གཉན་རིམས་ནག་པོ་ཨེ་ཙིའི་ནད་བཤད་པ་སྐྱེ་བོའི་གསོ་ཐིགས།

མགོ་ལོག་བོད་སྨན་ཁང་གི་སྨན་པ། པད་མ་ཚེ་རིང་།

མགོ་ལོག་བོད་སྨན་ཁང་གི་སྨན་པ། འཇམ་དབྱངས་རྒྱ་ཚོ།

མགོ་ལོག་མི་དམངས་སྨན་ཁང་གི་ནད་གཡོག་པ། སྐལ་བཟང་སྒྲོན།

མཚོ་སྔོན་ཞིང་ཆེན་སྨན་ཁང་གཉིས་པའི་དངོས་སྦྱོང་སྨན་པ། ཚེ་དབང་རིག་འཛིན།

འབྲེལ་གཏུག་ཁ་པར། 13897550166; 13897156077; 13139150910.

༄༅།། སྙིགས་མ་ལྔ་བདོའི་དུས་ཀྱི་ཐ་མ་འདིར།མི་རྣམས་་འདོད་རྔམ་དབང་གིས་ལོག་སྤྱད་པས་།།

འབྱུང་བཞི་འཁྲུགས་ཏེ་ཆོ་འཕྲུལ་མང་བསྟན་ལ།།ནད་ཡམས་སྣ་ཚོགས་འཛམ་གླིང་ཡུལ་གྲུར་ཁྱབ།།

དེ་བས་གཉན་རིམས་ཨེ་ཙིའི་རྒྱུ་རྐྱེན་དང་།།མཚན་ཉིད་ངོས་འཛིན་སྔོན་འགོག་གསོ་བཅོས་སོགས།།

ལག་ལེན་ཕྱོགས་་བསྡུས་བགྱིས་ཏེ་སྤེལ་བ་འདིས།།ཡི་མུག་གཅོང་གིས་ཟིན་པའི་ནད་པ་དང་།།

ནད་མེད་ཚེ་རིང་ཡུན་དུ་འཚོ་འདོད་པའི།། འགྲོ་བའི་ལུས་སེམས་བདེ་བར་ཕན་ཆེད་དུ།།

ངལ་བ་དེང་དུ་བླངས་ཏེ་འཆད་པར་སྤྲོ།།

     ཞེས་དམ་བཅའ་བའི་ཚིག་གི་ཕྲེང་བས་འདུན་བསུས་ཏེ་གང་གླེང་བར་བྱ་བ་ནི། 1.གཉན་རིམས་ནག་པོ་ཨེ་ཙིའི་ནད་ཀྱི་གོ་དོན་བཤད་པ། 2ཨེ་ཙི་ནད་ཀྱི་གནོད་འཚེ་བཤད་པ། 3ཨེ་ཙི་ནད་ཀྱི་ཁྱབ་ཚད་བཤད་པ། 4ཨེ་ཙི་ནད་ཀྱི་འབྱུང་རྒྱུ་བཤད་པ། 5ཨེ་ཙི་ནད་ཀྱི་མཆེད་རྐྱེན་བཤད་པ།6ཨེ་ཙི་ནད་ཀྱི་རྟགས་མཚན་བཤད་པ། 7ཨེ་ཙི་ནད་ཀྱི་ངོས་འཛིན་ཚད་གཞི། 8ཨེ་ཙི་ནད་ཀྱི་ སྔོན་འགོག་བྱེད་ཐབས། 9ཨེ་ཙི་ནད་ཀྱི་གསོ་བཅོས་ལག་ལེན། 10.མཇུག་བསྡུ་བའི་གཏམ་བཅུ་བཅས་རྣམ་པ་བཅུའི་སྒོ་ནས་བསྟན་དོ། 


༡༽ ཨེ་ཙི་HIV/AIDSནད་ཀྱི་གོ་དོན་བཤད་པ།

      ཨེ་ཙི་HIV/AIDSནད་ཅེས་པ་འདི་ནི་དུས་རབས་ཉི་ཤུ་བའི་དུས་སྨད་དུ་གླིང་ཆེན་ཨ་ཧྥེ་རི་ ཁAfricaས་ཁུལ་གྱི་སྤྲ་དང་མི་ལ་བྱུང་ནས་ཕོ་མོས་འཁྲིག་སྦྱོར་དང་། ཁྲག་འདྲེས་བ། ནད་མའི་ནུ་ཞོ་འཐུང་བའི་ཕྲུ་གུ་སོགས་བརྒྱུད་ནས་ཕན་ཚུན་འགོས་ཁྱབ་དུ་སོང་སྟེ་རིམ་བཞིན་གྱིས་ འཛམ་གླིང་ཡོངས་ལ་རྒྱ་ཆེར་མཆེད་བཞིན་པའི་ནད་རིམས་གསར་བ་ཞིག་རེད། ནད་གསར་ འདི་ནི་མིང་ལ་དབྱིན་སྐད་ཀྱིས་Human Immunodeficiency Virus ཅེས་པ་བསྡུས་མིང་HIVཅེས་འབོད་པས་ནད་དུག་སྲིན་བུ་ཕྲ་ རབ་ཞིག་སྤྲ་དང་མི་ཡི་ལུས་ཟུངས་སུ་ཞུགས་ནས་རིམ་གྱིས་སྨིན་ཏེ་ བྱུང་བའི་གྲང་གཅོང་རང་བཞིན་ཅན་གྱི་ནད་རིམས་ཞིག་སྟེ།དབྱིན་སྐད་ཀྱིས་ནད་རིམས་འདིའི་མིང་ལ་Acquired Immune Deficiency syndromeཅེས་པ་བསྡུས་མིང་AIDSཅེས་འབོད་པ་དང་། འདིའི་ཐ་སྙད་ཀྱི་གོ་དོན་ནི་Acquiredའགོས་པ། Immuneརིམས་ཐར་ནུས་པ། Deficiencyཉམས་པ། syndrormeན་ཚའམ་ནད་རིམས་ཅེས་བའི་དོན་ཡིན་པས། བོད་སྐད་དུ་བསྒྱུར་ན་རིམས་ཐར་ནུས་པ་ཉམས་པའི་འགོས་ནད་ཟེར། དེ་སྔ་བོད་ཡུལ་དུ་སྤེལ་བའི་ཡིག་ཆ་ལ་ལར་ནད་འདིའི་མིང་ལ་ཨེ་ཙིའམ་རེག་དུག་གི་ནད་ཅེས་བཏགས་ཡོད་ཅིང་། རེག་དུག་ནི་སྦྱར་རྨ་ཞེས་གནའ་སྔ་མོ་ནས་ ཡོད་པ་འབྱུང་རྒྱུ་རེག་དུག་དུང་འཁྱིལ་གཟུགས་ཀྱིས་བྱས་པ་རྒྱ་སྐད་ཀྱིས(梅毒)འབོད་བཞིན་པའི་ནད་དེ་ཡིན་ལ། ནད་འདིའི་མིང་ལ་རེག་དུག་ཅེས་བཏག་ན་འགྲིག་མིན་ད་དུང་རྟོགས་ དཔྱོད་བྱེད་དགོས་པས། རེ་ཞིག་ང་ཚོས་ཨེ་ཙི་ནད་ཅེས་རྒྱལ་སྤྱི་ཡོངས་གྲགས་ཀྱི་མིང་ལྟར་ སོར་བཞག་བྱས་སོ།


