རྒྱུན་མཁོའི་ཡོ་བྱེད་ཀྱི་སྐོར། ལན།
༡ མགོ་ན་རྒྱལ་བ་རིག་ལྔ་ཡོད། ༡ མཎྜལ།
སྐེད་ན་བྱུ་རུའི་དཀྱིལ་གསུམ་ཡོད།
ཞབས་ན་པདྨ་འདབ་བརྒྱད་ཡོད།
༢ ཙན་དན་རྒྱ་མ་མིག་མང་མ། ༢ རྒྱ་གླིང་།
མིག་རེ་བཙུམས་ན་མགུར་རེ་ལེན།
༣ ཐག་རིང་མགྲོན་པོ་སླེབས་བྱུང་། ༣ ལན། འཕར་ཤིང་།
རས་གུར་སྒྲོག་གུ་གྲོལ་ཐལ།
༤ ནགས་ཀྱི་ནང་གི་ཤིང་ཞིག ༤ ལན། རྒྱ་མ།
གྲམ་པའི་ནང་གི་རྡོ་ཞིག
རྒྱ་བོད་གཉིས་ཀྱི་ཁལ་བཀལ།
༥ ཚིལ་ལེན་ནག་པོའི་སྟོད་ཐུང་ཅན། ༥ ལན། མེ་ཆ།
རྩྭ་ཡི་ལོ་མའི་ནང་རྫོང་ཅན།
༦ ཉག་ཀ་ཞིག་གི་ཕ་རོལ་ན། ༦ ལན། རྣ་ལུང་།
ཉན་པ་ཚང་གི་སྒོ་ལམ་ན།
རྟ་དཀར་པོ་རྔ་མ་དགུ་མདུད་ཅན།
༧ འབྲི་བརྒྱ་ཐག་པ་གཅིག་གིས་བཏགས། ༧ ལན། ཕྲེང་བ།
༨ ཀུན་དགའ་དོན་གྲུབ་དུང་གི་ཟླ་གོར་ཅན། ༨ ལན། དངུལ་སྒོར།
མི་ཀུན་དགའ་ཞིང་ཀུན་ལ་དགའ་བ་བསྐྱེད།
༩ ཕྱི་གོར་གོར་ཟླ་འདྲ་འདྲ། ༩ དོང་ཙེ།
ནང་གྲུ་བཞི་བྲེ་འདྲ་འདྲ།
༡༠ བུ་མོ་དཀར་དཀར་ཁོག་པ་སྟོང་བ། ༡༠ དུང་།
འོ་རེ་བྱས་ཚེ་ལ་ལུང་འུར་གྱིས་གང་།
༡༡ གཅིག་དེ་བླ་མའི་མདུན་ན་ཡོད། ༡༡ མདུན་ཅོག་དང་ཟངས་ངའི་ཁ་ལེབ།
གཅིག་དེ་རྒྱ་མཚོའི་ཁ་ན་ཡོད།
༡༢ ཨ་ནེ་གཟུགས་རིང་མ། ༡༢ ཟོག་རྡང་།
འདོག་ཆ་མང་པོ་ཅན།
༡༣ བྲག་ངོས་ར་མ་སྔོ་རིལ་མ། ༡༣ ཟྭ།
ལྷུང་ལ་ཁད་དང་ལྷུང་རྒྱུ་མེད།
༡༤ འགྲམ་ཡས་མེད་པའི་རྩྭ་གཟན། ༡༤ ཟོར་བ།
༡༥ ལག་མེད་རྐང་མེད་གནམ་ལྡིང་མ། ༡༥ ལྒང་ལི།
༡༦ ཐོད་པའི་ཐོག་ན་ཁ་ཞིག ༡༦ མེ་མདའ།
མ་ནེ་འོག་ན་རྭ་ཞིག
ལག་པས་རེག་ན་འབྲུག་གྲགས།
༡༧ རྒྱ་ན་ཡོད་དུས་གོས་གོན་མ། ༡༧ དཀར་ཡོལ།
འབྲོག་ན་ཡོད་དུས་ཐལ་འགམ་མ།
༡༨ ཕྱི་སྐྱ་ལེབ་སེ། ནང་རྩིབ་གུ་རབ་སེ། ༡༨ ཁང་བ།
༡༩ བྲག་ཐོག་ར་མ་འགྲམ་གཉིས་མ། ༡༩ ཌཱ་མ་རུ།
གཡུ་བྱུ་རུ་གཉིས་ཀྱི་རྣ་རྒྱན་ཅན།
༢༠ མགོ་ཨ་ཚ་ཚ། རྔ་མ་ཨ་ཤུ་ཤུ། ༢༠ ཕུར་བ།
༢༡ དཀར་རིལ་ལངས་གཅིན། ༢༡ ཆུར་སྒྱེ།
༢༢ ར་མ་སྔོ་སྔོ་ལྕགས་ཀྱི་རྔ་མ་ཅན། ༢༢ འཁོལ་མོ།
༢༣ མི་བརྒྱས་ཞྭ་གཅིག་གོན། ༢༣ གུར།
༢༤ མཛོ་མོ་སྔོན་མོ་ར་ཡས་མ། ༢༤ ལག་སྐོར།
སྡེ་བ་གཞུང་གི་ཆས་གཟན་མ།
༢༥ ལག་ཡས་མེད་པའི་ཆུ་འཐུང་། ༢༥ ཆུ་སྐྱོགས།
༢༦ འུ་ཚང་གི་བུ་མོ། ༢༦ སྦྲ།
གན་ཚང་གི་མནའ་མ།
འབྲི་ཐེའུ་མ་བརྒྱ་ཡི་ཚ་མོ།
འགྲོ་དུས་མཛོ་ཡི་གོང་ནས་འགྲོ
འབབ་ས་མ་རྙེད་གསིང་ལ་འབབ།
༢༧ ཉིན་དཀར་ཁོག་ན་བེའུ་ཡོད། ༢༧ ལྷམ།
ནུབ་མོ་ཁོག་ན་བེའུ་མེད།
༢༨ འགྲོ་རྒྱུ་མེད་པའི་མ་མོ་སུག་བཞི། ༢༨ སླེ་བོ།
༢༩ ཁེས་ཁ་བརྒྱ་ན་རྟ་པ་བརྒྱ། ༢༩ གུར།
རྟ་མི་བརྒྱ་ལ་ཞྭ་གཅིག
༣༠ དམག་བརྒྱའི་དཔོན་པོ། ༣༠ མཐེ་བོང་དང་ཕྲེང་བ།
སྣ་ཐུག་སུམ་སྐྱ་ཅན།
དམག་དཔོན་རྒྱ་ལྡིང་།
མགོ་ལ་རུས་ཞྭ་ཅན།
༣༡ ཤིང་སྐྱ་རིང་མགོ་ན། ༣༡ མདུང་།
བྱ་སྔོ་ལེབ་ཞིག
<<འཇིག་རྟེན་ཀུན་ཏུ་དགའ་བའི་གཏམ་ངག་གི་རོལ་མཚོ>>ལས་བདམས་བཀོད་བྱས། ངེད་དྲ་ཚིགས།