མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་གླེང་བ།

    ༄༅། །སུད་སིའི་གྲོང་ཁྱེར་ཇི་ནི་ཝར་ Geneva དེང་སྐབས་འཚོགས་བཞིན་པའི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༢༧ སྐབས་ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་དང་ཨ་རི། དབྱིན་ཡུལ། ཡུ་རོབ་སྤྱི་མཐུན་ཚོགས་པ་བཅས་ཀྱིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སེམས་འཚབ་ཀྱི་རྣམ་པ་བསྟན་འདུག དེ་ཡང་ཨ་རིའི་གཞུང་ཚབ་པ་མཆོག་གིས་གསུང་དོན། རྒྱ་ནག་གཞུང་གིས་འགྲོ་བསྐྱོད་རང་དབང་ལ་དམ་བསྒྲགས་བྱས་པ་དེ་དག་མཚམས་འཇོག་བྱེད་དགོས་པ་མ་ཟད། ཆབ་སྲིད་བཙོན་པ་གའོ་ཊི་ཤང་ལགས་སོགས་པ་རྣམས་བཙོན་ནས་གློད་བཀྲོལ་གཏོང་དགོས། རྒྱ་ནག་གཞུང་གིས་བོད་དང་ཤིང་ཅང་ས་ཁུལ་ནང་མུ་མཐུད་ཆོས་དད་རང་དབང་ལ་དམ་བསྒྲགས་ཤུགས་ཆེ་རུ་གཏོང་བཞིན་ཡོད། ཅེས་གསུངས།

    གཞན་ཡང་དབྱིན་ཡུལ་སྐུ་ཚབ་མཆོག་གིས་གསུང་དོན། རྒྱ་ནག་གཞུང་གི་ཉེན་རྟོག་མི་སྣ་ཚོས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་ཚད་ལས་འདས་པའི་དྲག་གནོན་བྱེད་བཞིན་པ་དེར་དབྱིན་གཞུང་ལ་སེམས་འཚབ་ཧ་ཅང་ཡོད་པ་མ་ཟད། ང་ཚོས་རྒྱ་ནག་གཞུང་ལ་བོད་མི་དང་ཤིང་ཅང་གྲངས་ཉུང་མི་རིགས་དང་ལྷན་དོན་ཕན་སོན་པའི་གྲོས་མོལ་གནང་སྟེ་དཀའ་ངལ་སེལ་ཐབས་གནང་དགོས་པའི་རེ་འདུན་ཞུ་རྒྱུ་ཡིན། ཞེས་གསུངས།

   གཞན་ཡང་ལྷན་ཚོགས་སྐབས་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ (TCHRD) གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྐོར་གཏམ་བཤད་གནང་འདུག སྐབས་དེར་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་འཇིག་ཉེན་གྲངས་ཉུང་མི་རིགས་སྲུང་སྐྱོབ་ཚོགས་པའི་ཚབ་ཞུས་ནས་ཉེ་ལམ་བོད་ཀྱི་ཁམས་དཀར་མཛེས་ཁུལ་དུ་རྒྱ་ནག་དྲག་ཆས་ཉེན་རྟོག་མི་སྣས་བོད་མི་ཞི་རྒོལ་བའི་ཁྲོད་གང་བྱུང་མེ་མདལ་བརྒྱབ་པའི་གནས་ཚུལ་ཞིབ་ཕྲ་གསལ་བཤད་གནང་བ་མ་ཟད།

   བོད་ཀྱི་ས་ཁུལ་གཙོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པའི་ཆེས་མཐོའི་སྐུ་ཚབ་མཆོག་དང་རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་ཐོག་དམིགས་བསལ་རྟོག་ཞིབ་སྐུ་ཚབ་འཐུས་མི་ཕེབས་འཇུག་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག
ཕྱོགས་མཚུངས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ཧེལ་སིན་ངི་ཐེབས་རྩ་ཁང་ Helsinki Foundation གཉིས་ཟུང་འབྲེལ་ཐོག་བསྒྲགས་གཏམ་ཞིག་སྤེལ་བ་བརྒྱུད་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༤ ནས་ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༢ བར་བོད་མི་གྲངས་ ༤༡ གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་ལ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལྷན་ཁང་ནས་རྟོག་ཞིབ་ངེས་པར་དུ་གནང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག

   དེ་བཞིན་རྒྱ་ནག་གཞུང་གིས་བཙན་དབང་འོག་བོད་མི་གར་སོང་ཆ་མེད་དུ་གྱུར་བའི་དོ་དག་སོ་སོ་དང་། འབྲེལ་ཡོད་ནང་མི་སྤུན་མཆེད། དེ་བཞིན་དཔང་པོ། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་སོགས་ལ་སྡིགས་སྐུལ་དང་བརྙས་བཅོས། འཁོན་ལན་སོགས་འགོག་ཐབས་ཆེད་འབྲེལ་ཡོད་མཉམ་སྦྲེལ་རྒྱལ་ཚོགས་ལས་ཁུངས་ནས་ཐབས་ལམ་འོས་འཚམ་ལྡན་པ་ཞིག་ལག་བསྟར་གནང་རོགས་ཞེས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསུངས་ཡོད། སྐབས་དེར་རྒྱ་ནག་གཞུང་གི་སྐུ་ཚབ་ནས་ད་བར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཡར་རྒྱས་ཕྱིན་ཡོད་པ་དེ་དག་ལ་མཐའ་གཅིག་ཏུ་རྩིས་མེད་རྡོག་རོལ་བཏང་སོང་། ཞེས་བརྗོད་འདུག

ཡོང་ཁུངས་བོད་གཞུང་དྲ་བ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s