༢༽ ཨེ་ཙི་HIV/AIDSནད་ཀྱི་གནོད་འཚེ་བཤད་པ།

21 ཨེ་ཙི་ནད་ནི་འགོས་ཁྱབ་རང་བཞིན་ཅན་གྱི་ནད་རིམས་ཞིག་ཡིན་ལ་དེ་སྔོན་འཛམ་ གླིང་ཡོངས་སུ་ནད་འདི་སྔོན་འགོག་དང་གསོ་བཅོས་བྱེད་པའི་སྨན་རྫས་ནུས་ཅན་ཞིག་མེད་པས། ནད་འདི་ལུས་སྟེང་ལ་འགོས་ཚར་རྗེས་བཅོས་པའི་ཐབས་མཆོག་ཅི་ཡང་མིག་སྔར་ཪྙེད་མེད། 

22ནད་འདི་འགོས་རྗེས་མིའི་ལུས་པོའི་རིམས་ཐར་གྱི་ནུས་པ་མེད(免疫缺陷)པས་ནད་ དེ་ལས་ཐར་འགྲོ་བའི་གོ་སྐབས་ཡང་མེད།

2 3ནད་འདི་བྱུང་རྗེས་མི་ཡི་ལུས་ཟུངས་ཉམས་ཞན་དུ་གྱུར་ཏེ་ནད་འགོག་གི་ནུས་པ་མེད་པར་འགྱུར་འགྲོ་བས་ནད་རིགས་གཞན་པ་ཡོད་ཚད་བྱུང་སླ་བའོ།

24ནད་འདི་བྱུང་རྗེས་མིའི་ལུས་སྟོབས་ཉམས་ནས་ངལ་རྩོལ་གྱི་ནུས་ཤུགས་ཉམས་ཞན་དུ་འགྲོ།

25ནད་འདི་བྱུང་བར་མི་རྣམས་ཀྱིས་དེ་ལ་འཇིགས་སྣང་དང་འཛེམ་དོག་ བྱས་ཏེ་རྒྱང་ འཕུད་དུ་བཏང་བ་ཧ་ཅང་མང་ངོ་།

2 6 ནད་པ་རང་ལའང་འཇིགས་སྐྲག་དང་ཡིད་ཆད་སྐྱེས་ཏེ་འཚོ་སྙིང་མི་འདོད་པ་གང་མང་ཡོད།

2 7 ནད་པ་ལ་ལ་ནད་དེ་ཡིས་ལུས་སེམས་གཉིས་ཀར་ཕོག་ཐུག་ཆེན་པོ་བཟོས་སྟེ་ སེམས་ཁམས་ལ་འགྱུར་ལྡོག་བྱུང་ནས་སྨྱོ་བ། ནད་པ་ལ་ལས་སྤྱི་ཚོགས་ལ་སྙིང་ནད་འཆིངས་ཏེ་ གནོད་འཚེ་གཏོང་བ་སོཊ་མདོར་ན་ཨེ་ཙི་ནད་ཀྱིས་སྤྱི་ཚོགས་ཡོངས་དང་། ཁྱིམ་ཚང་མི་སྒེར་སོགས་ལ་གནོད་འཚེ་ཚབ་ཆེན་གཏོང་གིན་ཡོད།


༣༽ ཨེ་ཙི་HIV/AIDSནད་ཀྱི་ཁྱབ་ཚད་བཤད་པ།

  ཨེ་ཙི་ནད་ནི་དུས་རབས་ཉི་ཤུ་བའི་དུས་མཇུག་ཙམ་དུ་ཧྥེ་གླིང་ས་ཁུལ་དུ་ཐོག་མར་བྱུང་པའི་རིམས་ནད་གསར་བ་ཞིག་རེད། འཛམ་གླིང་སྟེང་དུ་ཐེངས་དང་པོར་མངོན་ཐོག་ཏུ་བུད་པའི་ཨེ་ཙི་ནད་པ་ནི་སྤྱི་ལོ་1981ལོར་ཨ་མེ་རི་ཁར་བྱུང་བ་ཡིན་ལ། སྤྱི་ལོ་2010ལོར་དྲ་ཚིཊ་སུ་འཁོད་པ་ལྟར་ན་ འཛམ་གླིང་སྟེང་ད་ལྟ་ཨེ་ཙི་ནད་བྱུང་ཡོད་པའི་ནད་པ་མི་གྲངས33300000ལྷག་ཡོད་པ་དང་། ལོ་རེར་ཉུང་རྩིས་བྱས་ནའང་མི་གྲངས་ཉིས་ཁྲི་ལྷག་ནད་འདིའི་རྐྱེན་གྱིས་ཤི་བཞིན་ཡོད། དེ་མིན་ལོ་རེ་རེར་མི་གྲངས་ས་ཡ་གཉིས་དང་འབུམ་ཕྲག་བདུན་ཙམ་ལ་ནད་འདི་གསར་དུ་ཕོག་གིན་ཡོད། ད་ལྟ་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་མང་ཆེ་ཤོས་ལ་ནད་འདི་ཁྱབ་ཡོད་པ་དང་ནད་པའི་མི་གྲངས་ འཕར་ཚད་ཧ་ཅང་མཐོ་བ་རེད། སྤྱི་ལོ་2010ལོའི་ཟླ་11ཚེས་21ཉིན་ཐེ་ལན་རྒྱལ་ཁབ་ཀྱི་དགེ་རྒན་ ཆེན་མོ་ཞིག་གིས་སློབ་ཁྲིད་བྱེད་སྐབས་བསྟན་དོན། ཐེ་ལན་རྒྱལ་ཁབ་ཏུ་ད་ལྟ་ཕ་མའི་ཚེ་སྲོག་ཨེ་ཙི་ནད་ཀྱིས་འཕྲོག་སོང་བའི་ད་ཕྲུག་ཁྲི་ཕྲག་བཞི་བཅུ་ལྷག་ཡོད་ཟེར། ཀྲུང་གོའི་རྒྱལ་ཁབ་ཏུ་ཨེ་ཙི་ ནད་ཀྱི་ཐོག་མའི་ནད་པ་ནི་སྤྱི་ལོ་1985 ལོར་བཀང་ཏུང་ཞིང་ཆེན་ནས་ནད་བརྟག་ཤེས་གསལ་བྱུང་སྟེ། 1995ལོར་ཤི་སོང་བ་དེ་ཡིན་པ་དང་། ད་ལྟའི་གནས་ཚུལ་ནི་མིག་སྔར་རང་རྒྱལ་དུ་ཨེ་ཙི་ནད་ དུག་འགོས་པའི་མི་གྲངས་ཕལ་ཆེར་འབུམ་ཕྲག་བརྒྱད་དང་ཁྲི་ཚོ་བཞི་ཙམ་རེ་ཡོད་པ་དང་། དེའི་ནང་མི་གྲངས་ཁྲི་བརྒྱད་ཙམ་རེར་ནད་རྟགས་མངོན་བཞིན་ཡོད་པས། ཡ་གླིང་གི་ཨང་གཉིས་པ་དང་། འཛམ་གླིང་གི་ཨང་བཅུ་བཞི་བའི་ཁྱབ་ཚད་དུ་བསླེབས་འདུག་ཅེས་འཕྲོད་བསྟེན་པུའུ་ཡི་འབྲེལ་ ཡོད་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་ གསར་འགྱུར་འགོད་མཁན་ལ་བཤད་པ་ཡིན། དེ་ལྟར་ན་ནད་རིམས་འདི་རང་རྒྱལ་དུ་འགོས་ཁྱབ་ཧ་ཅང་ཛ་དྲག་ཆེ་བའི་ཚད་དུ་ཐོན་ཡོད་པ་ཤེས་ཐུབ། དེ་བས་ཀྱང་ རང་རྒྱལ་གྱི་ཤར་ལྷོའི་ས་ཁུལ་ཏུ་ཨེ་ཙི་ནད་ཀྱི་ཁྱབ་ཚད་ཚབ་ཆེན་རེད། དཔེར་ན་ ཡོན་ནན་ཞིང་ཆེན་ལ་མཚོན་ན། སྤྱི་ལོ་2006ལོ་ནས་2010ལོའི་བར་དུ་ཡོན་ནན་ཞིང་ ཆེན་ཡོངས་སུ་གསར་དུ་བསྣན་པའི་ནད་པ་མི་གྲངས་73291ཡོད་ལ། ཁྱོན་བསྡོམས་པས་ཨེ་ཙི་ནད་འགོས་ཡོད་ པའི་ནད་པ་མི་གྲངས་161863ལ་སླེབས་འདུག་ཅེས་དྲ་ཚིགས་སུ་བཀོད་ཡོད། གོང་གསལ་གྱི་གནས་ཚུལ་ལ་བརྟག་ན་ཨེ་ཙི་ནད་ཀྱིས་མིའི་རིཊ་ཀྱི་འཇིག་རྟེན་འདི་ལ་འཇིགས་སྣང་ཚབ་ཆེན་བསྐུལ་ དང་སྐུལ་བཞིན་འདུག་ལ། མི་རྣམས་ཀྱིས་འདི་ལ་བསམ་བློ་བཏང་སྟེ་སྤྱི་ཚོཊ་ཡོངས་ཀྱིས་སྟོབས་ཤུགས་གཅིག་ བསྡུས་གྱི་སྒོ་ནས་ཨེ་ཙི་ནད་ཀྱི་སྔོན་འགོག་བྱ་བར་ཤུགས་སྣོན་མ་བྱས་ཚེ། ཇི་སྐད་དུ། གཉན་རིམས་ནག་པོས་འཛམ་གླིང་བཞི་ཆ་སྟོང་། ཞེས་གསུངས་ཡོད་པ་ལྟར་དུས་ཡུན་རིང་པོ་མི་འགོར་བར་མིའི་རིགས་ཀྱི་འཇིག་རྟེན་འདི་ནད་འདིས་འཇོམས་པར་འགྱུར་་བའི་ཉེན་ཁ་མཆིས་པ་གསལ་པོར་རྟོགས་ཐུབ་བོ༎


