October ༢༡, ༢༠༡༤

གསར་འགྱུར། -0 Minutes

དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མགོ་འཛུཊ།

ཟླ་འདིའི་ཟླ་མཇུག་ནས་བཟུང་ཉིན་བཞི་རིང་དྷ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་པ་གསུམ་མགོ་འཛུགས་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་སོང་། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༣༠ སྟེང་། དྷ་རམ་ས་ལའི་ཀ་ཅཱ་རིལ་རྫོང་དཔོན་ལས་ཁུངས་ཀྱི་ཚོགས་ཁང་དུ། ཁྲུང་ཁྲུང་དཀར་མོ་སྒྱུ་རྩལ་ཐེབས་རྩ་ཁང་གི་འགན་འཛིན་བསྟན་འཛིན་བསོད་ནམས་ལགས་དང་། ཁོའི་བཟའ་ཟླ་རྒྱ་གར་བ་གློག་བརྙན་བཟོ་མཁན་རེ་ཌོ་ ( Ritu Sarin) ལགས་རྣམ་གཉིས་ཀྱིས། ༢༠༡༤ ལོའི་དྷ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་པ་གསུམ་དེ། ཟླ་འདིའི་ཚེས་ ༣༠ ནས་ཉིན་བཞིའི་རིང་དྷ་ས་ཟློས་གར་ཚོགས་ཁང་དང་། ཧི་མ་ཅལ་མངའ་སྡེའི་སྐྱིད་སྡུག་ཚོགས་ཁང་ (Club House)གཉིས་སུ། སྔ་ཕྱིར་མི་མང་ལ་གཟིགས་འབུལ་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་།༄༅ འགན་འཛིན་བསྟན་བསོད་ནམས་ལགས་ཀྱིས་ངོ་སྤྲོད་གནང་བར། ད་ལོའི་གློག་བརྙན་དུས་སྟོན་སྟེང་། རྒྱལ་སྤྱི་དང་རྒྱ་གར་ནང་སྐད་གྲགས་ཆེ་བའི་གློག་བརྙན་དང་། དངོས་བྱུང་གློག་བརྙན། འགུལ་རིས་གློག་བརྙན་སོགས་བརྗོད་བྱ་འདྲ་མིན་གཟིགས་འབུལ་ཞུ་རྒྱུ་ཡིན་པ་དང་། དེ་དང་མཉམ་དུ་རྒྱ་གར་གྱི་རྩོམ་པ་པོ་དང་གློག་བརྙན་སློབ་སྟོན་པ་དང་འཁྲབ་སྟོན་པ་སྐད་གྲགས་ཅན་ཇི་ཀཱ་པོར་ (Rajat Kapoor) ལགས་ཀྱིས་ཁོང་གིས་བཟོས་པའི་གློག་བརྙན་(Aankhon Dekhi) ཞེས་པ་གཟིགས་འབུལ་བྱ་རྒྱུ་ཡིན་ཚུལ་སོགས་བརྗོད་སོང་། གློག་བརྙན་དུས་སྟོན་གྱི་དམིགས་ཡུལ་སྐོར་ལ་ཁོང་གིས། དུས་སྟོན་འདི་དང་འབྲེལ་ནས་གློག་བརྙན་བཟོ་སྐྲུན་པ་མང་པོ་ཞིག་གདན་འདྲེན་ཞུ་རྒྱུ་དང་། ཁོང་ཚོ་གློག་བརྙན་བཟོ་སྐྲུན་གྱི་ཟབ་སྦྱོང་ནང་མཉམ་ཞུགས་དང་བགྲོ་གླེང་ཡོང་རྒྱུ་སོགས་ལ་འབད་བརྩོན་བྱེད་ཀྱིན་ཡོད་དང་།...
དེ་ལས་མང་པ།
རྩོམ་ཡིག སྙན་ངག -0 Minutes

བྱེའུ་ཚང་།

ཙོང་ཁ་ཚེ་བརྟན་རྒྱལ། གཅིག་ཤོས་ནི་འཕུར་སོང་པ་དང གཅིག་ཤོས་ནི་མ་འཕུར་པ མི་འདོད་པའི་བར་ཆད་དུ་བཀོད་པས ངས་འོད་སྣང་ལ་ཅི་ཞུ ངས་མུན་ནག་ལ་ཅི་སྦས གང་ལྟར  ཐ་སྙད་འདི་ཚོ་ང་ལ་མ་འཇོག   ཁ་ཆར་དང་བུ་ཡུག་གི་འདུ་འཛི མིག་ལམ་དུ་མ་འཁོར་པའམ ཡང་ན་གཏམ་རྒྱུད་དུ་བཞུར་པའི་མཛེས་སྡུག་འཁྲུལ་ཏེ   ཤུགས་རིང་ཞིག དྲན་གདུང་ཞིག ཅི་ཞིག་དང་གང་ཞིག་འདྲ་པར་གོར་གོར་དུ་བསྐོར གལ་ཏེ་མེ་ཏོག་འཛུམ་ཙམ མེ་ཏོག་ལ་མཁོ་པ་ནི་སྙིང་གཏམ་རེད གལ་ཏེ་རྩྭ་ལྗང་གཡོ་ཙམ རྩྭ་ལྗང་ལ་བཅོལ་པ་ནི་ལྷན་འཛོམས་རེད ཕྱི་རོལ་ན་མུན་ནག་འཁྲིགས་པས འཕུར་དང་མ་འཕུར སྨོན་ལམ་དང་མངགས་བཅོལ་དུ་བསྒྲིགས་ཆོག བར་ཐག་གི་དབང་གིས ཇི་ལྟར་གཤོག་ཟུང་བརྐྱངས ཐག་ཉེ་རུ་ཁ་བ་འཁྱིལ ཐག་རིང་ན་ཆར་བ་འཇོ མི་མངོན་པའི་མནར་གཅོད་ཡ ཅི་ཞིག་དང་གང་ཞིག་ལ་འཐིམ་ན འོད་སྣང་ནི་གཞན་ལ་ཤོར་སྲིད མུན་ནག་ནི་རང་ལ་དབང་སྲིད ༢༠༡༤། ༠༦། ༢༦...
དེ་ལས་མང་པ།
སྣ་ཚོགས། -0 Minutes

གསུང་བཤད་གཡོལ་བ། མ་ཡེ་ཧེཌ།

གསུང་བཤད་གཡོལ་བ།        བོད་མིའི་གཞིས་ཆགས་ཤིག་ན་ཟླ་བ་ཟེར་བའི་མི་མགོ་བདེ་པོ་ཞིག་ཡོད། ཐེངས་མ་གཅིག་ཁོ་གཞིས་ཆགས་དེའི་འགོ་འཁྲིད་དུ་འཁོད་པ་དང་ཉིན་ཤས་སོང་རྗེས་སུ་མང་གཙོའི་དུས་ཆེན་ཚུགས་པ་རེད། ཟླ་བ་ནི་འགོ་འཁྲིད་དུ་འཁོད་ཀྱང་མི་མང་གི་མདུན་གསུང་བཤད་གནང་མྱོང་མེད་ལ། ཤེས་བྱ་ཡོན་ཏན་ཡང་དེ་ཙམ་མེད་མཁན་ཞིག་ཡིན། འོན་ཀྱང་མང་གཙོའི་དུས་ཆེན་གྱི་ངོ་སྤྲོད་གསུང་བཤད་དེ་མ་གནང་བར་རང་ཉིད་འགོ་འཁྲིད་ཡིན་པས་ཐབས་ཤེས་རྩ་བ་ནས་མེད། དེར་བརྟེན་ཁོ་རང་སེམས་ཁྲལ་ཤིན་ཏུ་ཆེ་སྐབས། ལམ་སེང་མགོ་བདོ་པོ་བྱ་རྒྱུ་ཞིག་དྲན་ནས། ཁོས་མི་མང་ཚང་མ་འཛོམས་ཡོད་པའི་མདུན་དེར་ཧང་སང་སང་ངང་ཡོང་ནས། “མི་མང་རྣམ་པ་ཚོ་ལ་ཞུ་རྒྱུར། དེ་རིང་ངས་མང་གཙོའི་དུས་ཆེན་སྐོར་ལ་ཁྱེད་རྣམ་པར་གསུང་བཤད་ག་རེ་ག་རེ་ཤོད་ཡག་རེད་དམ། ཁྱེད་ཚོས་ཧ་གོ་གི་ཡོད་པས།” ཞེས་དྲིས་པར་མི་མང་ཚོས། ཧ་གོ་གི་མེད་ཅེས་ཞུས་པར་ཁོས། “ཨ་ལས་ཧ་གོ་གི་མེད་པས། བྱས་ན་ངས་བཤད་མ་བཤད་ཆོ་གང་ཡང་མི་འདུག” ཅེས་འགྲོ་རྩིས་བྱེད་སྐབས་མི་མང་ཚོས། “སྐུ་ངོ་ལགས། དེ་འདྲ་མ་རེད་གསུང་བཤད་གནང་རོགས་གནང་ཞུས་པར་ཁོས།” “ཡ་་་་ཡ་་་བྱས་ན་དེ་རིང་ངས་ག་རེ་ཤོད་ཡག་ཡིན་ཁྱེད་ཚོས་ཧ་གོ་ཡི་ཡོད་པས།” ཞེས་དྲིས་པར་མི་མང་ཚོས། “ཧ་གོ་ཡི་ཡོད། ཧ་གོ་ཡི་ཡོད།” ཞུས་པར་ཡང་ཁོས། “ཨ་་་་ལས་་་་ཧ་གོ་ན་འགྲིག་ཤག་ངས་བསྐྱར་དུ་ཤོད་དགོས་ཡག་མི་འདུག བྱས་ཙང་ང་འགྲོ་ཡི་ཡིན་”ཞེས་ལབ་པར་མི་མང་ཚོས། “སྐུ་ངོ་ཟླ་བ་ལགས། དེ་འདྲ་རྩ་བ་ནས་མ་གསུངས་རོགས་གནང་། ང་ཚོ་ལ་གསུང་བཤད་དེ་ངེས་པར་དུ་གནང་རོགས་གནོངས།” ཞེས་མི་མང་ཚང་མས་ཞུས་པར་ཁོས། “བྱས་ན་འགྲིག་ག་ཡག་པོ་བྱས་ནས་ཉོན་ཨ།...
དེ་ལས་མང་པ།