འོད་དཀར། གདུང་དམར་བའི་མི་བུ་ངས སེམས་ཁམས་ཁྲག་གིས་བཀང་སྟེ རེ་བའི་སྨོན་མདུན་དེའི་ཆེད་མདུན་བསྐྱོད་བྱས ངའི་མདུན་དུ་མངོན་པའི་ལམ་ཁ་དེ་ན འཇིག་རུང་གི་གཤིན་ཡུལ་ཅིག་ཡོད་དུ་ཟད་ཀྱང ལྗིད་ཏིག་ཏིག་གི་གོམ་འགྲོས་རེ་རེ འདི་ལྟར་རྔུལ་ཆུ་དང་ཁྲག་མདོག་གིས་ཕབ དགྱ་དམར་གྱི་བཀག་རྒྱ་ནི ངའི་མདུན་བསྐྱོད་ཀྱི་སྤོབས་པར་མཐོང་བཞིན ཨུ་ཚུགས་ཀྱི་དམ་བཅའ་དེ་ཚོར ཕྱིར་སྡོམས་དང་དྲན་གསོ་ཡང་ཡང་བྱས དེ་དུས ངའི་བློ་ཕམ་མྱོང་མེད་ལ ངུ་མྱོང་དེ་བས་ཀྱང་མེད སང་ཉིན་བསྒྲུབ་དཀའ་བའི་གསང་བ་དེའི་ཆེད ཁ་སེང་ངའི་མདུན་བསྐྱོད་ཀྱི་ལམ་བར་ནས སྤུན་ཟླ་ཞིག་གི་གནོད་སེམས་དེ་ཇི་འདྲའི་འཇིགས་རྔམ་ཞིག་རེད་ཨང མགོ་བོ་ཐང་ལ་བརྡབས་པའི་བྲག་ཆ་དེ་སུ་ཞིག་ལ་བརྗོད ན་ཟུག་དེ སུ་ཞིག་གི་ཆེད་དུ་ཡིན་པ་གསལ་བོར་ཤེས་ཀྱང ཟུག་ངུ་འདི་སུ་ཞིག་གིས་རྟོགས་ཐུབ ད་དུང་ཁྱོད་རང འཇིགས་སྣང་མེད་པར་གདོང་དམར་བའི་མདུན་ནས ཚེར་མ་ལྟར་ཀྲོང་ངེར་གྱེན་དུ་བསྒྲེངས་ནས་འདུག་གམ ངས་ཁྱོད་ལ་གླེན་པར་བརྗོད་ན ཁྱོད་ཀྱིས་ཁྲེལ་རྒོད་བྱེད་སྲིད འོན་ཀྱང་ཁྱོད་ཀྱི་ངོ་གདོང་དངོས་མ་དེ...
དེ་ལས་མང་པ།
ཀྱེ། བདག་གི་ཡུམ་ཆེན་ལགས།
རྡོ་རྗེ་རིན་ཆེན། ཀྱེ། བདག་གི་ཡུམ་ཆེན་ལགས། ནངས་མོ་དེ། དགུན་ལྗོངས་ཤིག་གི་ཁ་བ་བུ་ཡུག་གི་གྲང་རླུང་ཁྲོད་སད་པར་གྱུར་མོད། ཁྱེད་རང་གཙང་བོ་ཞིག་ལྟར་འཁྱགས་རོམ་དང་ལྷན་གཟིམས་པར་གྱུར། དུས་དེ་ནས་བཟུང་། བདག་གིས་ཁྱེད་ཀྱི་བརྩེ་བའི་འཛུམ་མདངས་མཐོང་བར་མ་གྱུར་ལ། ཁྱེད་ཀྱི་གསུང་གླེང་ཡང་ཐོས་པར་མ་གྱུར། . ལོ་རེའི་དཔྱིད་ཀ་ཚེས་ཉིན། བདག་གཙང་འགྲམ་དུ་སོང་ནས། ཁྱེད་ལ་ཤོག་གྲུ་རེ་བསྐུར་བར་གྱུར་ཅིང་། བདག་གིས་ཁྱེད་ལ་ཤོག་གྲུ་བསྐུར་ཐེངས་རེར། ཡུམ་ཆེན་ཁྱེད་གཙང་བོའི་རླབས་རིས་སུ་སྤྲུལ་ཏེ། བདག་གི་ཤོག་གྲུ་ལ་བརྩེ་བའི་མཆུ་གླན་བཞིན་པ། བདག་གིས་མཐོང་བར་གྱུར། . དུས་དེ་ནས་བཟུང་། བདག་གིས་ཁྱེད་རང་ཉིད་ཀྱི་གཅེས་ཕྲུག་དང་གཏན་ཏུ་བྲལ་མེད་པ་རྟོགས་པར་མ་ཟད། དཔྱིད་ཀའི་བསིལ་རླུང་ལས། བདག་གིས་ཡུམ་ཆེན་ཁྱེད་ཀྱི་གསུང་གླེང་དང་དྲི་ངད་ཚོར་ཞིང་། མཚན་མོའི་སྐར་ཚོགས་ལས། བདག་གིས་ཡུམ་ཆེན་ཁྱེད་ཀྱི་འཛུམ་མདངས་དང་བརྩེ་བ་ཉམས་སུ་མྱངས་ཐུབ་པར་གྱུར། ངེད་དྲ་ཚིགས།...