༤༽ཨེ་ཙི་HIV/AIDSནད་ཀྱི་འབྱུང་རྒྱུ་བཤད་པ།

    ཨེ་ཙི་ནད་ཀྱི་འབྱུང་རྒྱུ་ནི་HIVཞེས་པའི་ནད་དུག་གི་སྲིན་བུ་ཕྲ་རབ་ཞིག་རེད། HIVཞེས་པའི་ ནད་དུག་སྲིན་འབུ་དེ་འགྲོ་བ་མིའི་ལུས་ཀྱི་སྐྱི་ལྤཊ་རྡོལ་བའི་རྨ་ཁ་བརྒྱུད་ནས་ལུས་ཟུངས་ལ་ཞུགས་ཏེ་རིམ་གྱིས་སྨིན་ནས་ལུས་ཀྱི་འཚོ་བཅུད་ཡོད་ཚད་འཕྲོག་ཏེ་ནད་འགོག་གི་ནུས་པ་ཉམས་ཞན་དུ་གྱུར་ནས་ནད་གཞན་པ་དག་ལ་སྣ་འདྲེན་བྱེད་ལ། འགྲོ་བ་མི་རང་གི་ལུས་སུ་ནད་འདིར་རིམས་ཐར་གྱི་ནུས་པ་མེད(免疫缺陷)པའི་གཅོང་རིམས་སྟེ་དབྱིན་སྐད་ཀྱིས་མིང་ལ་AIDSཅེས་པའི་ནད་ཟེར་རོ།

HIVནད་དུག་ནི་སྤྲ་སྤྲེའུ་དང་འགྲོ་བ་མིའི་ལུས་ཟུངས་ཀྱི་ཕྲ་ཕུང་གསོན་པོ་ལས་འཚོ་བ་རོལ་ ཐུབ་པ་མ་ཟད་ལུས་པོའི་ཕྱི་རོལ་གྱི་རང་བྱུང་ཁོར་ཡུག་གི་ནང་དུ་ཆུ་ཚོད་སྐར་མ་10ཡས་མས་ལས་ གསོན་མི་ཐུབ་པས། མི་རྣམས་ཀྱིས་ཨེ་ཙིHIV/AIDSནད་ལ་འགོག་བཅོས་བྱེད་པའི་ལས་དོན་ལ་ ཞིབ་འཇུག་བྱེད་དུས་HIVནད་དུག་གི་ཁྱད་ཆོས་འདི་ནི་ཧ་ཅང་དོ་སྣང་བྱེད་དགོས་པ་ཞིག་རེད།


༥༽ ཨེ་ཙི་HIV/AIDSནད་ཀྱི་མཆེད་རྐྱེན་བཤད་པ།

   ཨེ་ཙི་ནད་ཀྱི་མཆེད་རྐྱེན་ནམ་ནད་འདི་ཕན་ཚུན་འགོས་ཁྱབ་ཏུ་འགྲོ་བའི་རྐྱེན་གཙོ་བོ་ནི།

51 ནད་པ་དང་ནད་མེད་བར་གྱི་ཕོ་མོའི་འཁྲིག་སྦྱོར་བརྒྱུད་ནས་འགོས་ཁྱབ་བྱུང་བ་དང་། གཞན་ཡང་མཚན་མཚུངས་འཁྲིག་སྦྱོར་ཏེ་ཕོས་ཕོ་དང་། མོ་ཡིས་མོ་ལ་འཁྲིག་སྦྱོར་བྱེད་པ་སོགས་ ལོག་གཡེམ་གྱི་རྣམ་པ་བརྒྱུད་ནས་ཕན་ཚུན་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད་པ་རེད། 

52ཟུངས་ཁྲག་བརྒྱུད་ནས་འགོས་པ་སྟེ། ནད་པའི་ཁྲག་ནད་མེད་པའི་མི་ལ་བརྒྱབ་པ་དང་། ནད་པའི་ཁྲག་རྣག་དང་ཆུ་སེར། ནུ་ཆུ་སོགས་ལུས་པོའི་གཤེར་ཁུ་རྣམས་ནད་མེད་མི་ཡི་ལུས་པོའི་སྐྱི་ལྤགས་རལ་རྡོལ་བྱུང་ཡོད་སའི་རྨ་ཁར་འགོས་ནས་ཁྲག་ལ་ཞུགས་ཏེ་ནད་བྱུང་བ།

53ནད་པའི་རྣག་ཁྲག་དང་ཆུ་སེར་སོཊ་ལུས་ཀྱི་གཤེར་ཁུ་འགོས་ཡོད་པའི་ ཡོ་བྱད་ཅ་ལག་རྣམས་དུས་ཡུན་ཐུང་ངུའི་ནང་དུ་དུག་སེལ་མ་བྱས་པར་ནད་མེད་མི་ཡི་ལུས་པོའི་རྨ་ཁར་ཐུག་ ནས་འགོས་པ།

54དུད་ནག་གམ་ཉལ་ཐ་རྩ་ནང་དུ་བརྒྱབ་ནས་འཐེན་མཁན་རྣམས་ལ་ཁབ་ཁོག་དང་ཁབ་སྦུག་བརྒྱུད་ནས་འགོས་པ།

