༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༣ ཉིན་ནོ་བེལ་བུད་མེད་ཀྱི་ལས་འགུལ། Nobel Women’s Initiativeཞེས་པའི་ཚོགས་པས་བསྒྲགས་གཏམ་སྤེལ་དོན་ལྟར་ན། ལྷོ་ཨ་ཕི་རི་ཀའི་སྲིད་གཞུང་གིས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨ་ཕི་རི་ཀའི་གྲོང་ཁྱེར་ཀེབ་ཊ་འོན་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ཞི་བདེའི་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱང་ཆེད་མཐོང་མཆན་འབུལ་ལམ་མི་ཞུ་རྒྱུའི་ཐག་གཅོད་བྱུང་བར་བརྟེན། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཨ་རི་བ་ལྕམ་སྐུ་ཇུ་ཌི་ཝིལ་ཡེམ་སི་ Jody Williams མཆོག་དང་། ཨི་རན་གྱི་ལྕམ་སྐུ་ཤི་རིན་ཨི་བྷ་ཌི་ Shirin Ebadi མཆོག ལེ་བྷེ་རི་ཡ་ནས་ལྕམ་སྐུ་ལེ་མ་ཇི་བྷོ་ཝེ་ Leymah Gbowee མཆོག དེ་བཞིན་རྒྱལ་སྤྱིའི་ས་འོག་འབར་རྫས་སྔོན་འགོག་གི་ལས་འགུལ་བ་ཞིག་བཅས་ཀྱིས་ལྷན་ཚོགས་དེར་མགྲོན་འབོད་ཞུས་ཡོད་ཀྱང་མཉམ་ཞུགས་མ་གནང་རྒྱུའི་ཐག་གཅོད་གནང་འདུག དེ་ཡང་ལྷན་ཚོགས་དེ་ནི་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༣།༡༥ བཅས་ཉིན་གྲངས་གསུམ་རིང་འཚོགས་རྒྱུ་ཡིན་འདུག

ཡོང་ཁུངས་བོད་གཞུང་དྲ་བ།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading