ལོ་ན་༢༢ལ་སོན་པའི་སློབ་མ་ལྷ་མོ་བཀྲ་ཤིས་ཀྱིས་གཙོད་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་ཀྱི་སྒོ་འགྲམ་དུ་རང་སྲེག་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་སོང་བའི་གནས་ཚུལ་ཐོན་འདུག 

ཕྱི་ཟླ་ ༩ཚེས་ ༡༧ཉིན་ཀན་སུའུ་ཞིང་ཆེན་ཁོངས་སུ་བཅུག་ཡོད་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོད་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་ཀྱི་སྒོ་འགྲམ་དུ་ཕ་ཡུལ་ཨ་མདོ་ཨ་མཆོག་ནས་ཡིན་པའི་སློབ་མ་ལྷ་མོ་བཀྲ་ཤིས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་དགྱ་གཞུང་ལ་ངོ་རྒོལ་བྱེད་སྐབས་ཉེན་རྟོག་པ་དང་སྤྱི་བདེ་མི་སྣས་ཁོང་བཙན་ཁྲིད་བྱས་ཡོད་པ་དང་། རྗེས་སུ་སྤྱི་བདེ་མི་སྣས་ལྷ་མོ་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་སོང་བའི་སྐོར་ཁོང་གི་ནང་མིར་ལན་སྤྲད་འདུག ནང་མི་དང་གཉེན་ཉེ་ཚོ་གཙོད་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་སུ་སོང་ནས་ཁོང་གི་ཕུང་པོ་ནང་མིར་རྩིས་སྤྲོད་བྱེད་དགོས་ཞེས་རེ་འདུན་བརྗོད་ཀྱང་གཞུང་ཕྱོགས་ནས་དེ་ལ་ཁས་ལེན་མ་བྱས་པར་ཁོང་གི་རུས་ཐལ་མ་གཏོགས་སྤྲད་མི་འདུག

བོད་མི་གཞོན་སྐྱེས་ལྷ་མོ་བཀྲ་ཤིས་ནི་བོད་མདོ་སྨད་ཨ་མཆོག་གྲོང་བརྡལ་གྱི་སྒྲོག་མདོ་སྡེ་པའི་ཕ་གཅོད་པ་ཚེ་རིང་དང་མ་གདུགས་དཀར་མཚོ་གཉིས་ཀྱི་བུ་ཡིན་ཞིང་། གཙོད་གྲོང་ཁྱེར་གྱི་མཐོ་འབྲིང་གི་སློབ་མ་ཞིག་ཡིན་འདུག ད་ལྟའི་ཆར་ཨ་མཆོག་ས་གནས་སུ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པས་ནང་མི་དང་འབྲེལ་བ་བྱ་ཐབས་མེད་སྐོར་གནས་ཚུལ་མཁོ་སྤྲོད་པས་བརྗོད་ཀྱི་འདུག

ཡོང་ཁུངས་ཨ་རིའི་རླུང་འཕྲིན་ཁང་།

དཔྱད་མཆན་སྤེལ།

%d bloggers like this: