September ༢༧, ༢༠༡༤

བསྒྱུར་རྩོམ། རྒྱ་བསྒྱུར། -0 Minutes

ཤེས་རབ་ནི་རིག་གནས་ལས་འགངས་ཆེ།

མ་ཡིག་ཡོང་ཁུངས། ཡ་ཧུ་དཱ་པའི༼གསུང་རབ༽ལས་བཤུས། སྒྱུར་བ་བོ། རང་དབང་སྐྱིད། ཡ་ཧུ་དཱ་པའི་མི་རིགས་ཀྱི་རྣམ་ཤེས+བསམ་བློ=ཉིང་བཅུད་དང་ཤེས་རབ།    ༡ རིག་གནས་ནི་མ་གཞི་ནས་རྒྱུ་ནོར་གྱི་ལོངས་སྤྱོད་ཅིག་ཡིན་ལ།  གཙོ་བོ་རིག་གནས་ཇི་ལྟར་རྒྱུ་ནོར་དུ་བསྒྱུར་བའི་འཇོན་ནུས་ལྡན་དགོས་པ་རེད། ཤེས་རབ་ནི་བདེ་སྐྱིད་དང་རྒྱུ་ནོར་གྱིས་སྒོ་མོ་འབྱེད་པའི་གསེར་གྱི་ལྡེ་མིག་ཡིན་སྐད། ཡ་ཧུ་དཱ་པའི་མི་རིགས་ཀྱིས་རིག་གནས་དེ་ཤེས་ཡོན་གྱི་རང་བཞིན་ལྡན་ལ་ཤེས་རབ་ཀྱང་འཛོམས་པའི་དོན་དངོས་ཀྱི་རིག་གནས་ལོངས་སྤྱོད་ཅིག་ཏུ་ཇི་ལྟར་བསྒྱུར་ཚུལ་ལ་བསམ་གཞིག་བྱེད་པ་རེད། དེ་ཡང་ཤེས་ཡོན་གྱི་རང་བཞིན་ཟེར་བ་ནི་རིག་གནས་ཁོ་ན་སྟོན་པ་མ་ཡིན་ཏེ། རིག་གནས་རྨང་གཞི་བྱས་ཏེ་མིའི་གཤིས་རྒྱུད་མཐོར་འདེགས་དང་རིག་གནས་འཐུས་ཚང་དུ་ གཏོང་བའི་དམིགས་ཡུལ་ལས་གྲུབ་པའི་ཐོག་ཁང་ཆེན་མོ་ཞིག་རེད།     ༢ ཡ་ཧུ་དཱ་པའི་སྐྱེས་མ་ཚོས་འདི་ལྟར་རྒྱུན་དུ་རང་གི་བྱིས་པར་གབ་ཚིག་ལྟ་བུའི་འདྲི་གཞི་རེར་བསམ་གཞིག་བྱེད་དུ་བཅུག་སྟེ་སྦྲང་རྩི་ལྟ་བུའི་གནས་ལུགས་ཤིག་ཆུང་དུས་ནས་བྱིས་པའི་རྣམ་ཤེས་སུ་ཐིམ་དུ་འཇུག་པ་རེད། འདྲི་གཞི་རེ་རེའི་ནང་དུ་ཁྲག་དང་མིག་ཆུས་གྲུབ་པའི་ཡ་ཧུ་དཱ་པའི་མི་རིགས་ཀྱི་ལོ་རྒྱུས་གསལ་ཨང་། ཤེས་རབ་ལ་ཞུམ་པ་མེད་ན་ཁོང་ཚོ་ལ་ཉམས་པ་མེད་ཅེས་འབོད་སྐུལ་ཡང་ཡང་གཏོང་ངེས། ཨ་མས་བྱིས་པ་ཚོར་གལ་སྲིད་ཉིན་ཞིག་ལ་ཁྱེད་ཀྱི་ཁང་བ་མེ་སྐྱོན་ཤོར་བ། རྒྱུ་ནོར་གཞན་གྱིས་འཕྲོག་པ་སོགས་ཀྱི་གནས་ཚུལ་བྱུང་ཚེ་ཁྱེད་ཀྱིས་ཅི་ཞིག་ཁྱེར་ནས་བྲོས་བྱོལ་བྱེད་ངེས་ཞེས་དྲིས་ཚེ། བྱིས་པ་མང་ཕྱོགས་ཀྱིས་སྒོར་མོ་དང་ནོར་བུ་རྡོ་རྗེ་ཕ་ལམ་ཡིན་ཟེར། དེ་ནས་ཡུམ་ཆེན་གྱིས་མུ་མཐུད་དུ་བྱིས་པ་ཚོར། རྣམ་པ་དང་ཁ་དོག་གང་ཡང་མེད་པ་མ་ཟད་དྲི་མ་ཡང་མེད་པའི་དངོས་པོ་དེ་གང་རེད་ཅེས་དྲིས་ཚེ། བྱིས་པ་ཚོས་མགོ་བོ་གཡུག་བཞིན་མི་ཤེས་པའི་བརྡ་ལན་འཕྲོད་མ་ཐག་ཨ་མས་གལ་སྲིད་ཁྱེད་རང་གསོན་ནུས་ལྡན་ཚེ་སུས་ཀྱང་རྐུ་འཕྲོག་བཅོམ་གསུམ་གང་ཡང་མི་ནུས་པར་ཁྱེད་ཀྱི་ལུས་དང་གྲིབ་མ་བཞིན་འགྲོགས་སྲིད་པ་དེ་རིག་གནས་ཡིན་ཟེར། གཏམ་རྒྱུད་འདི་ལས་ཡ་ཧུ་དཱ་པའི་མི་རིགས་ནི་ཤེས་རབ་དང་རིག་གནས་ལ་དགའ་ཞེན་ཆེ་བའི་མི་རིགས་ཤིག་ཡིན་པ་མངོན་ཐུབ་ལ་ཡ་ཧུ་དཱ་པའི་མི་རིགས་ཀྱི་སྤྱི་ཚོགས་ནང་དུ་མི་རེ་རེའི་ཡོན་ཏན་ཅན་ནི་རྒྱལ་འབངས་མངའ་ཐང་རྒྱས་པའི་རྒྱལ་བོ་ལས་རླབས་ཆེ་ཞིང་། ཀུན་གྱིས་བཀུར་ཞིང་བརྩི་པ་མ་ཟད་ད་དུང་འདི་འདྲིའི་ངག་རྒྱུན་ཞིག་ཀྱང་ཡོད་དེ། གལ་ཏེ་རྒྱལ་ཁབ་གང་རུང་གི་རྒྱལ་བོ་ཞིག་ཤི་ཚེ་ཤེས་ཡོན་པའི་སྡེ་ལས་མི་སྣ་གང་རུང་ཞིག་བདམས་ནས་རྒྱལ་སྲིད་སྔར་བཞིན་སྐྱོང་ཐུབ་མོད། ཡིན་ཡང་ཡོན་ཏན་པ་ཞིག་ཤི་ཚེ་དེ་ནས་བཟུང་འཇིག་རྟེན་ན་བླ་ན་མེད་པའི་ཤེས་རབ་ཡོད་མི་སྲིད།     ༣ ཡ་ཧུ་དཱ་པའི་མིས་རིག་གནས་ཡོད་ལ་ཤེས་རབ་མེད་པའི་མི་ནི་དཔེ་ཆ་ཁལ་གང་བཀལ་བའི་བོང་བུ་ལྟ་བུ་ཡིན་པས་སྤྱོད་སྒོའི་རིན་ཐང་ཧ་ཅང་ཆུང་བ་དང་རིག་གནས་ནི་མ་གཞི་ནས་ཤེས་རབ་སྦྱོང་བརྡར་གྱི་སླད་དུ་གནས་ཤིང་།...
