འོད་དཀར།
གདུང་དམར་བའི་མི་བུ་ངས
སེམས་ཁམས་ཁྲག་གིས་བཀང་སྟེ
རེ་བའི་སྨོན་མདུན་དེའི་ཆེད་མདུན་བསྐྱོད་བྱས
ངའི་མདུན་དུ་མངོན་པའི་ལམ་ཁ་དེ་ན
འཇིག་རུང་གི་གཤིན་ཡུལ་ཅིག་ཡོད་དུ་ཟད་ཀྱང
ལྗིད་ཏིག་ཏིག་གི་གོམ་འགྲོས་རེ་རེ
འདི་ལྟར་རྔུལ་ཆུ་དང་ཁྲག་མདོག་གིས་ཕབ
དགྱ་དམར་གྱི་བཀག་རྒྱ་ནི
ངའི་མདུན་བསྐྱོད་ཀྱི་སྤོབས་པར་མཐོང་བཞིན
ཨུ་ཚུགས་ཀྱི་དམ་བཅའ་དེ་ཚོར
ཕྱིར་སྡོམས་དང་དྲན་གསོ་ཡང་ཡང་བྱས
དེ་དུས ངའི་བློ་ཕམ་མྱོང་མེད་ལ
ངུ་མྱོང་དེ་བས་ཀྱང་མེད
སང་ཉིན་བསྒྲུབ་དཀའ་བའི་གསང་བ་དེའི་ཆེད
ཁ་སེང་ངའི་མདུན་བསྐྱོད་ཀྱི་ལམ་བར་ནས
སྤུན་ཟླ་ཞིག་གི་གནོད་སེམས་དེ་ཇི་འདྲའི་འཇིགས་རྔམ་ཞིག་རེད་ཨང
མགོ་བོ་ཐང་ལ་བརྡབས་པའི་བྲག་ཆ་དེ་སུ་ཞིག་ལ་བརྗོད
ན་ཟུག་དེ སུ་ཞིག་གི་ཆེད་དུ་ཡིན་པ་གསལ་བོར་ཤེས་ཀྱང
ཟུག་ངུ་འདི་སུ་ཞིག་གིས་རྟོགས་ཐུབ
ད་དུང་ཁྱོད་རང
འཇིགས་སྣང་མེད་པར་གདོང་དམར་བའི་མདུན་ནས
ཚེར་མ་ལྟར་ཀྲོང་ངེར་གྱེན་དུ་བསྒྲེངས་ནས་འདུག་གམ
ངས་ཁྱོད་ལ་གླེན་པར་བརྗོད་ན
ཁྱོད་ཀྱིས་ཁྲེལ་རྒོད་བྱེད་སྲིད
འོན་ཀྱང་ཁྱོད་ཀྱི་ངོ་གདོང་དངོས་མ་དེ
མི་རིགས་འདིར་ཅིས་ཀྱང་ཀྱང་བརྗོད་འདོད
མཐོ་རིམ་དཔོན་པོ་ཚོའི་བདེན་དོན
དེ་རིང་སུ་ཞིག་གིས་ཁུར་བ་ཡིན་ནམ
སྐྱབས་མཆོག་གི་མཁྱེན་དཔྱོད
དེ་རིང་སུ་ཞིག་གིས་བརྐུས་སོང་ངམ།
མུན་ནག་གི་མདུན་བསྐྱོད་དེ་ནས
ཚེ་སྲོག་ག་ཚོད་ཅིག་འཕྲོག་ཡོད་དམ
ད་དུང་མི་མངོན་པའི་དབྱིངས་ན་འཕོ་བཞིན་པའི
ཚེ་སྲོག་ག་ཚོད་ཅིག་ཡོད་དམ
མཐོང་བྱུང་ངམ མི་རིགས་ཀྱི་ཡབ་མེས་ཚོ
གོ་བྱུང་མང གདོང་དམར་བའི་བསྟན་སྲུང་ཚོ
གོ་ཐོས་ལ
ཡབ་མེས་ཀྱི་མགོན་སྐྱབས་དག་ལ
བསྟན་སྲུང་གི་མཐུ་རྩལ་ཡོད་སྐད
དེ་རིང་ཅི་བྱུང་སོང་ངམ
གངས་རིའི་མཐུ་ཅན་ཚོ
མཐོང་བཞིན་པའི་ཟློས་གར་རེ་རེ
མཆོང་ལྡང་བྱེད་བཞིན་པའི་སྙིང་གི་འཕར་རྩ་རེ་རེ
ཅིས་ཕྱིར གསོན་ཤུགས་གིས་འཕག་བཞིན་ཡོད
ཞུམ་ལ་ཉེ་བའི་ངའི་སྤོབས་པ
ཤི་ལ་ཉེ་བའི་ངའི་སྙིང་སྟོབས
ད་དུང གསོན་ཤུགས་ཀྱིས་འབར་ན་འདོད
འོན་ཀྱང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ངེད་དྲ་ཚིགས།
རྒྱ་བོད་གནད་དོན་གསལ་འདེབས་མདོར་བསྡུས་ཡག་ཐག་ཆོད་བྱས་འདུག བཀའ་དྲིན་ཤིན་ཏུ་ཆེ།
I want to buy this book. Can anyone Help?
ཐུགས་རྗེ་ཆེ། འཕྲུལ་དེབ་ཧ་ཅང་ཡག་པོ་བཟོས་གནང་འདུག
མཁྱེན་ལྡན་པ་ལགས་སུ་ཞུ་རྒྱུར། གུས་ནས་འཕྲུལ་དེབ་གཅིག་ཀྱང་ཕབ་ལེན་ཐུབ་ཀྱི་མི་འདུག་པས་ ཕབ་ལེན་ཇི་ལྟར་བྱེད་དགོས་མིན་ཐད་ལམ་སྟོན་གནང་རོགས། ཐུགས་རྗེ་ཆེ།
[…] page (no longer online) and then re-posted by Tibetan language diaspora websites Khabdha and Wokar. Tashi Rabten is from…