October ༡༤, ༢༠༡༤

བྱིས་པའི་ཤེས་བྱ། -0 Minutes

༄༅། །སློབ་ཆུང་དག་ཡིག

༄༅། །སློབ་ཆུང་དག་ཡིག          ཟབ་ཡངས་ཡོན་ཏན་རྒྱ་མཚོའི་འཇིངས། །བགྲོད་པའི་གཟིངས་ཆེན་ཡི་གེ་སྟེ། །         རྟག་ཏུ་བརྩོན་འགྲུས་སྐྱ་འདེབས་ཀྱིས། །བརྡ་དག་ཕ་མཐར་མྱུར་དེངས་ཤིག ། ༼ཀ༽    ཀ་བ་ཀ་ར་ཀ་ཏོ་ར། ། ཀ་ཅི་ཀ་མད་ཀ་རྐྱང་ཡིན། །དཀའ་ལས་དཀའ་ངལ་ད་དཀའ་དང་། །བཀའ་མོལ་བཀའ་སློབ་བ་བཀའ་འོ། །ཡུར་བུའི་རྐ་ནི་ར་རྐ་དང་། །གོས་ཀྱི་སྐ་རགས་ས་སྐ་ཡིན། །ལམ་སོགས་བཀག་པ་བ་བཀག་ལ། ། ལོ་ཡི་སྐག་ནི་ས་སྐག་ཡིན། །སྣོད་སོགས་ཆུས་བཀང་བ་བཀང་དང་། །རྐང་ལག་གཞི་རྐང་ར་རྐང་ངོ་། སྐད་རིགས་སྐད་ཆ་ས་སྐད་དང་། །སྐས་འཛེག་སྐས་ལ་རྗེས་འཇུག་ས། ། ཁ་ཡི་རྐན་ནི་ར་རྐན་ལ། །རྒྱུག་པས་བཀན་པ་བ་བཀན་ཡིན། །རྐང་ལག་སྐུམ་པ་ས་སྐུམ་མོ། །ཁེབས་སོགས་བཀབ་པ་བ་འཕུལ་དང་། །གནས་སྐབས་སྐབས་འཕྲལ་ས་སྐབས་ཡིན། །ཉི་མར་སྐམ་པ་ས་སྐམ་མོ། །ཁ་དོག་དཀར་པོ་ད་དཀར་དང་།...
དེ་ལས་མང་པ།
རྩོམ་ཡིག སྙན་ངག -0 Minutes

ང་ཡི་སེམས་འདི་ཁྱོད་ལ་རྗེན་པར་སྟོན།

            རྒུ་རུ་བ་རྡོ། ཁ་སང་ང་ནི་དབུས་གཙང་ཡུལ་ནས་ཆས། ། ལྕགས་ཀྱི་སྒམ་ཆུང་ཞིག་གིས་དྲུད་དེ་ཡོང་། ། སྐད་རིགས་འདྲ་མིན་རྣ་བས་ཉན་གྱིན་ཡོང། ། དབུས་ཀྱི་ཁ་དོག་སེམས་ལ་དྲན་གྱིན་ཡོང་། ། སྟོད་ལུང་སྡེ་ཆེན་བྱང་གི་འདམ་ར་དང་། ། གཉན་ཆེན་ཐང་ལྷ་བསམ་གཏན་གངས་བཟང་དང་། ། གདང་ལ་ཆེ་ཆུང་ཨ་ཆེན་གངས་རྒྱབ་སོགས། ། མིག་གིས་ཉུལ་ཅིང་སེམས་ཀྱིས་སྣོམ་གྱིན་ཡོང་། ། དབུས་ཀྱི་ཁ་དོག་སྐྱ་བོར་འགྱུར་གྱིན་འདུག ། ལྕགས་ཀྱི་སྒམ་གྱི་བསྟན་པ་དར་གྱིན་འདུག ། སྐད་རིགས་མང་པོས་ཟིན་ཚད་བཟའ་བཞིན་འདུག ། འགྲུལ་པ་མང་པོས་མཐོང་ཚད་འཁྱེར་གྱིན་འདུག ། གང་ལྟར་ང་ནི་དབུས་ནས་ལམ་ལ་ཆས། ། སྙིང་ལ་རུས་པ་ཅན་དག་དྲན་ནས་ཡོང་། །...
དེ་ལས་མང་པ།