དེ་ལས་མང་པ།
ནང་ཆོས། -0 Minutes

བོད་མིའི་འཛེམ་སྤང་སྐོར།

དུང་དཀར་བློ་བཟང་འཕྲིན་ལས།       བོད་རིགས་མང་ཆེ་བ་ནི་སངས་རྒྱས་ཆོས་ལུགས་ལ་དད་ཞེན་ཆེ་བས་དགེ་སྡིག་སྤངས་བླང་དང་འབྲེལ་བ་དང་དེ་མིན་གོམས་གཤིས་ཀྱི་ཐོག་ནས་བྱུང་བའི་རྒྱུན་གཏན་འཛེམས་སྤང་དགོས་པའི་གནས་ཤིན་ཏུ་མང་སྟབས་འདིར་རེ་རེ་བྱས་ནས་འགོད་ཀྱིས་མི་ལང་བས་དཔེ་ཚན་ཁ་ཤས་ཤིག་བཀོད་ན།      ༡༽ སྲོག་གཅོད་པ་ནི་སངས་རྒྱས་ཆོས་ལུགས་ཀྱི་ངོས་ནས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བའི་ལས་བཅུ་སྤོང་དགོས་པའི་ནང་གི་ལུས་ཀྱི་མི་དགེ་བ་གསུམ་གྱི་དང་པོ་དེ་ཡིན་པས་རབ་ཏུ་བྱུང་བའི་གྲྭ་བཙུན་སྨོས་ཅི།ཆོས་ལ་དད་པ་བྱེད་མཁན་སྐྱེ་བོ་ཀུན་གྱིས་སྲོག་གཅོད་པ་ནི་སྡིག་པའི་ལས་ཚབས་ཆེར་རྩིས་ཏེ་ཆུང་འབུ་སྲིན་ནས་ཆེ་མི་ཕྱུགས་སོགས་སྲོག་ལྡན་གང་ཞིག་ཡིན་རུང་རང་གིས་དེ་དག་སྲོག་མི་གཅོད་ཅིང་། ཐ་ན་བསམ་ཤེས་མེད་པའི་བྱིས་པས་འབུ་སྲིན་གསོད་པའང་བཀག་པ་དང་། རང་གིས་ཐད་ཀར་སྲོག་གཅོད་རྒྱུ་ཕར་བཞག་རང་ལ་དམིགས་ཏེ་གཞན་གྱིས་སྲོག་གཅོད་པའང་བཀག་པ་སོགས་དངོས་ཤུགས་གང་ཐད་ཀྱི་སྲོག་གཅོད་ཀྱི་ལས་ལ་འཛེམས་ཀྱི་ཡོད། ཤ་ནི་བོད་རིགས་མང་ཆེ་བས་དགའ་པོ་བྱེད་པའི་ཟས་རིགས་ཤིག་ཡིན་ཀྱང་། ས་གནས་སོ་སོར་རྒྱུད་འཛིན་རང་བཞིན་གྱི་ངེས་གཏན་མི་སྣས་སེམས་ཅན་སྲོག་གཅོད་པ་ལས་སུ་རུང་གིས་བྱེད་ཀྱི་མེད།     ༢༽ བོད་རིགས་མང་ཆེ་བས་མ་གཞི་ཤ་རིགས་སྣ་ཚོགས་ཟ་གི་ཡོད་ཀྱང་འཛེམས་སྤང་ཐད་ཅུང་དམ་ཙམ་ཡོད་མཁན་མི་ཁག་གཅིག་གིས་ཉ་ཕག་སྒོང་གསུམ་སྟེ་ཉ་ཤ་དང་།ཕག་ཤ བྱ་སྒོང་བཅས་མི་ཟ་ཞིང་།དེ་དག་མི་ཟ་བའི་རྒྱུ་མཚན་ནི་སེམས་ཅན་དེ་ཚོའི་ལུས་ཐོག་ཏུ་འགྲོ་བ་མིའི་ལུས་ཁམས་དང་ཤེས་རིག་འཕེལ་རྒྱས་ལ་གནོད་པའི་སྲོག་ལྡན་འབུ་ཕྲ་གཞན་དག་མང་བོ་གནས་ཡོད་པས་སྨན་རིགས་ཀྱི་ནུས་པ་འཇོམས་པ་དང་།ཤ་དེ་དག་ནི་བཙོག་པ་གྲིབ་ཅན་ཡིན་པར་བརྟེན་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་ཡར་རྒྱས་ལ་གནོད་པར་རྩི་གི་ཡོད།འཚོ་བའི་ཆུ་ཚད་མི་འདྲ་བའི་འཛེམས་སྤང་ཐད་དམ་ལྷོད་མི་འདྲ་མོད།བོད་རིགས་ཟས་ཀྱིས་ཇི་ལྟར་ཕོངས་པ་ཞིག་ཡིན་རུང་སེམས་ཅན་རྨིག་གཅིག་པ་རྟ་བོང་སོགས་དང་ཁྱི་དང་བྱི་ལ་སོགས་སྡེར་མོ་ཅན་གཅན་གཟན་རིགས་ཀྱི་ཤ་རྩ་བ་ནས་མི་ཟ་བ་དང་།མི་གཞན་གྱིས་ཟོས་ན་ཡང་ཧ་ཅང་སྐྱུག་བྲོར་རྩིས་ཏེ་ཐ་ན་དེ་དག་གི་ཟས་སྣོད་དང་ཡང་ཁ་ལག་མ་འདྲེས་པ་བྱེད་ཀྱི་ཡོད།ད་དུང་སེམས་ཅན་འབྲི་གཡག་སོགས་དེ་རིང་བསད་པའི་ཤ་ནི་ཉིན་ཤ་ཡིན་པས་ཉིན་དེ་རང་ལ་ཟ་མི་རུང་བར་རྩིས་ཏེ་ཉིན་ཤ་ཡིན་པ་ཤེས་བཞིན་དུ་མི་ཟ་བ་དང་ཤ་བསིལ་ཚོང་མཁན་ཚོས་ཀྱང་འཚོང་རྒྱུར་འཛེམ་གྱི་ཡོད།      ༣༽ བོད་རིགས་རྣམས་ནི་བྱ་བ་སྤྱི་དང་། སྒོས་སུ་བྱ་བ་ཆེ་རིགས་སྒྲུབ་ན་ངེས་པར་དུ་སྤྱིའི་གཟའ་སྐར་འབྱུང་འཕྲོད་ངན་པ་སོགས་ལ་འཛེམས་ཤིང་།ལྷག་པར་མི་སོ་སོའི་གཟའ་སྐར་ངན་པར་འཛེམས་རྒྱུ་དེ་བས་གལ་ཆེར་རྩིས་ཏེ་རང་གིས་མ་ཤེས་ནའང་གཞན་ལ་དྲིས་ནས་གཟའ་འཁོར་རེའི་ནང་མི་སོ་སོར་གཤེད་གཟའ་དང་། གཟའ་འཁོར་མ་ཡིན་པའི་ཀེག་སྐར་བདུད་སྐར་གཤེད་སྐར་བཅས་འཁེལ་རྒྱུ་ཡོད། དཔེར་ན་ལོ་རྟགས་སྟག་ཡིན་ན་རེ་གཟའ་སྤེན་པ་གཤེད་གཟའ་འཁེལ་བ་དང་། ཀེག་སྐར་ནག་པ།བདུད་སྐར་དབོ།གཤེད་སྐར་བྲ་ཉེ་བཅས་འཁེལ་བས་སྟག་ལོ་པའི་ངོས་ནས་གཟའ་སྐར་དེ་དག་དང་། ད་དུང་རང་ལོ་འཁོར་བཅུ་གཉིས་ཀྱི་ལོ་རྟགས་གང་ལ་སྐྱེས་པ་དེ་ནི་རང་གི་ལོ་ཀེག་ཡིན་ཞིང་། ད་དུང་ལོ་ཟླ་ཉིན་གསུམ་ནག་པོ་སོགས་ཀྱི་བྱ་བར་ངེས་པར་དུ་འཛེམས་གཡོལ་བྱེད་སྲོལ་ཡོད། གལ་སྲིད་གནས་ཚུལ་ཆེས་དམིགས་བསལ་གྱིས་གཡོལ་ཐབས་མ་བྱུང་ན་ཆོས་ལུགས་ཀྱི་ཐོག་ནས་གེགས་སེལ་རིམ་གྲོ་བྱེད་སྲོལ་ཡོད་།།       ༤༽ བོད་རིགས་རྣམས་རང་ཡུལ་ནས་ཐག་རིང་ལ་ཕྱོགས་ཐོན་བྱེད་ན་གོང་དུ་བཤད་པའི་གཤེད་གཟའ་སོགས་ལ་འཛེམས་དགོས་ཁར།ད་དུང་ཕྱོགས་ཐོན་སྐབས་དམིགས་བསལ་གྱི་གཟའ་སྐར་དུས་ཚོད་འཛེམས་དགོས་པ་ནི་རེ་གཟའ་ཉི་མ་དང་ལྷག་པར་ཟླ་རེའི་བོད་ཚེས༢.༨.༡༤.༢༠.༢༦བཅས་ལ་སྐར་མ་ཆུ་ཚགས་འཁེལ་བའི་ཉིན་ཕྱོགས་ཐོན་མི་བྱེད་ཅིང་། ཕྱོགས་ཐོན་བྱས་ན་ལམ་བར་བདེ་བགྲོད་མི་ཡོང་བའི་གེགས་བར་རྐྱེན་ངན་དང་འཕྲད་པར་བཤད། གལ་སྲིད་གཡོལ་ཐབས་མ་བྱུང་ཚེ་ཆུ་ཚགས་ནང་ནས་ཆུ་གཏོར་བ་སོགས་ཀྱི་གཏོ་བཅོས་བྱེད་སྲོལ་ཡོད།    ...
དེ་ལས་མང་པ།