ཀུ་ཤུ་དྲུག་པ iPhone 6 དང་དྲུག་པ་སྣོན་མ།iPhone 6plus ཀུ་ཤུའི་ཆུ་ཚོད་ Watch སོགས་ཕྱི་ཟླ་༩ ཚེས་ ༡༩ ཉིན་དངོས་སུ་ཨ་རི་ནས་ཚོང་འགྲེམ་བྱེད་གཏན་འཁེལ་འདུག
ཀུ་ཤུ་དྲུག་པ་ལྔ་བ་ལས་ཨིན་ཇི་གཅིག་གི་ཆེ་བ་ཡོད་པ་དང་། ཀུ་ཤུ་དྲག་པར་གྱེན་ལ་ཨིན་ཇི 5.44inches ཐད་ལ་ 2.64 སྲབ་མཐུག་ལ་ཨིན་ཇི་ 0.27 ཡོད་པ་དང་། ཀུ་ཤུ་དྲུག་པར་སྣོན་མར་གྱེན་ལ་ཨིན་ཇི 6.22 inches ཐད་ལ་ 3.06 སྲབ་མཐུག་ལ་ཨིན་ཇི་ 0.28 ཡོད་པར་བརྗོད། མཚོན་མདོག་སྔོན་ལྟར་དཀར་པོ་དང་། ནག་པོ། གསེར་མདོག་གསུམ་རེད། ཀུ་ཤུ་དྲུག་པའི་མ་ལག་གཙོ་བོ་ iOS བརྒྱད་པ་ཡིན་པ་དང་། iOSགསར་པ་དེ་སྔོན་མིའི་བདུན་པ་དང་བསྡུར་ན་མ་ལག་ཡང་དུ་བཏང་ཡོད་པས་སྔར་དང་མི་འདྲ་བར་དུས་ཡིན་ཇི་ཙམ་རིང་པོར་སྤྱོད་ཀྱང་ཚ་བོ་མི་ཆགས་པ་དང་འགག་ཐོགས་ཀྱི་སྐྱོན་མེད་བརྗོད་འདུག སྔོན་མ་ལས་མ་ལག་ཡང་དུ་ཕྱིར་པའི་གློག་རྫས་ཀྱི་ལས་ཀ་ཉུང་དུ་བྱིན་པའི་གློག་ཡུན་སྔར་ལས་རིང་བར་འདང་སྐད། པར་ཆས་ཀྱི་ཤུགས་ཚད་སྔོན་ལྟར 8-Megapoxel ཡིན་པས་ཐོན་རིམ་ལྔ་པ་ལས་ལྷག་པ་གང་མེད་ཀྱང་ཚོར་ཤེལ་ལམ་ sensor དེ་མཐོ་པོར་སྤར་ཡོད་པར་བརྟེན་པར་སྔར་ལས་ལྡབ་གསུམ་གི་གསལ་བ་དང་གཙང་པར་ཐེབས་ཀྱི་ཡོད་འདུག བརྙན་པར་རིགས 30+60fps གཉིས་ཀའི་ནང་ལེན་ཆོག་པའི་སྤུས་ཚད་མཐོ་ལ་ཤིན་ཏུ་གསལ་བོ་ཡོད་འདུག སྤུས་ཚད་འདི་ད་བར་རིན་གོང་མཐོ་བའི་པར་ཆས་རྣམས་ལས་ཁ་པར་གང་ལ་ཡང་མཉེན་ཆས་འདི་སླེབས་མེད་ཟེར། འདིས་པར་གྱི་གཟུགས་རིས་རྣམས་ཞིབ་ཚགས་ཏུ་བཏང་བའི་འོད་སྟེར་སོགས་སུ་ཕབ་ཀྱང་གསལ་བོ་ཡོད་འདུག
ད་དུང LTE འམ་མིང་གཞན 4G ཡི་མ་ལག་ནང་དུ་ཡོད་པས་བྱང་བུ་བརྒྱུད་ནས་དྲ་ཐོག་ནས་དྲ་དངོས་རྣམས་བདེ་ལེགས་ངང་མགྱོགས་པོ་ཕབ་ལེན་བྱ་ཐུབ། གོང་བརྗོད་ལྟར་རྩ་བའི་མ་ལག་ཡང་དུ་ཕྱིན་པར་བརྟེན་ཁ་པར་བྱང་བུ་བརྒྱུད་བེད་སྤྱོད་གཏོང་སྐབས་གློག་བརྙན། གླུ་གཞས། དྲ་རྩེད་སོགས་བཀོལ་སྤྱོད་བྱ་སྐབས་སུ་ཡང་སྔར་ལས་བརྒྱ་ཆ་གསུམ་མམ་སྐར་མ་༤༠ཙམ་གྱི་དུས་ཡུན་རིང་བ་དང་མང་པོ་བེད་སྤྱད་གཏོང་ཐུབ།
གལ་ཆེན་ཞིག་ནི་ཐོན་རིམ་ལྔ་པ་ལྟར་འདིའི་ནང་ལ་ཡང་ NFC ཞེས་པའི་ཡོ་བྱད་དེ་ཡོད་པར་བརྟེན་ NFC ཅན་གྱི་ཁ་པར་གཞན་ནམ་ཚུ་ཚོད་སོགས་དང་མཐུད་ཆོག དེ་སྔ་ཀུ་ཤུ་རྟགས་ཅན་གྱི་ Blue-tooth བརྒྱུད་ཁ་པར་གཞན་སོགས་ལ་འཐུད་མི་ཐུབ་ཀྱང་ད་ནས་བཟུང་འཐུད་ཐུབ་པར་བརྗོད་སྐད། ཁྱད་པར་དུ་ NFC བརྒྱུད་རང་གི་སྔར་ནས་ཀུ་ཤུ་དྲུག་པའི་ནང་ཉར་ཚགས་བྱས་པའི་དངུལ་ཁང་ཨང་གྲངས་དང་དྲ་དངུལ་སྤྱད་དེ་ཨ་རི་དང་ཡོ་རོབ་རྒྱལ་ཁབ་སོགས་སུ་ཚོང་ཁང་མང་ཆེ་བར་དངུལ་དངོས་དང་དངུལ་བྱང་སོགས་སྤྱོད་མི་དགོས་པར་ཀུ་ཤུ་རྟགས་ཅན་གྱི་ཁ་པར་དྲུག་པ་བརྒྱུད་ནས་དངུལ་སྤྲོད་ཐུབ་པའི་ཁྱད་ཆོས་ཡོད་པར་བརྗོད་སྐད།
རྒྱ་གར་གྱི་དུས་བབ་ཐོག་བརྗོད་པ་ལྟར་ན་ཀུ་ཤུ་དྲུག་པ་དང་དྲུག་པ་སྣོན་མ་གཉིས་རྒྱ་གར་ཚོང་ཪའི་ནང་ཕྱི་ཟླ ༡༠ ཚེས་༡༧ ཉིན་དངོས་སུ་ཚོང་འགྲེམ་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག
ཀུ་ཤུའི་ལས་ཁུངས་ཀྱི་ཁྱབ་བསྒྲགས་ལྟར་ན་ཐེངས་འདིར་ཀུ་ཤུའི་ཁ་པར་དྲུག་པ་དགྱ་ནག་ནང་ཚོང་འགྲེམ་བྱ་རྒྱུ་མིན་སྐོར་བརྗོད་འདུག འོན་ཀྱང་ཧོང་ཀོང་ལ་ཚོང་འགྲེམ་བྱེད་རྒྱུ་ཡིན་པར་བརྗོད་འདུག
ངེད་དྲ་ཚིགས།