མགར་བཟའ།
ནམ་མཁའ་སྐྱ་རེངས་འགྱོག་དུས།།
ལུག་རྫི་བུ་མོ་ཆུང་ཆུང་།།
མིག་གི་དྭངས་གཙང་ཀློང་ན།།
རི་ཆུའི་བཞུར་སྒྲ་འཁྱིལ་ཡོད།།
བུ་མོ་གཙང་ཆུ་དྭངས་མོ།།
སྤང་ལྗོངས་སྔོན་མོར་ལྟེམས་ཡོད།།
ཉི་འོད་ལྷས་ལ་རྒྱག་དུས།།
ལུག་རྫི་བུ་མོ་ཆུང་ཆུང་།།
སེམས་པའི་སྤྲ་གུར་དབུས་ན།།
དུང་སེམས་དྲོད་ཁོལ་འཛུམ་ཡོད།།
བུ་མོ་ཉི་འོད་འཇམ་པོ།།
སྦྲ་ཁྱིམ་ངོས་ལ་འཁྱུད་ཡོད།།
མུན་པས་ས་གཞི་གཡོགས་དུས།།
ལུག་རྫི་བུ་མོ་ཆུང་ཆུང་།།
དུང་སེམས་མཚོ་ཆུང་ངོགས་ན།།
དྲན་པའི་ཟླ་བ་གསལ་ཡོད།།
བུ་མོ་ཟླ་དཀར་ཆུང་ཆུང་།།
མཚོ་མོའི་གཏིང་ལ་སིམ་ཡོད།།
སྐྱེས་སྐར།
མགར་བཟའ།
དེ་རིང་ཉིན་མོ་བཀྲ་ཤིས།
ཁྱིམ་གཞིས་གོར་མོ་འཛོམས་ཡག
ཉི་མ་རྟེན་འབྲེལ་འགྲིག་ཡག།
ཟླ་བ་ཡར་འགྲོ་བཀྲ་ཤིས།།
གཅེས་ལོ་ཚེ་རིང་ལོ་བརྒྱ།།
ཚེ་རིང་ལོ་བརྒྱ་་་་་་་
ཚེ་རིང་ལོ་བརྒྱ་ཤོག
ཉིན་མོ་གཟའ་སྐར་འཕྲོད་ཡག།
ཕ་ལགས་རླུང་རྟ་ཡར་འགྲོ།
ཨ་མ་གཡང་ཟོ་འཛོམས་ཆགས།
རྒྱབ་རི་མཐོན་པོའི་རྩེ་ལ།
རེ་བའི་ལྷ་བསང་བཏང་ཡོད།།
མར་ལོ་སྐྱེས་སུ་བཟུང་ཡོད།།
སྐྱེས་སྐར་ཁ་བྲོ་བཀྲ་ཤིས།།
གཅེས་ལོ་ཚེ་རིང་ལོ་བརྒྱ།།
ཚེ་རིང་ལོ་བརྒྱ་་་་་་་
ཚེ་རིང་ལོ་བརྒྱ་ཤོག
མེས་པོའི་རིང་གི་བགོས་སྐལ།།
ལྷ་གཡག་གྭ་བ་རྭ་རིང་།།
དུང་ལུག་ཚེར་མོ་བལ་ཡག།
རྟེའུ་ཆུང་གྲོ་རྒྱ་གཡུ་རྔོག།
བཀྲ་ཤིས་སྐྱེས་སུ་འཛོམས་ཡོད།།
གཅེས་ལོ་ཁྱེད་ལ་འཛོམས་ཡོད།།
གཅེས་ལོ་ཚེ་རིང་ལོ་བརྒྱ།།
ཚེ་རིང་ལོ་བརྒྱ་་་་་་་
ཚེ་རིང་ལོ་བརྒྱ་ཤོག
གསར་རྩོམ་གཞས་ཚིག་དག་གི་འགན་དབང་ངེད་དྲ་ཚིགས་ལ་ཡོད་པས་ཆོག་མཆན་མ་ཞུས་པར་གང་བྱུང་དུ་རྐུ་ཁྱེར་དང་བརྒྱུད་འགོད་བྱ་མི་ཆོག