རྡེའུ་དཀར་པོ།
སྨག་ནག་ལྷིང་འཇགས་ཤིག་ལ།།
གཤིས་འཇམ་སེམས་རྩ་དཀར་པའི།།
འབྲོག་མོ་དྭངས་མ་ཞིག་ལ།།
སེམས་ཀྱི་རྟེན་ས་བཅོལ་ཡོད།།
སྦྲ་ནག་གྲུ་བཞིའི་ནང་གི།
ཆར་བ་ཟམ་ཟིམ་འོག་ནས།།
རིམ་ཁ་དྲོན་མོ་ཅན་གི།
ཨ་ཅེ་འབྲོག་མོ་བྲིས་ཡོད།།
རྫ་ཁའི་ལུག་རྫི་བུ་མོ།།
རྫ་འདབས་གང་ནས་ཐུག་ན།།
བསིལ་འཇམ་རླུང་བུའི་འོག་གི།
བརྩེ་བ་དྲོན་མོ་མ་བརྗེད།།
ལུག་རྫི་ཟོག་རྫི་གཉིས་ཀྱི།།
གད་འོག་རྩེད་རའི་ནང་གི།
ཁྱོ་ཤུག་གཉིས་ཀྱི་གཏམ་རྒྱུད།།
དམར་རྗེན་དེ་ཡང་མ་བརྗེད།།
འབར་རྡེའི་ཁང་ཁྱིམ་དེ་ནས།།
ས་རྡོའི་སྡེར་ཁ་དེ་ཡིས།།
མགྲོན་པོ་འཛུམ་གྱིས་བསུ་བའི།།
ཁྱེད་ཀྱི་ཞལ་རིས་བརྗེད་མེད།།
བཅུ་དྲུག་ལང་ཚོར་སྨིན་པའི།།
མཁུར་ཚོ་དམར་བའི་འབྲོག་མོ།།
ལུག་ཆུང་རྗེས་ཀྱི་མེ་ཏོག།
ཡ་ཆུང་སེམས་ལ་ཐིམ་སོང་།།
གནམ་ཟླ་འཁྱག་དུས་ཤིག་ལ།།
སྨག་རྩ་རུབ་པའི་མཚན་མོར།།
སྦྲ་འདབས་འོག་གི་གསང་བ།།
ད་དུང་སེམས་ལ་སྦས་ཡོད།།
མི་འདོད་ལས་དབང་ཞིག་གིས།།
གྱེས་བྲལ་ཐོག་རྒོད་ནག་པོ།།
བུ་ཆུང་ཕྱོགས་ལ་ལྷུང་བས།།
རྒྱང་ལ་བཞུད་དགོས་བྱུང་སོང་།།
རྒྱ་མཚོའི་ཕ་རོལ་ཚུལ་རོལ།།
སྙིང་གཏམ་ཕར་བཤད་ཚུར་བཤད།།
ལོ་ཟླ་ཅི་ཙམ་འགོར་ཡང་།།
འབྲོག་མོ་སེམས་ནས་བརྗེད་མེད།།
མཚན་གཞུང་རིང་མོ་ཞིག་ལ།།
རྒྱང་རིང་སེམས་ཀྱི་འབྲོག་མོར།།
དེང་རབས་འཕྲིན་ལམ་དེ་ནས།།
སྙིང་གཏམ་དྲོལ་མོ་བཤད་ཡིན།།
ཚིག་གསུམ་སྙིང་ལ་ཟུག་པས།།
སེམས་ལ་རྨ་ཁ་བཟོས་ཐལ།།
དྲན་གདུང་ན་ཟུག་ལྗི་མོ།།
སྐད་འཕྲིན་ལམ་ནས་ཤོར་སོང་།།
རྒྱང་རིང་ཨ་ཅེ་འབྲོག་མོས།།
མིག་ཀོང་མཆུ་མའི་བརླན་ནས།།
ལོ་ཟླའི་གཏམ་རྒྱུད་རང་མོས།།
སེམས་དང་བསེམ་པ་གླན་སོང་།།
ངེད་དྲ་ཚིགས། གང་བྱུང་བརྒྱུད་འགོད་བྱེད་མི་ཆོག
རྒྱ་བོད་གནད་དོན་གསལ་འདེབས་མདོར་བསྡུས་ཡག་ཐག་ཆོད་བྱས་འདུག བཀའ་དྲིན་ཤིན་ཏུ་ཆེ།
I want to buy this book. Can anyone Help?
ཐུགས་རྗེ་ཆེ། འཕྲུལ་དེབ་ཧ་ཅང་ཡག་པོ་བཟོས་གནང་འདུག
མཁྱེན་ལྡན་པ་ལགས་སུ་ཞུ་རྒྱུར། གུས་ནས་འཕྲུལ་དེབ་གཅིག་ཀྱང་ཕབ་ལེན་ཐུབ་ཀྱི་མི་འདུག་པས་ ཕབ་ལེན་ཇི་ལྟར་བྱེད་དགོས་མིན་ཐད་ལམ་སྟོན་གནང་རོགས། ཐུགས་རྗེ་ཆེ།
[…] page (no longer online) and then re-posted by Tibetan language diaspora websites Khabdha and Wokar. Tashi Rabten is from…