ནོ་བྷེལ་གཟེངས་རྟཊ་བཞེས་མཁན་ལ་འཚམས་འཕྲིན།

     ༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༠ ཉིན་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཆེད་ལས་འགུལ་རྩོམ་མཁན་རྒྱ་གར་བ་སྐུ་ཞབས་ཀེ་ལ་ཤི་སཏྱཱར་ཐི་ Kailash Satyarthi དང་། པ་ཀི་སི་ཐིན་གྱི་བུད་མེད་ཀྱི་ཤེས་ཡོན་ཐོབ་ཐང་རྩོད་ལེན་པ་རང་ལོ་བཅུ་བདུན་ཡིན་པའི་བུ་མོ་མ་ལ་ལ་ཡུ་སུབ་ཛ་ཡ་ Malala Yousafzai རྣམ་གཉིས་ལ་འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་གསལ་བསྒྲགས་གནང་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་བསུའི་འཚམས་འཕྲིན་སྩལ་ཡོད་པ་རེད།

  དེ་ཡང་གསུང་འཕྲིན་ནང་འཁོད་དོན།རྣམ་པ་གཉིས་ལ་རྣམ་པ་གཉིས་ཀྱིས་ཁོར་ཡུག་གི་གནས་སྟངས་མི་འདྲ་བའི་འོག་ནས་བྱིས་པའི་ཐོབ་ཐང་དང་ཤེས་ཡོན་སོགས་ལ་རྒྱབ་སྐྱོར་ཆེད་འབད་བརྩོན་གནང་བ་དེར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པར་ངོས་རང་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་། ཞེས་འཁོད་ཡོད་པ་དང་།

    གསུང་འཕྲིན་དུ་མ་ལ་ལ་ཡུ་སུབ་ཛ་ཡ་ལ་འཚམས་འདྲི་མཛད་དོན། ཁྱེད་རང་ལོ་ན་ཆུང་ཆུང་ཡིན་ཡང་བུད་མེད་ཀྱི་ཤེས་ཡོན་ཐོབ་ཐང་ཆེད་བློ་ཁོག་ཧ་ཅང་ཆེན་པོས་འཐབ་རྩོད་གནང་བར་བརྟེན། མི་ཁག་གཅིག་གི་བློར་མ་བབ་ནས་མགོ་བོར་མེ་མདའ་བརྒྱབ་སྟེ་རྨས་སྐྱོན་བཏང་ཡོད་ཀྱང་ཕྱིས་སུ་དྲག་སྐྱེད་བྱུང་རྗེས་མུ་མཐུད་ནས་སྙིང་སྟོབས་ཞུམ་མེད་ཐོག་བྱིས་པའི་གཞི་རྩའི་ཤེས་ཡོན་གྱི་ཐོབ་ཐང་སྲུང་སྐྱོབ་ཆེད་འབད་བརྩོན་གནང་ཡོད།དེར་བརྟེན་བསྔགས་བརྗོད་ཞུ་རྒྱུ་ཁོ་ན་ལས་མ་འདས། ཞེས་དང་།

     སྐུ་ཞབས་ཀེ་ལ་ཤི་ལ་འཚམས་འདྲི་མཛད་དོན། རྒྱ་གར་གྱི་ཡབ་ཆེན་མེས་པོ་དམ་པ་གཱན་དྷི་མཆོག་ནི་ངོས་རང་སྒེར་གྱི་སློབ་སྟོན་པ་ལྟ་བུར་ངོས་འཛིན་ཞུ་བཞིན་ཡོད། དམ་པ་ཁོང་གིས་འཚེ་མེད་ཞི་བའི་ལམ་སྟོན་འོག་སྐུ་ཚེ་ཧྲིལ་པོའི་རིང་འབད་བརྩོན་གནང་བ་དེས་འཛམ་གླིང་ཁྱོན་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དེར་བརྟེན་ཐེངས་འདིར་གཱན་དྷིའི་རྗེས་འཇུག་པ་སྐུ་ཉིད་ལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པ་འདི་གཱན་དྷི་མཆོག་གི་མཛད་རྗེས་ལའང་ངོས་འཛིན་ཞུས་པ་ཞིག་ཡིན་པར་ངོས་ཀྱིས་ངོས་འཛིན་ཞུ་བཞིན་ཡོད། ཅེས་འཁོད་ཡོད།

    གཞན་ཡང་།  ཐེངས་འདིར་ནོ་འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པར་ངོས་ཀྱིས་དགའ་བསུ་ཞུ་རྒྱུ་དང་། ཞི་བདེའི་གཟེངས་རྟགས་རྒྱ་གར་གྱི་སྐྱེས་པ་ཞིག་དང་པ་ཀི་སི་ཐན་གྱི་བུད་མེད་ཅིག་ལ་ཐུན་མོང་ཐོག་འབུལ་རྒྱུའི་ཐག་གཅོད་གནང་བ་འདི་ནི་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་པའི་ཐོག་ནས་འཛམ་གླིང་འདི་དེ་སྔ་ལས་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་སྐྲུན་ཐུབ་རྒྱུ་ཡིན་པའི་བརྡ་ལན་སྤྲད་པ་ཞིག་ཡིན་པར་ངོས་ཀྱིས་བསམ་བཞིན་ཡོད། སྤྱིར་སྤྱི་ཚོགས་ནང་བྱིས་པ་བསམ་མེད་ཚོར་བརྙས་བཅོས་དང་གྱོང་གུད་ཕོག་རྒྱུའི་ཉེན་ཁ་ཆེ་ཤོས་ཡོད་ཀྱང་ཁོང་ཚོ་ནི་མ་འོངས་སོན་རྩ་ཆགས་ཡོད་སྟབས། མ་འོངས་སྤྱི་ཚོགས་བརྟན་ལྷིང་ཡོང་མིན་ནི་བྱིས་པ་ཚོར་འདྲ་མཉམ་ཐོག་ནས་ཤེས་ཡོན་གྱི་གོ་སྐབས་ཐོབ་མིན་ལ་རག་ལུས་ཡོད། དེར་བརྟེན་རྣམ་པ་གཉིས་ཀྱིས་བྱིས་པའི་དོན་དུ་འབད་བརྩོན་གནང་བར་ངོས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་ཡིན། ཁྱེད་རྣམ་གཉིས་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པ་འདིས། གལ་ཏེ་ང་ཚོས་སོ་སོ་རང་ཉིད་ཙམ་མ་ཟད། འཛམ་གླིང་གི་གནས་སྟངས་ཇེ་བཟང་དུ་གཏོང་དགོས་ན། ཤེས་ཡོན་ཇི་ཙམ་གལ་ཆེན་པོ་ཆགས་ཡོད་པ་དྲན་བསྐུལ་བཏང་བ་ལྟ་བུ་ཞིག་ཆགས་ཡོད། དེར་བརྟེན་ཐེངས་འདིའི་གཟེངས་རྟགས་འདི་ནི་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བྱིས་པ་ཕོ་མོ་རྣམས་ལ་སྙིང་སྟོབས་སྤེལ་མཁན་གྱི་གཟེངས་རྟགས་ཤིག་ཆགས་ཡོད། ཅེས་པའི་འཚམས་འཕྲིན་སྩལ།

ཡོང་ཁུངས་རྒྱལ་བ་རིན་པོ་ཆེའི་དྲ་བ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s