དང་ཚོང་ལ་འགྲོ་རན་སྐབས། ཡ་ད་གནས་མོས་ང་ཚོང་ལ་འགྲོ་སྐབས་གློག་བསད་ནས་འགྲོ་དགོས་ལབ་བྱུང་ཅེས་གློག་གསོད་སྟངས་ཤེས་ཀྱི་མེད་རྐྱེན་སེམས་ནང་གློག་ཀྱང་མི་དང་སེམས་ཅན་ནང་བཞིན་གསོད་དགོས་ཀྱི་རེད་བསམས་ནས། གྲི་རིང་པོ་དེ་མར་བཏོན་ཏེ་གློག་དེར་བརྒྱབ་པས། ཨ་ཕོར་གློག་འཁྱུད་དེ་སྐད་ངན་ཤོར་བ་དེ་གནས་མོས་གོ་བ་དང་གནས་མོ་དེར་བརྒྱུགས་ཡོང་སྐབས་ཨ་ཕོའི་བྱས་རྗེས་རྣམས་མཐོང་བས་ལམ་སེང་སྨན་ཁང་ལ་སྐྱེལ་དགོས་པ་ཆགས་པ་རེད།

ཡོང་ཁུངས་གཞན།  ཡི་གེ་བ་གྲུ་ལྷོ་སྐལ་བཟང་ཕུན་ཚོགས།

One thought on “དག་ཡིག་མི་ཤེས་པའི་གྲྭ་བ། ཨ་ཕོ་བྱས་རྗེས།

  1. tseringnorbu19 ཕྱི་ལོ། ༢༠༡༤ ཟླ། ༠༩ ཚེས། ༠༧ at ༡༡:༡༧ pm

    ཧེ་ཧེ་་ཡག་ཀི་

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading