སྲོག་ཆགས་ཀྱི་སྐོར་གྱི་གབ་ཚིག ལན།
༤༩ དམར་ཆེན་གཏོར་མ་དུང་གི་འདབ་མ་ཅན། ༤༩ སྙིང་།
༥༠ མགར་བས་མགར་ལྕགས་ཁུར་ཏེ་ནག་ལ་ཐལ། ༥༠ ཤ་བོ་དང་གླ་བོ།
སྨན་པས་སྨན་ཁུག་ཁུར་ཏེ་བྲག་ལ་ཐལ།
༥༡ ཁྱེད་གང་ལ་སོང་། ༥༡ མཁལ་མ།
ང་སྣུམ་ལ་སོང་།
ཁྱོད་སྣུམ་ཐིག་མེད་པ་ཅི་ཡིན།
༥༢ ཐགས་པས་འཐག་ཤིང་ཁུར་ཏེ་ཉིན་ལ་ཐལ། ༥༢ ཤ་བོ་དང་གླ་བོ།
སྨན་པས་སྨན་ཁུག་ཁུར་ཏེ་སྲིབ་ལ་ཐལ།
༥༣ དམར་པོ་ཁྲག་ལ་དགའ་བས་རི་སྤྱང་སྔོན་མོའི་དོ་ཟླ། ༥༣ ཤ་སྦྲང་།
ཡ་ཐོད་མིག་གིས་གང་བས་དོམ་ནག་སྨྱོན་པའི་དོ་ཟླ།
ནམ་མཁའི་མཐོངས་ལ་འཕུར་བས་ཐང་དཀར་རྒོད་པོའི་དོ་ཟླ།
༥༤ སྐེད་པ་ཡག་པ་རྡོ་རྗེ་རྒྱལ། ༥༤ སྦྲང་མ།
མགོ་བོ་ཡག་པ་ཁྲོ་བོ་རྒྱལ།
རྔ་མ་ཡག་པ་ཕྱུག་རིས་རྒྱལ།
༥༥ རྐང་ལ་བུ་ལའི་ལྷམ་ཞིག་ཡོད། ༥༥ ཕུག་རོན།
ངོ་ན་དུང་གི་ཐེའུ་ཞིག་ཡོད།
རྒྱབ་ན་གཤིན་རྗེའི་ཁྲམ་ཞིག་ཡོད།
༥༦ དགུང་ཨ་སྔོན་ལྕགས་བྱ་ཤར་རྒྱལ། ༥༦ གླག་དང་རི་བོང་།
ས་དོག་མོའི་རྟ་མཆོག་གྱོལ་རྒྱལ།
༥༧ ཨང་གི་མཐོ། ཨང་གི་དམའ། ༥༧ རྔ་མོང་།
ཁྱུང་གི་སྐེ། ཁྲ་རིལ་མིག
༥༨ ཤ་ཡི་ཀ་རིང་བཞི་ལ་ཀོ་ཡི་ཀ་རྡོ་བཞི། ༥༨ རྔ་མོང་གི་སུག་རྐང་།
༥༩ བག་མ་ཁྲ་རིལ་མཁའ་ཡས་མ། ༥༩ སྐྱ་ཀ
༦༠ ལྕགས་མཁར་སྒོ་མེད་ཀྱི་སྒོ་འབྱེད་ཤེས་རུང་གཏན་མི་ཤེས། ༦༠ བྱ་སྒོང་།
༦༡ ལྟས་ངན་མགོ་གསུམ་ཅན། ༦༡ རྔ་མོང་།
༦༢ བྲག་ནག་དཀྱིལ་གྱི་གཡུ་རྡོག ༦༢ མཚེར་བ།
༦༣ མགོ་ན་རྒྱལ་བ་རིགས་ལྔ། ༦༣ བྱ་ཕོ།
བར་ན་བྱུ་དཀར་ཕྲེང་བ།
ཨོང་ཤ་ན་ཆ་ཚང་ལབ་ཙེ།
༦༤ ཟངས་ཀྱི་བུམ་པ་དངུལ་གྱི་ཧྲུབ་གཟན་ཅན། ༦༤ རྒྱུ་ཤ
༦༥ དམར་དམར་རྔ་རིང་སྣ་ནག་མ། ༦༥ ཝ།
༦༦ དབྱར་དགུན་མེད་པའི་སྣུམ་རས། ༦༦ ཁྱིའི་སྣ།
༦༧ སྐེད་པ་ཉག་ག་རྡོ་རྗེ་རྒྱལ། ༦༧ གྲོག་མ།
༦༨ རྐང་ཐང་ང་འགྲོ་རེར་སྣ་གཅུ་འགུག་རེར། ༦༨ ཟོག་གི་རྗེས།
༦༩ རྣ་རིང་ལག་ཐུང་རྭ་མེད། ༦༩ རི་བོང་།
༧༠ བྱ་རྒྱལ་ཐལ་མདོག ༧༠ ཕུག་རོན།
༧༡ གཤོག་ཅན་བླ་མ། ༧༡ སྦྲང་མ།
༧༢ འབུད་ཤིང་སྐམ་པོ་གཅོག་མི་ཐུབ། ༧༢ སྦྲུལ་དང་སྦལ་པ།
ཚང་ར་ཚོན་པོ་གཅུ་མི་ཐུབ།
༧༣ ཕྱི་བལྟས་མར་མེ་རུལ་བུ། ༧༣ བྱ་སྒོང་།
ནང་བལྟས་འབྲི་མར་སེར་པོ།
༧༤ ཐང་སྐྱ་ལེབ་ཐོག་གི་གཡུ་དྲེལ་ལེབ། ༧༤ མཚེར་བ།
༧༥ སྐྱི་མོའི་གཤོག་པ་ཅན། ༧༥ ལུག་ཤ་ཚང་ར།
དུང་གི་ཁོག་པ་ཅན།
བལ་གྱི་རྔ་མ་ཅན།
༧༦ གུར་དཀར་རིལ་ནང་གི་བླ་མ་སྨག་རིལ། ༧༦ སྙིང་།
༧༧ རྟ་མ་སོང་ལུང་བ་རྗེས་ཀྱིས་གང་། ༧༧ ཕོ་བའི་ཁ།
༧༨ རྒོད་མ་རྐྱང་དམར་ཞིག་གིས། ༧༨ གློ་སྙིང་གཉིས་ཀ
རྟེའུ་ཁ་དཀར་ཞིག་ཁྲིད་ནས།
སྲབ་མདའ་རིང་པོ་ཞིག་དྲུད།
༧༩ ཟེའུ་དཀར་པོའི་ནང་གི་ཞོ་ཞིམ་པོ། ༧༩ རྐང་མར།
༨༠ སྲིང་བལ་ནང་གི་ཆུ་ཉལ། ༨༠ མཁལ་མ།
༨༡ ཕྱི་དཀར་པོ་གོས་ཀྱི་ཡང་ཤམ་ཅན། ༨༡ གྲོད་པུ།
ནང་སེར་པོ་གསེར་གྱི་རྫོངས་པ་ཅན།
༨༢ སྟོད་རྒྱ་གར་ཡུལ་ནས་གོས་ཤིག་འོངས། ༨༢ སྟོད་ཚིལ།
གོས་ཕྱི་ནང་མ་ཤེས་ལོ་གསུམ་འགོར།
༨༣ སངས་རྒྱས་ནས་འཕུར་ལ་ཁད། ༨༣ གྲོད་པུ།
སྐེ་འགག་ནས་ཤི་ལ་ཁད།
༨༤ མི་རྒན་ནག་ལྡིང་ཞིག་གིས། ༨༤ མཆིན་མཁྲིས།
ཞྭ་མོ་ཁ་ལྷབ་ཅིག་གོན།
སྒེ་ལ་ཤེལ་ཕང་ཞིག་བཏགས།
༨༥ མཆོད་རྟེན་དཀར་པོར་སྒོ་མེད། ༨༥ སྒོ་ང་།
སྒོ་ཡོད་པའི་ནང་མོར་འཕུར་འགྲོ།
༨༦ ཕ་གི་ཐང་གི་ཐང་དཀྱིལ་ན། ༨༦ སྦྲུལ།
མུ་ཏིག་སྲན་མ་དགུ་འཁྱིལ་ཡོད།
༨༧ སྐེད་ན་འཇའ་ཚང་གུར་ཞིག་ཡོད། ༨༧ ཕུག་རོན།
རྐང་ན་བུ་ལྭའི་ལྷམ་ཞིག་ཡོད།
༨༨ ནགས་སུ་མི་འགྲོ་གླང་བོ་ཆེ། ༨༨ སྦལ་པ།
དུས་བཞིར་གྲམ་པའི་ནང་དུ་ཉལ།
༨༩ ཕྱི་ན་དུང་གི་གཤོག་པ་ཡ་གཅིག་མངོན། ༨༩ རྒྱུ་ཤ
ནང་ན་སྟག་གི་རི་མོ་མངོན་པོར་བཀྲ།
སྦྲུལ་གྱི་མཇུག་མ་གཡུ་འབྲུག་ལྷོ་བར་ཟུག
<<འཇིག་རྟེན་ཀུན་ཏུ་དགའ་བའི་གཏམ་ངག་གི་རོལ་མཚོ>>ལས་བདམས་བཀོད་བྱས། ངེད་དྲ་ཚིགས།
རྒྱ་བོད་གནད་དོན་གསལ་འདེབས་མདོར་བསྡུས་ཡག་ཐག་ཆོད་བྱས་འདུག བཀའ་དྲིན་ཤིན་ཏུ་ཆེ།
I want to buy this book. Can anyone Help?
ཐུགས་རྗེ་ཆེ། འཕྲུལ་དེབ་ཧ་ཅང་ཡག་པོ་བཟོས་གནང་འདུག
མཁྱེན་ལྡན་པ་ལགས་སུ་ཞུ་རྒྱུར། གུས་ནས་འཕྲུལ་དེབ་གཅིག་ཀྱང་ཕབ་ལེན་ཐུབ་ཀྱི་མི་འདུག་པས་ ཕབ་ལེན་ཇི་ལྟར་བྱེད་དགོས་མིན་ཐད་ལམ་སྟོན་གནང་རོགས། ཐུགས་རྗེ་ཆེ།
[…] page (no longer online) and then re-posted by Tibetan language diaspora websites Khabdha and Wokar. Tashi Rabten is from…