དེ་ལས་མང་པ།
རྒྱའི་འགོ་དཔོན་ལ་གསོལ་སྐྱག་སྤྲད་པ། ཨ་ཁུ་སྟོན་པ།
ཨ་ཁུ་སྟོན་པ། ཉིན་གཅིག་ཨ་ཁུ་སྟོན་པ་ལྷ་ས་ནས་ཚལ་བདེ་ཆེན་ཁུལ་དུ་ལོག་འགྲོ་སྐབས། ཆོས་ལགས་ཁ་ཤས་དང་ཐུག ཁོ་པ་ཚོ་ལམ་དུ་འགྲོ་སྐབས། ཨ་ཁུ་སྟོན་པས་ཆེད་མངགས་བརྙས་བརྐོས་ཏེ་ཁོ་ཚོར། “ཁྱེད་ཚོ་སྐྱག་པ་ཚ་པོ་བཟོ།” ཞེས་བརྗོད་པར། ཆོས་ལགས་དེ་ཚོ་ཚིག་པ་ཟ་ཐག་ཆོད་དེ། ཨ་ཁུ་སྟོན་པ་ཚུར་ལ་བཟུང་ནས་ལམ་སེང་རྫོང་དཔོན་ལ་སྙན་སེང་ཞུ་བར་ཕྱིན་པས། རྫོང་དཔོན་གྱིས་ཨ་ཁུ་སྟོན་པར། “ཁྱེད་ཀྱིས་ཁོ་ཚོར་དོན་མེད་སྐྱག་པ་ཚ་པོ་བཟོ་ཞེས་ལབ་དགོས་དོན་གང་ཡིན།” ཅེས་དྲིས་པར། ཨ་ཁུས། “ངས་རང་ཚོད་མ་ཟིན་པར་ཁོ་ཚོར་སྐྱག་པ་བཟོ་ལབ་པ་ཡིན། བཀའ་ཉེས་གང་གནང་རུང་ཞུ་རྒྱུ་ལས་གཞན་ལྷག་མེད།” ཅེས་ངོས་ལེན་བྱས་པར། རྫོང་དཔོན་གྱིས། “གནས་ཚུལ་ཆེ་བ་རང་མི་འདུག འོན་ཀྱང་ཁྱོད་ཀྱིས་ཚོད་མ་ཟིན་པར་དོན་མེད་མི་ལ་སྐྱག་པ་བཟོ་ལབ་པའི་ཉེས་པར། ད་ཁྱོད་རང་གསང་སྤྱོད་འོག་ཏུ་ལངས་སྡོད་དགོས། ཆོས་ལགས་ཁྱེད་རང་ཚོ་རེ་རེ་བྱས་ཏེ་ཨ་ཁུ་སྟོན་པའི་མགོའི་ཐོག་ལ་སྐྱག་པ་ཚ་པོ་རེད་གཏང་དགོས།” ཞེས་བཀའ་ཉེས་བཏང་ངོ་། དེ་ལྟར་ཨ་ཁུ་སྟོན་པས་ཁས་ལེན་བྱས་ནས་གསང་སྤྱོད་འོག་ཏུ་ལངས་ནས། “ད་རྫོང་དཔོན་གྱི་བཀའ་བཞིན་ཁྱེད་ཚོ་རེ་རེ་བྱས་ནས་སྐྱག་པ་ཚ་པོ་གཏོང་བར་ཡོང་རོགས་བྱོས། ཡིན་ནའང་བཀའ་ཉེས་ལ་སྐྱག་པ་ཚ་པོ་གཏོང་རྒྱུ་མ་གཏོགས་གཅིན་པ་གཏང་ཆོག་པའི་བཀའ་མེད་པས། སུས་ཀྱང་གཅིན་པ་ཐིགས་པ་གཅིག་བཏང་བྱུང་ན་ངའི་ལག་པར་མདུང་ཞིག་ཡོད་པ་འདི་རྐུབ་ལ་བཙུག་ཐག་ཆོད་ཡིན།” ཞེས་ལབ་པས། ཆོས་ལགས་གཅིག་གིས་ཀྱང་གཅིན་པ་ཤོར་དོགས་ཀྱིས་སྐྱག་པ་གཏང་མ་ནུས་པར་བརྟེན་ཨ་ཁུར་རྒྱལ་ཁ་ཐོབ་པ་རེད། རྒྱའི་སྡེ་སྲུང་འགོ་དཔོན་ལ་གསོལ་སྐྱག་སྤྲད་པ། ཐེངས་ཤིག་རྒན་བསམ་གཏན་ལགས་ཁོང་རང་སྒེར་ཚོང་ཞིག་གི་ཆེད་རྒྱ་ནག་ཏུ་ཕེབས་སྐབས། རྒྱ་ནག་གི་སྡེ་སྲུང་དམག་མི་ཚོས་དངོས་ཤུགས་བརྒྱུད་གསུམ་གྱིས་ཁོང་གང་འགྲོའི་སར། དོ་དོ་གཟབ་ནན་གང་མང་བྱེད་བཞིན་ཡོད་པ་དེ་ཁོང་གིས་མཁྱེན་རྟོགས་བྱུང་བ་དང་། ཁོང་གིས་ལམ་སང་ལམ་བཞི་མདོ་ཁ་ཡོད་ས་ཞིག་ཏུ་ཕྱུ་པའི་སྐེ་རག་བཤིག་ནས་བསྡད་ཡོད་པ་མཐོང་བ་ལས་སྐྱག་གཅིན་གཏོང་བཞིན་ཡོད་པ་ནི་རྩ་བ་ཉིད་ནས་མ་ཤེས། ཁོང་གིས་སྐྱག་གཅིན་བཏང་ཚར་བ་དང་ག་ལེར་ཡར་ལངས་ནས་རང་ཉིད་ཀྱི་ཞྭ་མོ་དེ་སྐྱག་པ་དེར་བཀབ་ནས་གལ་ཆེ་མདོག་ཁ་པོ་བྱས་ནས་བཟུང་བསྡད་པས།...
དེ་ལས་མང་པ།