ཚེ་དར།

        དབྱིན་ཇིའི་ལའེ་སི་ཐི་སློབ་ཆེན་གྱི་སྤྱི་ཚོགས་སེམས་ཁམས་རིག་པས་ཀྲུང་གོའི་དེང་རབས་པའི་བདེ་སྐྱིད་བསམ་བློ་མར་ཆག་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་པའི་རྣམ་གྲངས་བདུན་ནི།       


དང་པོ། གཤིབ་བསྡུར་ལ་དགའ་བ།

        དེང་རབས་པས་བློ་ནུས་ཡོད་ཚད་འགྲན་རྩོད་ཀྱི་ཁྲོད་དུ་བཏོན་ཡོད་དེ།ཐོབ་ཐང་དང་སྡོད་ཁང༌། རྒྱུ་ནོར་སོགས་འགྲན་པར་བྲེལ་འདུག ཡར་སྡུར་མར་གཤིབ་ཀྱིས་མཐའ་མཇུག་མི་རྣམས་ཀྱི་ཀླད་པའི་ནང་ན་འདོད་འདུན་དང་ཧམ་སེམས་ལས་བདེ་སྐྱིད་ཅི་ཡང་མི་འདུགམི་རྣམས་ཀྱིས་བདེ་སྐྱིད་ཀྱི་རྩ་བ་དང་ཐབས་ལམ་དེ་མི་འཚོལ་བར་གཞན་གྱི་བདེ་སྐྱིད་ལ་འགྲན་ཡ་འཛིན་པ་ན་བདེ་སྐྱིད་དེ་ཡང་ཁྱེད་དང་རྒྱང་དུ་བཀྱེད་འགྲོ་བ་རེད།       


གཉིས་པ། དད་འདུན་མེད་པ།

        ལོ་ངོ་ཉི་ཤུ་ལྷག་ལ་མདའ་མདུང་ལྟ་བུའི་རྒྱུ་ནོར་གྱི་འགྲན་རྒྱུག་བྱས་མཐར།མི་ཁ་ཤས་ཤིག་དངུལ་ནོར་གྱི་དོན་དུ་རྒྱུག་འདུར་བྱེད་པ་ལས་མི་ཚེའི་དམིགས་འབེན་དང་རེ་སྙེག་ངོ་མ་ཅི་ཞིག་ཡིན་པའང་ཚོར་གྱིན་མི་འདུགཐ་ན་རང་ཉིད་ལ་དོན་ངོ་མར་ཅི་ཞིག་མཁོ་བ་ཡང་མི་ཤེས། འདི་འདྲའི་དད་འདུན་གྱིས་སྟོང་བའི་ཕུགས་བསམ་ལ་རྟག་བརྟན་གྱི་བདེ་སྐྱིད་ཅིག་གཏན་ནས་འབྱུང་མི་སྲིད།


གསུམ་པ། སྐྱིད་ཀྱི་སྐྱིད་ངོ་མི་ཟིན་པ།

         ནམ་རྒྱུན་གྱི་འཚོ་བའི་ཁྲོད་ན་ལེགས་པའི་ཆ་མང་པོ་ཞིག་ཡོད་ཀྱང་མི་མང་པོ་ཞིག་གིས་དེ་སྣང་མེད་དུ་བཞག་སྟེ།དུས་ཀུན་སྡུག་སྨྲེ་འདོན་པ་ལས་དེའི་གསེང་ན་ཡོད་པའི་བདེ་སྐྱིད་སྣང་མེད་དུ་བཞག་ཡོད་པ་རེད།གཞན་གྱི་བདེ་སྐྱིད་དག་ཆེ་རུ་སྒྲོག་ཅིང་རང་གི་སྤྲོ་སྐྱིད་དག་ཆུང་དུ་སྦས་པ་རེད།          


བཞི་བ། བརྩེ་སེམས་འབུལ་མི་ཤེས་པ།

         སྔོན་ཆད་ཨ་རིའི་ཧ་ཧྥུ་སློབ་ཆེན་གྱི་ཞིབ་འཇུག་པ་ཞིག་གིས་བརྗོད་དོན།ཇི་ལྟར་གཞན་ལ་རོགས་རམ་རེ་བྱས་ན་དེ་ལྟར་རང་ལ་སྤྲོ་སྐྱིད་རེ་ཐོབ་ཡོང་ཟེར། འོན་ཀྱང་ད་ལྟའི་སྤྱོ་ཚོགས་ཁྲོད་དུ་གཞན་ལ་བརྩེ་སེམས་ཀྱི་ལེགས་སྐྱེས་འབུལ་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་སོང་ཞིང་རྒྱ་ཁ་སྲང་ཁའི་ལྗིད་ཚད་ཙམ་ལ་དམར་མཁན་མང་ནས་མང་དུ་འཕེལ་བཞིན་འདུགགལ་ཏེ། ཁྱོད་ཀྱིས་བྱ་བ་གང་ཡིན་གྱི་ཁྲོད་ནས་རང་ལ་ཅི་ཞིག་འཐོབ་པར་སྒུག་ཅིང༌། བྱ་བ་དེ་ལས་ཁེ་ཕན་ཅི་ཞིག་ལོན་པར་རེ་ན།ཁྱོད་ཉིད་གསོན་པ་ནི་དེ་ལས་ཐང་ཆད་པ་ཞིག་ཡིན་སྲིད། 


ལྔ་བ། ཆོག་ཤེས་མེད་པ།

        ཆོག་ཤེས་ཅན་ལ་དགའ་སྤྲོ་རྫོགས་པ་མེད་ཟེར་ཡང༌། ཆོག་ཤེས་ཅན་གྱི་མི་ནི་ཇེ་ཉུང་ནས་ཇེ་ཉུང་རེད།སྡོད་ཁང་ཞིག་ཡོད་ན་དེ་ལས་རྒྱས་སྤྲོས་ཤིག ལས་ཐོབ་རན་ས་ཞིག་ཡོད་ན་མཐོ་སར་སྙེག་པ དངུལ་ནོར་ཇི་ཙམ་ཡོད་ན་ཧམ་སེམས་དེ་ཙམ་འཕེལ་བ།དེ་དང་དེ་བཞིན་གྱི་སྨྱོ་ཧམ་གྱིས་རང་ཉིད་ནམ་ཡང་ཁོམ་མེད་དལ་མེད་དུ་བཏང་སྟེ། གཟི་འོད་འཕྲོ་བའི་གྲུབ་འབྲས་ཤིག་ཨུ་ཚུགས་ཀྱིས་ལེན་པར་འདོད།


དྲུག་པ། ཕན་ཚུན་ལ་ཡིད་ཆེས་མེད་པ།

         ཆ་འཕྲིན་གྱི་ལས་རིགས་ཅི་ཙམ་དར་ཡང་མི་དང་མི་ཡི་སེམས་པའི་བར་ཐག་དེ་ཙམ་ཇེ་རིང་དུ་སོང་བ་རེད།ད་ལྟ་མི་ཀུན་གྱི་ཀླད་པའི་ནང་རྒྱུ་དང་གོ་གནས། དབང་ཐང་བཅས་ཀྱིས་བཟུང་སྟེ། བདེ་སྐྱིད་ལོངས་སུ་སྤྱོད་པའི་སེམས་པའི་བར་སྟོང་ཞིག་མི་འདུགདེ་བས་འཇིག་རྟེན་ན་བདེ་སྐྱིད་མེད་པ་མ་ཡིན་པར། རང་ཉིད་ལ་བདེ་སྐྱིད་ལོངས་སུ་སྤྱོད་པའི་ནུས་པ་མེད་སོང་བ་རེད།        


བདུན་པ། བསམ་བློའི་འདང་རྒྱག་ཆེ་བ།

        ཁྱིམ་འཛུགས་བུ་སྐྱོང་དང་བྱ་བའི་དཀའ་སྡུག ད་དུང་གྲོགས་ན་ཟླའི་བར་འབྲེལ་གཏུག་སོགས་ནི་ཀྲུང་གོ་བའི་བསམ་བློ་འཕར་ཆག་དང་སེམས་ཁུར་གྱི་འབྱུང་ཁུངས་སུ་གྲུབ།ལྷག་པར་གྲོང་ཁྱེར་དུ་འཚོ་བའི་སྐྱེས་ཕོ་མོ་རྒན་དར་གཞོན་གསུམ་ཀུན་ལ་སུན་སྣང་དང་སེམས་ཁུར་མང་པོ་ཞིག་གིས་གཙེས་ཏེ།མི་རྣམས་ལ་སེམས་གཏིང་གི་བདེ་སྐྱིད་ཅིག་ནམ་ཡང་མྱངས་སུ་བཅུག་མེད་པ་རེད།

ཡོང་ཁུངས་དྲ་བ་གཞན།

དཔྱད་མཆན་སྤེལ།

%d