55ནད་མའི་ནུ་ཞོ་ཕྲུ་གུར་བླུད་ནས་ཕྲུ་གུར་འགོས་པ་སོགས་དེ་དང་དེ་འདྲ་བའི་ཆ་རྐྱེན་ འོག་ཏུ་ནད་འདི་ཕན་ཚུན་འགོས་ཁྱབ་དུ་འགྲོ་བ་རེད། 

གལ་སྲིད་མིའི་ལུས་པོའི་ཕྱི་ནང་གི་སྐྱི་ལྤགས་དང་འབྱར་སྐྱི་དག་ལ་རྨ་ཁ་ཅི་ཡང་མེད་ན། ནད་པ་དང་ནད་མེད་ཕན་ཚན་ཐུག་རེག་བྱས་པ་དང་། ལྷན་དུ་ཟ་མ་ཟོས་པ། མཉམ་དུ་འགྲོ་འདུག་བྱས་པ་ཙམ་གྱིས་ནད་འདི་ཕན་ཚུན་ལ་འགོས་མི་ཐུབ། དེ་ཅིའི་ཕྱིར་ཞེ་ན་HIVནད་དུག་དེ་མིའི་ལུས་པོའི་ནང་དུ་ཡུན་རིང་པོར་འཚོ་སྡོད་བྱེད་ཐུབ་པ་ལས། ལུས་པོའི་དྲོད་གྲང་དང་བྲལ་ཏེ་ཕྱི་རོལ་གྱི་ཁོར་ ཡུག་ནང་དུ་དུས་ཚོད་སྐར་མ་བཅུ་ཡས་མས་ལས་གསོན་མི་ཐུབ་པས་སོ།། 


༦༽ ཨེ་ཙི་HIV/AIDSནད་ཀྱི་རྟགས་མཚན་བཤད་པ།

   ཨེ་ཙིHIV/AIDSནད་ཀྱི་མཚན་ཉིད་ལ་བརྟག་ན་ནད་འདིའི་ནད་རྟཊ་མངོན་ཚུལ་དུས་ སྐབས་བཞི་རུ་དབྱེ་ཆོག

61 མྱུར་བའི་རང་བཞིན་གྱིས་ནད་འགོས་པའི་དུས་སྐབས། ནད་འདི་འགོས་བའི་ནད་པ་ཕལ་ཆེར་15%~20%ལ་གཟའ་འཁོར་2¬-6བར་ཏུ་ལུས་ཉོབ་པ། ཚ་བ་རྒྱས་པ། ལུས་ཀྱི་ཤ་གནད་དག་ལ་ན་ཟུག་གཏོང་པ། རུས་ཚིགས་ན་བ། རྔུལ་ཆུ་དོན་པ། ཟས་ཀྱི་དང་ག་ཞན་པ་སོགས་ཆམ་སྤྱིར་བཏང་བ་དང་འདྲ་བའི་ནད་རྟགས་མངོན་ལ། ནད་པ་ཉུང་ཤས་ལ་ལུས་ཐོག་ཏུ་འབྲུམ་པ་ཐར་ ཐོར་དང་། འབྲུམ་བུ་ལེབ་མོ་དམར་མདོག་ཅན་འབུད་པ། ནད་པ་ལ་ལར་ཀླད་སྐྱིའི་ཚ་ནད་དང་ དབང་རྩའི་ནད་དམ་གྲིབ་རྩ་དཀར་གྱི་ནད་རྟགས་རེ་མངོན་ནས་གཟའ་འཁོར་གཅིག་ཙམ་ནས་རང་ ཤུགས་ཀྱིས་མེད་འགྲོ་བ་ཡིན། སྐབས་དེར་ནད་པའི་ཁྲག་ལ་རྟོག་དཔྱོད་བྱས་ན་ཁྲག་གི་ནང་དུ་HIVགདོད་འགོག(抗原antigen.Agཡོད་པ་རྟོགས་ཐུབ་པ་ལས་སྐབས་དེའི་ནད་པའི་ཁྲག་ དྭངས་ནང་གི་HIVའགོག་གཟུགས(抗体Antibody.Abམངོན་མི་ཐུབ་པས་སྲིབ་ གཤིས(阴性)ཡིན་ལ་ནད་པའི་ནད་རྟགས་ཡོད་ཚད་མེད་འགྲོ་བའི་སྐབས་སུ་རིམ་གྱིས་HIVའགོག་གཟུཊ་ གདགས་གཤིས(阳性)སུ་འགྱུར་འོང་། ནད་པ་མང་ཆེ་ཤོས་ཀྱི་ནད་རྟཊ་རང་ཤུགས་ཀྱིས་ཡལ་ ནས་དུས་ཡུན་ཧ་ཅང་རིང་པོ་ཞིག་ལ་ནད་རྟགས་ཅི་ཡང་མི་མངོན་པ་ཡིན། ནད་པ་ཆེས་ཉུང་ ཤས་རེ་ལ་དཀྱིལ་གཞུང་དབང་རྩའི་མ་ལག(中枢神经系统)ལ་ནད་འགྱུར་ཚབ་ཆེན་བྱུང་བའམ་མཐུད་འབྱུང་གི(继发)ནད་རིགས་གཞན་པ་ཚབ་ཆེན་བྱུང་ནས་ཤི་འགྲོ་བའང་ཡོད་སྲིད་དོ།

62 ནད་རྟཊ་མེད་པའི་དུག་འཛིན་དུས་སྐབས། ནད་འདི་འགོས་པའི་ནད་པ་མང་ཆེ་ཤོས་ལ་ནད་རྟགས་ཅི་ཡང་མི་མངོན་པར་བདེ་ཐང་ཅན་གྱི་མི་ཚོགས་དང་གཉིས་སུ་མ་མཆིས། དུས་ སྐབས་འདིའི་དུས་ཡུན་རིང་ཐུང་ནི་ནད་པ་དང་ནད་པ་མི་འདྲ་སྟེ། མི་དར་མ་ཡིན་ན་ཟླ་དྲུག་ནས་ལོ་བཅུ་བར་དང་། ཆ་སྙོམས་ལོ3-4བར་ཡིན། བྱིས་པ་གསར་སྐྱེས་ཡིན་ན་ཟླ་བ་དྲུག་ནས་ལོ་གཅིག་དང་ཕྱེད་ཀའི་བར་ཡིན། དེའི་དུས་སུ་ནད་པ་ལ་ལར་སྐབས་སྐབས་སུ་ལུས་པོའི་རྨེན་མདུད་དག་ ཆ་ཆ་བྱས་ནས་སྐྲངས་པའམ་རྒྱས་སྟེ་ལག་པས་རེག་ན་ཚོར་བར་འགྱུར་བ་དང་། དེའང་སྐབས་རེར་ མངོན་ལ་སྐབས་རེར་ཞི་འགྲོ་བ་རེད། སྐབས་དེའི་ནད་པའི་ཁྲག་དྭངས་ཀྱི་HIVའགོག་གཟུགས་གདགས་གཤིས་ཅནHIV抗体 阳性)ཡིན་ལ། ཕྲ་ཕུང་དཀར་པོ་དང་T4 རྨེན་བུའི་ཕྲ་ཕུང་རིམ་བཞིན་ཇེ་ ཉུང་དུ་འགྲོ་བ་རེད། སྐབས་དེའི་ནད་པ་ཡིས་མི་གཞན་ལ་ནད་བགོ་ཐུབ་བོ།

63 ཨེ་ཙི་HIV/AIDSནད་ཀྱི་འབྲེལ་ཡོད་ཕྱོགས་བསྡུས་རྟགས་མཚན་མངོན་པའི་དུས་ སྐབས། སྐབས་འདིའི་ནད་རྟགས་མངོན་ཚད་ནི། ཁ་ནང་དང་མིད་པའི་མཐའ་སྐོར་དུ་འབྱར་ སྐྱིར་གནོད་སྐྱོན་ཐེབས་པ། དཔེར་ན་ཁ་ནང་གི་སྤུ་དབྱིབས་འབྱར་སྐྱིའི་སྟེང་དུ་རྨ་འབྲུམ་དཀར་པོ་བུད་པ། ལྕེ་གས་པ་ལྟ་བུ། ལུས་ཡོངས་ཀྱི་བ་སྤུའི་བུ་ཀར་གཉན་ཚད་རྒྱས་ནས་འབྲུམ་བུ་ཐར་ ཐོར་ཅན་དང་། ཆུར་འབྲུམ་རྐྱང་གཤིས་ཅན་དང་། ཆུར་འབྲུམ་ཐག་དབྱིབས་ཅན། ཡིབ་ཟླུམ་ སྲིན་ནད། འགོས་བའི་རང་བཞིན་ཅན་གྱི་མཉེན་མཛེར། སྨར་སྲིན་མཆེད་ནད་སོགས་འབྱུང་བ་ དང་། དུས་རྒྱུན་གྱིས་ལུས་ཡོངས་ཀྱི་རྨེན་མདུད་རྣམས་སྐྲངས་བ། མ་མཐར་ཡང་ཐེར་ཁུག་གི་རྨེན་མདུད་སྐྲངས་ཡོད་ལ་ད་དུང་རྨེན་མདུད་གཞན་པ་དག་ཀྱང་སྣེ་གཉིས་ཡན་དུ་གང་བྱུང་མེད་པར་ སྐྲངས་པ། སྐྲངས་པའི་རྒྱ་ཁྱོན་ཕལ་ཆེར་ལིའི་རྨིད་གཅིག་ཡན་ལ་བརྒལ་བ། ཆ་སྙོམས་ངང་སྐྲངས་པ། ངོ་བོ་སྲ་བ། གཟེར་ཟུག་མེད་པ། དུས་ཡུན་ཟླ་བ་གསུམ་གྱི་ཡན་ལ་འགོར་འགྲོ་བ། ནད་པར་དུས་ རྒྱུན་བར་མཚམས་ཅན་གྱི་ཚ་བ་རྒྱས་པ་འམ་ཡང་ན་རྒྱུན་མཐུད་ཅན་གྱི་ཚ་བ་རྒྱས་པ། ཚ་ གྲངས་38C°ཡན་ལ་སོན་པ། ལུས་ཉོབ་པ། རྔུལ་ཆུ་དོན་པ། རྒྱུན་མཐུད་ཅན་གྱི་ཁོག་པ་བཤལ་བ་ སོཊ་ནད་རྟཊ་མངོན་པ་དང་། ལུས་པོའི་ལྗིད་ཚད་མྱུར་དུ་མར་ཆག་པ། ནད་པ་ལ་ལའི་ཁྲག་ནང་གི་ཁྲག་ལེབ་ཆུང་བ་ཇེ་ཉུང་དུ་སོང་བའི་རང་བཞིན་ཅན་གྱི་སྨུག་ཐིག་དོད་པ་སོགས་ནད་རྟགས་ འབྱུང་བ་རེད། སྐབས་དེར་ད་དུང་རྐྱེན་གཤིས་རེད་པ(条件性感染)དང་། འབྲས་སྐྲན་འབྱུང་ བ་མངོན་མི་ཐུབ། སྐབས་དེར་ནད་པའི་ཁྲག་ནང་གི་Tརྨེན་བུའི་ཕྲ་ཕུང་གི་སྤྱིའི་གྲངས་ཀ་དང་Tཕྲ་ཕུང་གི་གྲངས་ཀ་མར་ཆག་པ། T4/T8གཉིས་ཀྱི་བསྡུར་ ཚད་རིམ་བཞིན་མགོ་མཇུག་ལྡོག་པ། རང་ བྱུང་གསོད་རྨས་ཕྲ་ཕུངNKགི་གསོན་ཤུགས་མར་ཆག་པ། ནད་པའི་ཟུངས་ཁྲག་ཅུང་ཇེ་ཉུང་དུ་འགྲོ་བ། ཕྲ་ཕུང་དཀར་པོ་དང་ཁྲག་ལེབ་ཆུང་བའི་གྲངས་ཀ་མར་ཆག་པ། HIVའགོག་པའི་ འགོག་གཟུགས་གདཊ་གཤིས་ཅན་ཡིན་པ་བཅས་ཀྱི་ནད་རྟགས་ཡོད། ཨེ་ཙི་ནད་ཀྱི་ཕྱོགས་བསྡུས་ རྟཊ་མཚན་མངོན་པའི་ནད་པ་མང་ཤོས་དེ་མཐའ་མཇུག་ཨེ་ཙི་ནད་བྱུང་ཡོད་པས་ ནད་པར་ འགྱུར་བ། ཕལ་ཆེར་10%ཡས་མས་ཀྱི་ནད་པ་ལོ1-2བར་དང་། 12%-34%ཡས་མས་ཀྱི་ནད་པ་ ལོ་4-5ནང་དུ་ཨེ་ཙི་ནད་པ་ངོ་མར་འགྱུར་འགྲོ་བ་རེད༎

64 ཨེ་ཙི་HIV/AIDSནད་ཀྱི་ནད་འགྱུར་དུས་སྐབས། ཨེ་ཙི་ནད་རྟགས་ཡོད་ཚད་མངོན་ པའི་དུས་སམ། ཨེ་ཙི་ནད་དངོས་གཤིས་མངོན་པའི་དུས་ཀྱང་ཟེར། དུས་སྐབས་འདིའི་ནད་རྟགས་མངོན་ཚད་ཀྱིས་ནད་པ་དེའི་ནད་ཀྱི་ཚབ་ཆེ་ཆུང་མཚོན་ ཡོད། གོང་དུ་བཤད་པའི་ཨེ་ཙི་ནད་ཀྱི་ འབྲེལ་ཡོད་ཕྱོགས་བསྡུས་རྟཊ་མཚན་རྣམས་སྐབས་འདིར་ཚབ་ཆེ་རུ་གྱུར་ཏེ། ལུས་དྲོད་མཚམས་མི་ཆད་པར་རྒྱས་པ་དང། ཁོག་ པ་ཡང་རིམ་ཀྱིས་བཤལ་བ། ལུས་ཡོངས་ཀྱི་རྨེན་མདུད་ཡོད་ཚད་ཆེ་ རུ་སྐྲངས་བ། སྐྱི་ལྤགས་དང་འབྱར་སྐྱིའི་གནོད་སྐྱོན་འཕར་སྣོན་བྱུང་བ། ནད་པའི་ལུས་ཉོབ་ཅིང་ཐང་ཆད་པ། སེམས་ཤུགས་ཉམས་ཞན་དུ་འགྲོ་བ། ཉིན་རེ་བཞིན་དུ་ལུས་པོ་ཉམས་རིད་དུ་སོང་ ནས་ལུས་ཀྱི་ལྗིད་ཚད་མགྱོ གས་མྱུར་གྱིས་མར་ཆག་འགྲོ་བ། ཁྱད་པར་དུ་ཆ་རྐྱེན་ནད་བསྐྱེད་སྲིན་ བུ(致病菌)དང་། གདོད་འབུ(原虫)་རེད་པ(感染)། འབྲས་སྐྲན་ནག་པོ(恶性肿瘤)འབྱུང་བ། དཀྱིལ་གཞུང་དབང་རྩའི་མ་ལག་གི་ནུས་པ་ཉམས་ནས་གླེན་ཁོབ (痴呆) ཏུ་གྱུར་བ་སོགས་ ནད་རྟགས་དག་དུས་སྐབས་འདིའི་ཁྱད་ཆོས་ཁོ་ན་ཡིན་པས་གོང་གསལ་གྱི་དུས་སྐབས་དག་ཏུ་མངོན་མི་ཐུབ་པ་ཞིག་ཡིན།


༧༽ ཨེ་ཙི་HIV/AIDSནད་ཀྱི་ངོས་འཛིན་ཚད་གཞི།

   ཨེ་ཙི་ནད་ཀྱི་ནད་པ་ངོས་འཛིན་བྱེད་པའི་ཚད་གཞི་ནི། རང་རྒྱལ་ཀྱིཨེ་ཙི་ནད་བརྟག་དཔྱོད་དོ་ དམ་གྱི་གཏན་ཕབས་འགའཞེས་པའི་དོན་ཚན་སུམ་ཅུ་བའི་ནང་དུགཉིསཨེ་ཙི་ནད་ཀྱི་ནད་པ་ནི་ཨེ་ཙི་ནད་ཀྱི་ནད་དུག་གི་འགོག་གཟུགས་གདགས་གཤིས་ཡིན་པ། ནད་པ་ལ་ཆ་རྐྱེན་རང་ བཞིན་གྱི་ནད་འགྱུར་རེད་པ། འབྲས་སྐྲན་ནག་པོ་བྱུང་ཡོད་པའི་མི་ལ་ཟེར་བས་དེའི་ངོས་འཛིན་ ཚད་གཞི་ནི། མཆེད་ནད་རིག་པའི་ལོ་རྒྱུས། གོང་གསལ་གྱི་ནད་རྟགས་མངོན་ཚད། ལུས་ཀྱི་ནད་འགོག་ནུས་པ་ཉམས་ཞན། T4ཕྲ་ཕུང་གྲངས་ཀ<0.2×109/L(200ལེའི་ཧྲིན) T4T8<1 ཆ་ རྐྱེན་ནད་བསྐྱེད་རང་བཞིན་གྱི་ནད་རེད་ནད་འབྱུང་གཟུགས (感染病原体)བརྟག་དཔྱད་གདག་ས་གཤིས(阳性)དང་། HIVའགོག་གཟུགས་བརྟག་དཔྱད་གདགས་གཤིས་ཡིན་པ་བཅས་སོ༎


༨༽ ཨེ་ཙི་HIV/AIDSནད་ཀྱི་སྔོན་འགོག་བྱེད་ཐབས།

    ནད་འདི་ལ་མིག་སྔར་ད་དུང་ནུས་ལྡན་འགོག་རྩིའམ་འགོག་སྨན་ཞིག་མེད་པས། དྲིལ་བསྒྲགས་དང་སློབ་གསོ་བྱེད་རྒྱུ་ནི་ད་ལྟ་ཨེ་ཙི་ནད་འགོག་སྲུང་བྱེད་པའི་ཐབས་ཤེས་ཆེས་ལེགས་ཤོས་ཞིག་ རེད། དེར་བརྟེན་ང་ཚོས་ཆོས་སྲིད་ཟུང་འབྲེལ་གྱི་སྒོ་ནས་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་བསྡུད་བྱས་ཏེ་ཨེ་ཙི་ནད་ཀྱི་སྔོན་འགོག་གཙོར་འཛིན་དང་། དྲིལ་བསྒྲགས་སློབ་གསོ་གཙོར་འཛིན། རྒྱུན་འཁྱོངས་ལྷོད་མེད་ཀྱི་བྱ་བ་གཙོར་འཛིན་བཅས་གཙོར་འཛིན་ཆེན་པོ་གསུམ་འདི་དམ་འཛིན་བྱེད་ནུས་ན་ཨེ་ཙི་ནད་འགོས་ཁྱབ་ཏུ་འགྲོ་བར་ཚོད་འཛིན་བྱེད་ཐུབ་པ་ལས། སྤྱི་ཚོགས་ཡོངས་ཀྱིས་དེ་ལ་མཐོང་ཆེན་མ་བྱས་ན་མིའི་རིགས་ཀྱི་འཇིགས་རྟེན་འདི་ལ་ཨེ་ཙི་ནད་ཀྱིས་ཆག་འཇིག་ཆེན་པོ་བཟོ་ངེས་རེད། དེ་བས་ང་ཚོས་དུས་རྒྱུན་དུ་དོག་ཟོན་དང་དོ་སྣང་བྱེད་ས་གཙོ་བོ་རྣམས་གཤམ་ གསལ་ལྟར་སྟེ།

81 མི་རྣམས་ཀྱིས་དགེ་བསྒྲུབ་སྡིག་སྤོང་གི་ཀུན་སྤྱོད་དར་སྤེལ་བྱས་ཏེ་སྤྱི་ཚོཊ་ཡོངས་ལ་ འཆམ་མཐུན་དང་ཕན་ཚུན་ལ་སྙིང་རྗེ་དང་བྱམས་སེམས་ལྡན་པའི་རྣམ་པ་ཞིག་ཆགས་ཐུབ་པར་ འབད་བརྩོན་བྱེད་རྒྱུ།

82 ཨེ་ཙི་ནད་ཀྱི་རྒྱུན་ཤེས་སྐོར་ཀྱི་དྲིལ་བསྒྲག་བྱ་བ་རྒྱ་ཆེར་སྤེལ་ཏེ་མི་རྣམས་ལ་ནད་འདིའི་རྒྱུ་རྐྱེན་དང་། འབྱུང་ཁུངས། འགོས་ཁྱབ་བརྒྱུད་ལམ། ནད་རྟགས་མངོན་ཚད་དང་། འགོག་ སྲུང་བྱེད་ཐབས་སོཊ་ངོས་འཛིན་ཅུང་ལེགས་པོ་ཞིག་ཐོབ་དུ་འཇུགས་རྒྱུ༎

83གང་ཟག་ཕོ་མོ་རྣམས་ཀྱིས་བཟའ་ཚང་གཅིག་གི་ལམ་ལུགས་དར་སྤེལ་བྱས་ཏེ། ཚད་མེད་ཉོག་འཛིངས་ཀྱི་འདོད་ལོག་འཁྲིག་སྦྱོར་མི་བྱེད་པ།

84 ཕྱོཊ་ཡོངས་དང་ཆ་རྒྱུས་མེད་པའི་མི་ལ་ཕོ་མོའི་འབྲེལ་བ་མི་བྱེད་པ། གལ་སྲིད་འཁྲིག་ སྦྱོར་བྱེད་ན་ངེས་པར་དུ་བདེ་འཇགས་མཚན་ཤུབ་བམ་སྦྲུམ་འགོག་འགྱིག་ཤུབ་གྱོ ན་དགོས། 

85 དུད་ནག་གམ་ཉལ་ཐ་འཐེན་བཀོལ་བྱེད་པར་གཏན་འགོག་ནན་མོ་བྱེད་རྒྱུ། 

8 6 ཁྲག་རྒྱག་པ་དང་ཁྲག་བཟོས་སྨན་རིགས་སོགས་བཀོལ་སྤྱོད་བྱེད་སྐབས་སུ་ངེས་པར་ དུ་འཕྲོད་བསྟེན་རྟོགས་དཔྱོད་ཚད་དང་ལྡན་པར་བྱེད་དགོས་པ་ལས་གང་བྱུང་དུ་ཁྲག་རྒྱག་པའམ་ ཁྲག་རྫས་བཀོལ་སྤྱོད་བྱེད་མི་རུང་།

87 སྨན་ཁང་དང་། སྐྲ་བཞར་ཁང་། སོ་སྤྲད་སོ་ལེན་ཁང་། ཁྲུས་ཁང་། སྐུ་མཉེ་ཁང་། བྱད་ བཞིན་མཛེས་བཟོ་ཁང་སོཊ་ཀྱི་སྤྱི་སྤྱོད་ཡོ་བྱད་དག་ལ་དུག་སེལ་ཚད་ལྡན་བྱེད་དགོས།

88 མི་རྣམས་ཀྱིས་རང་གི་ལུས་སྟེང་དུ་མཚོན་རྨ་དོད་པ་དང་རྨ་རུལ་བུད་པ། འབྲུམ་ཐོར་ བུད་པ། སྦྱར་རྨ་དང་གྲང་ནག་སོགས་གཅོང་གྲང་གི་ནད་བྱུང་བ་སོགས་ཀྱིས་རྨ་རལ་ཡོད་སྐབས་སུ་མི་གཞན་པའི་ཁྲག་དང་འོ་མ་གཅིན་དང་ཆུ་སེར་སོགས་ལུས་པོའི་གཤེར་ཁུ་སྣ་ཚོགས་རང་གི་ལུས་ཐོག་གི་རྨ་ཁ་རུ་འགོས་པར་དོག་ཟོན་ནན་མོར་བྱེད་དགོས།

8 9 མི་རྣམས་ཀྱིས་གལ་སྲིད་ཆ་མེད་རྒྱུས་མེད་མི་དང་ཕོ་མོའི་འབྲེལ་བ་བྱུང་བ། ཁྲག་ བརྒྱབ་པ། ཁྲག་དང་ཁུ་བ་དཀར་དམར་གཅིན་དང་ཆུ་སེར་སྣ་ཆུ་མིག་ཆུ་སོགས་རང་གི་ལུས་པོའི་རྨ་ཁར་འགོས་པ་སོཊ་ནད་འདི་འགོ་ཉེན་ཆེ་བའི་གནས་ཚུལ་བྱུང་སྐབས་སུ་ཉིན་དེ་ནས་བཟུང་ བརྩིས་བའི་ཟླ་བ་གཅིག་ནས་ལོ་གཉིས་གསུམ་གྱི་བར་དུ་རང་ལུས་ལ་ནད་འགྱུར་སྣ་ཚོགས་ཡོད་ མེད་བརྟག་དཔྱད་བྱེད་རྒྱུ་དང་། སྨན་ཁང་དུ་སོང་ནས་ཁྲག་ལ་རྟོག་དཔྱོད་བྱས་ཏེ་ནད་རིམས་ འདི་འགོས་ཡོད་ཚེ་སྔ་ས་ནས་དོ་དམ་དང་གསོ་བཅོས་ལེགས་པོ་བྱེད་དགོས། 

810 རང་ལ་ནད་དེ་འགོས་ཡོད་པ་ཤེས་བཞིན་དུ་གསང་བ་བྱས་ཏེ་གཞན་ལ་གནོད་འཚེ་ བཏང་གྱུར་ན། ཆོས་དང་འཇིག་རྟེན་གང་གི་ཆ་ནས་ཀྱང་ཉེས་པ་ཆེན་པོ་བཟོས་པ་ཡིན་པས་དགེ་སྡུག་སྤང་བླངས་ཀྱི་ལྟ་བ་ཡང་དག་ཞིག་འཛིན་རྒྱུ་ཧ་ཅང་གལ་ཆེའོ།

811 ཨེ་ཙི་ནད་པ་ལ་སྤྱི་ཚོཊ་ཡོངས་ཀྱིས་སྙིང་རྗེ་དང་བྱམས་སྐྱོང་གང་ལེགས་རེ་བྱས་ན་ བདག་གཞན་ཀུན་ལའང་ཕན།
8
12 མི་རྣམས་ཀྱིས་ཨེ་ཙི་ནད་པ་ལ་ཕོ་མོའི་འབྲེལ་བ་དང་ཁྲག་རྒྱག་པ་སོགས་ལུས་ཟུངས་ བསྲེས་བའི་སྤྱོད་ལམ་མ་བརྒྱུད་ཚེ་མཉམ་དུ་ཟ་མ་ཟོས་པ་དང་། ལྷན་དུ་འགྲོ་འདུག་ཉལ་གསུམ་ བྱས་པ། ཆབ་ཁང་གཅིག་པ་སོགས་ཀྱིས་ཕན་ཚུན་བར་ལ་ནད་འདི་འགོ་མི་སྲིད་པས་དེ་ལ་ འཇིགས་སྣང་དང་འཛེམ་བྱོལ་ཆེན་པོ་བྱེད་དགོས་དོན་མི་འདུག
8
13ཨེ་ཙི་ནད་དུག་འགོས་ཡོད་པའི་མ་ལ་ཕྲུ་གུ་སྐྱེས་ཚེ་མའི་ནུ་ཞོ་མི་ལྡུད་པར་འབྲི་འོ་སོགས་ཀྱིས་གསོས་ན་བྱིས་པར་ནད་རིམས་དེ་འགོས་མེད་པའང་ཡོད་སྲིད།
8
14 ཨེ་ཙི་ནད་དུག་འགོས་ཡོད་པའི་མི་རྣམས་ཀྱིས་སངས་རྒྱས་ཆོས་ལུགས་ལ་དད་པ་དང་ ཉམས་ལེན་གང་ལེགས་བྱས་ཏེ་དགེ་བསྒྲུབ་སྡིག་སྤང་དང་སྒྲུབ་སྦྱང་ཚོགས་བསགས་གི་ལས་ལ་ ཞུགས་ནས་ཡང་དག་པའི་མི་ཚེའི་ལྟ་བ་བཟུང་སྟེ་ཐོབ་དཀའ་བའི་མི་ལུས་རིན་ཆེན་འདི་ལ་ཚུལ་ མཐུན་གྱིས་གཅེས་སྐྱོང་དང་སྲུང་སྐྱོབ་བྱས་ན་ཨེ་ཙི་ནད་ལས་རྣམ་པར་རྒྱལ་ཐུབ་པའི་དཔེར་ མཚོན་ནད་པ་གང་མང་ཡོད་དོ།
8
14 གྲང་ནག་གི་ནད་དང་། རེག་དུག(梅毒)ནད། རླན་མཛེར་ནད(湿疹)། ཞབས་ རྡོལ(软下疳)སོཊ་འཁྲིག་སྦྱོར་མཚན་མའི་ནད་བྱུང་ཡོད་པའི་ནད་པ་རྣམས་ལ་ཨེ་ཙི་ནད་འགོས་ཧ་ཅང་སླ་བས་དོག་ཟོན་མཐོར་འདེགས་བྱེད་དགོས་པ་མ་ཟད། ཧུར་བརྩོན་གྱིས་མཚན་མའི་ ནད་དེ་དག་སྔ་ས་ནས་གསོ་བཅོས་བྱས་ཏེ་སངས་དྲག་ཏུ་གཏོང་ཐབས་བྱེད་དགོས།།


༩༽ ཨེ་ཙི་HIV/AIDSནད་ཀྱི་གསོ་བཅོས་ལག་ལེན།

  9 1 མིག་སྔར་འཛམ་གླིང་སྟེང་དུ་ཨེ་ཙི་ནད་པར་སྨན་བཅོས་བྱེད་པའི་ནུས་ལྡན་སྨན་རྫས་ཞིག་མེད་ནའང་ནད་དུག་ཚོད་འཛིན་བྱེད་པའི་སྨན་རྫས་དང་། རིམས་ཐར་ནུས་ཤུགས་འདེགས་སྨན། ཨེ་ཙི་ནད་ཀྱི་རྐྱེན་ལས་བྱུང་བའི་ནད་རིགས་གཞན་པ་དག་ལ་སོ་སོར་ཁ་གཏད་ཀྱིས་གསོ་བཅོས་ བྱེད་ཐབས་ཡོད་པས་འདིར་རེ་རེ་བཞིན་བྲིས་མེད་དེ། སྨན་པ་དང་སྨན་ཁང་གི་མཛུབ་སྟོན་ལྟར་སྨན་རྫས་བཀོལ་སྤྱོད་བྱེད་དགོས་པ་ལས་གང་འདོད་ཀྱིས་སྨན་རྫས་བཀོད་སྤྱོད་བྱས་ན་ཕན་པ་ལས་ གནོད་པ་ཆེ་བར་འང་འགྱུར་སྲིད་དོ། །

92 ནད་འདིས་མིའི་སེམས་ཁམས་ལ་ཕོག་ཐུག་ཐེབས་ཚད་80%དང་ལུས་ཕུང་ལ་གནོད་འཚེ་ཐེབས་ཚད་20%ཡིན་པས། སེམས་ཁམས་ལ་ཕོག་ཐུག་བཟོས་པ་མ་བཟོད་པར་ཚེ་སྲོག་ཤོར་སོང་བའི་ནད་པ་50%ཡན་ལ་སླེབས་ཡོད་པ་དེ་སྔའི་ལག་ལེན་ཁྲོད་ར་སྤྲོད་ བྱུང་ཡོད་དེ། ཨེ་ཙི་ནད་པར་གསོ་བཅོས་བྱེད་དགོས་ཚེ། ཐོག་མར་སེམས་ཁམས་གསོ་བཅོས་ཀྱི་ཐབས་ཤེས་འཐེན་རྒྱུ་ཧ་ཅང་ གལ་ཆེན་ཡིན། ནང་པ་སངས་རྒྱས་པས་བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། བསམ་པ་ ངན་ན་ས་དང་ལམ་ཡང་ངན་ཞེས་བསྟན་ཡོད་པ་ལྟར་གང་ཟག་ཐམས་ཅད་ཀྱིས་རྒྱུད་ལ་སྙིང་རྗེའི་བསམ་པ་བཟང་པོ་རེ་འཆིངས་ནས་ནད་པ་རྣམས་ལ་འཚོ་བའི་ཁོར་ཡུག་ལེགས་པོར་སྐྲུན་རྒྱུ་དང་། སེམས་ཁམས་གསོ་བ་དང་དཔལ་འབྱོར་གྱི་རོགས་རམ་བྱས་ཏེ་ནད་རིམས་ལ་འཐབ་རྩོད་དང་ཚེ་ སྲོག་ལ་སྲུང་སྐྱོབ་བྱེད་པའི་སྐུལ་མ་བཏང་ཚེ་དེ་ནི་སྨན་གསོ་བྱས་པ་ལས་ལྡབ་འགྱུར་གྱིས་ཕན་ ངེས་སོ།།

93 རང་རྒྱལ་གྱི་ཡུན་ནན་ཞིང་ཆེན་ཞི་ཧྲང་པན་ན་ཁུལ་གྱི་སངས་རྒྱས་འོད་ཁྱིམ་ཚོགས་ པའི་ཉམས་མྱོང་ལྟར་ན་མི་རྣམས་ལ་ནད་འདིས་ཐེབས་ནས་ཅི་བྱ་གཏོལ་མེད་དུ་གྱུར་འདུག་པའི་ སྐབས་སུ་ནང་བ་སངས་རྒྱས་ཀྱི་བླ་མ་དག་དང་དགེ་འདུན་པ་རྣམས་ཀྱིས་ལས་རྒྱུ་འབྲས་དང་། དགེ་བ་བཅུ། ཕར་ཕྱིན་དྲུག བདེན་པ་བཞི་སོགས་ཀྱི་ཆོས་བཤད་གནང་སྟེ། དགེ་སྒྲུབ་ཚོགས་ བསགས་དང་སྒྲུབ་སྦྱང་ཉམས་ལེན་བྱེད་པར་བསྐུལ་ནའང་ཕན་ནུས་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་བྱུང་དང་འབྱུང་བཞིན་འདུག་པ་མིག་མཐོང་ལག་ཟིན་ཡིན་པས་དེའི་ཕྱོགས་ལ་འབད་རྒྱུ་ཧ་ ཅང་གལ་ཆེའོ། །


མཇུག་བསྡུ་བའི་གཏམ།

     གཉན་རིམས་ནག་པོ་ཨེ་ཙིའིHIV/AIDSནད་བཤད་པ་སྐྱེ་བོའི་གསོ་ཐིགས་ཞེས་པའི་ཆེད་རྩོམ་འདི་ནི་གླིང་ཆེན་ཨ་ཤེ་ཡ་སྟེ་ཡ་གླིང་གི་སངས་རྒྱས་འོད་ཁྱིམ་ཚོགས་པས་སྤྱི་ལོ2010ལོའི་ཟླ་11 པར་ཀྲུང་གོའི་ཡུན་ནན་ཞིང་ཆེན་ཞི་ཧྲང་པན་ན་ཁུལ་ཅིན་ཧོང་གྲོང་ཁྱེར་ནས་བསྡུས་པའི་ཨེ་ཙི་HIV/AIDSནད་སྔོན་འགོག་བྱ་བའི་གསོ་སྦྱོང་འཛིན་གྲྭའི་སློབ་ཁྲིད་ཀྱི་དགོངས་དོན་གཞིར་ བཟུང་ནས་བྲིས་པ་ཡིན་ལ་དཔྱད་རྩོམ་འདི་བདག་གིས་འབྲི་ཁུལ་བགྱིས་པ་ཡིས་གཉན་རིམས་ནག་པོ་འམ་ཡུ་མུག་གཅོང་གི་ནད་འདི་འགོས་ཁྱབ་བྱུང་མེད་པའི་ས་ཆར་ཆུ་མ་འོང་གོང་གི་ཆུ་རག་ལྟ་ བའི་ནུས་པ་ཅུང་ཙམ་རེ་ཐོན་རྒྱུ་དང་། ནད་ཡམས་འདི་དར་ཁྱབ་སོང་ཡོད་སའི་ཉམས་ཐག་ནད་པ་ལ་ནད་གསོ་སྨན་བཅོས་ཀྱི་ཕན་འདྲས་ཏིལ་ཙམ་རེ་ཨེ་ཡོད་སྙམས་པའི་ཀུན་སློང་ཡང་དག་པའི་ངང་སྤེལ་བ་ཡིན་མོད་། འོན་ཀྱང་ནང་དོན་གྱི་ཆ་ལ་སྐྱོན་དང་ནོར་འཁྲུལ་ཡོད་ཚེ་མཁྱེན་དཔྱོད་ ཡངས་པ་དག་གིས་དགོངས་འཆར་ལྷུག་སྩོལ་ཡོང་བར་ཞུ་ཞུ།། །།

ཡོང་ཁུངས་བོད་ནང་གི་དྲ་བ།

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading