ལུང་པ་ཞིག་གི་ནང་ཕོ་མོ་ཕན་ཚུན་གཉེན་སྒྲིག་བྱེད་སྐབས། དེའི་མཚན་མོར་བཟའ་ཚང་གསར་པ་དེ་གཉིས་ཕན་ཚུན་སྐད་ཆ་གཅིག་ཀྱང་བཤད་མི་ཆོག་པའི་གོམས་སྲོལ་ཡ་མཚན་ཅན་ཞིག་ཆགས་ཡོད་པས། ཉིན་གཅིག་ཕོ་གསར་ཞིག་གཉེན་སྒྲིག་བྱེད་སྐབས་ཁོ་པའི་གྲོགས་པོས།དེ་རིང་དགོང་མོ་ཡིན་ན་ཁྱེད་ཀྱིས་མནའ་མར་བསྟན་བཤིག་བསླངས་ཏེ་ཚུར་ལ་སྐད་ཆ་ཤོད་ཐུབ་པ་བྱས་ན། ཚིག་རྐང་རེ་ལ་ངས་དཀའ་ལས་བརྒྱབ་ནས་གསོས་པའི་ཕག་ཕྲུག་རེ་འབུལ་ཆོགཅེས་ལབ་པར་ཕོ་གསར་དེ་དགའ་ཐག་ཆོད་ནས།ཡོང་ང་་་་ཁྱེད་རང་སྒེའུ་ཁུང་འོག་ཏུ་ཡག་པོ་ཉོན་ཨ་ཞེས་ལབ་ནས་སོང་། དེའི་མཚན་མོར་ཁོ་པས་རྐང་བཙུགས་ནས་ཉལ་གོས་རྣམས་ཕྲེད་ལ་གཡོགས་ཏེ་མནའ་མར།ཨ་ཙི་ཉལ་ཆས་འདི་ཞེང་ཆེ་ནའང་ཐུང་དྲགས་འདུགལབ་པར་མནའ་མ་གད་མོ་འཆོར་བཞིན་སྣང་མེད་ཐོགདེ་ནི་ཁྱེད་ཀྱིས་ཉལ་ཆས་ཕྲེད་ལ་གཡོགས་ཙང་བྱས་པ་རེད།ཅེས་ལབ་པར་ཁོ་པ་དགའ་ཐག་ཆོད་ནས།ཡག་བྱུང་ཕག་ཕྲུག་གཅིག་བྱས་ཨ།ཞེས་ལབ་པར་མནའ་མས་ཡ་མཚན་ཆེན་པོའི་ཐོག་ནས་ག་རེ་གཅིག་ཅེས་དྲིས་པར། ཁོ་པ་དེ་བས་དགའ་སྤྲོ་ཆེ་བའི་ཐོག་ནས།ཕག་ཕྲུག་གཉིས་བྱས་ཨ།ལབ་པར་མནའ་མས་སླར་ཡང་།ག་རེ་ཕག་ཕྲུག་གཉིས་ཞེས་དྲིས་པར། ཁོ་པ་དེ་བས་དགའ་སྣང་ཆེ་བ་དང་སྦྲགས།ཕག་ཕྲུག་གསུམ་བྱས་ཨ།ཞེས་ལབ་པར་སྒེའུ་ཁུང་འོག་ན་ཡོད་པའི་ཁོ་པའི་གྲོགས་པོར་དངངས་སྐྲག་སྐྱེས་ནས།མནའ་མ་ད་སྐད་ཆ་ཤོད་མཚམས་ཞོག་མ་གཏོགས་ང་ལ་ཕག་ཕྲུག་བཞི་ལས་མེད། གཅིག་མ་རྩ་བྱེད་ཡག་ལ་གཞག་རོགས་བྱོས།ཅེས་སྐད་རང་དབང་མེད་པ་རྒྱག་དགོས་ཆགས་པ་རེད།


འོ་བྱེད་པ།

བུ་ཆུང་ཡོན་ཏན་གྱི་ཨ་མས་བྲེལ་འཚུབ་ངང་ནས།བུ་་་་དེ་རིང་པ་ལགས་ཀྱི་ཞལ་ལ་ཉན་པོ་བྱས་ནས་སྡོད་ཨ།ཞེས་ཁ་གཅིག་བརྐྱལ་ནས་ལས་ཀར་འགྲོ་རྩིས་བྱེད་སྐབས། བུས།ཨ་མ་ལགས། ཨ་མ་ལགས། ཁྱེད་རང་གིས་ང་ལ་བྱམས་སྐྱོང་གནང་གི་མི་འདུག ང་ལ་འོ་བྱས་ནས་ལམ་སེང་ཕེབས་ཀྱི་འདུག་ག ང་ཚོའི་པ་ལགས་ཀྱིས་ཁྱིམ་མཚེས་ཨ་ཅག་སྒྲོལ་མ་ལགས་ལ་འདི་འདྲས་སེ་བྱམས་པོ་གནང་སྐབས་དུས་ཚོད་རིང་པོ་བཞུགས་ཀྱི་འདུགཅེས་ལབ་པར་ཨ་མ་ལས་ཀར་འགྲོ་ཕར་བཞག པ་ལགས་དང་ཁ་རྩོད་དྲག་པོ་རྒྱག་བཞིན་ཁྱིམ་མཚེས་སྒྲོལ་མའི་ནང་དུ་འགྲོ་དགོས་ཆགས་པ་རེད།

ཡོང་ཁུངས་གཞན།  ཡི་གེ་བ་གྲུ་ལྷོ་སྐལ་བཟང་ཕུན་ཚོགས།

དཔྱད་མཆན་སྤེལ།

%d bloggers like this: