གསུང་བཤད་གཡོལ་བ། མ་ཡེ་ཧེཌ།

གསུང་བཤད་གཡོལ་བ།

       བོད་མིའི་གཞིས་ཆགས་ཤིག་ན་ཟླ་བ་ཟེར་བའི་མི་མགོ་བདེ་པོ་ཞིག་ཡོད། ཐེངས་མ་གཅིག་ཁོ་གཞིས་ཆགས་དེའི་འགོ་འཁྲིད་དུ་འཁོད་པ་དང་ཉིན་ཤས་སོང་རྗེས་སུ་མང་གཙོའི་དུས་ཆེན་ཚུགས་པ་རེད། ཟླ་བ་ནི་འགོ་འཁྲིད་དུ་འཁོད་ཀྱང་མི་མང་གི་མདུན་གསུང་བཤད་གནང་མྱོང་མེད་ལ། ཤེས་བྱ་ཡོན་ཏན་ཡང་དེ་ཙམ་མེད་མཁན་ཞིག་ཡིན། འོན་ཀྱང་མང་གཙོའི་དུས་ཆེན་གྱི་ངོ་སྤྲོད་གསུང་བཤད་དེ་མ་གནང་བར་རང་ཉིད་འགོ་འཁྲིད་ཡིན་པས་ཐབས་ཤེས་རྩ་བ་ནས་མེད། དེར་བརྟེན་ཁོ་རང་སེམས་ཁྲལ་ཤིན་ཏུ་ཆེ་སྐབས། ལམ་སེང་མགོ་བདོ་པོ་བྱ་རྒྱུ་ཞིག་དྲན་ནས། ཁོས་མི་མང་ཚང་མ་འཛོམས་ཡོད་པའི་མདུན་དེར་ཧང་སང་སང་ངང་ཡོང་ནས།མི་མང་རྣམ་པ་ཚོ་ལ་ཞུ་རྒྱུར། དེ་རིང་ངས་མང་གཙོའི་དུས་ཆེན་སྐོར་ལ་ཁྱེད་རྣམ་པར་གསུང་བཤད་ག་རེ་ག་རེ་ཤོད་ཡག་རེད་དམ། ཁྱེད་ཚོས་ཧ་གོ་གི་ཡོད་པས།ཞེས་དྲིས་པར་མི་མང་ཚོས། ཧ་གོ་གི་མེད་ཅེས་ཞུས་པར་ཁོས།ཨ་ལས་ཧ་གོ་གི་མེད་པས། བྱས་ན་ངས་བཤད་མ་བཤད་ཆོ་གང་ཡང་མི་འདུགཅེས་འགྲོ་རྩིས་བྱེད་སྐབས་མི་མང་ཚོས།སྐུ་ངོ་ལགས། དེ་འདྲ་མ་རེད་གསུང་བཤད་གནང་རོགས་གནང་ཞུས་པར་ཁོས།” “ཡ་་་་ཡ་་་བྱས་ན་དེ་རིང་ངས་ག་རེ་ཤོད་ཡག་ཡིན་ཁྱེད་ཚོས་ཧ་གོ་ཡི་ཡོད་པས།ཞེས་དྲིས་པར་མི་མང་ཚོས།ཧ་གོ་ཡི་ཡོད། ཧ་གོ་ཡི་ཡོད།ཞུས་པར་ཡང་ཁོས།ཨ་་་་ལས་་་་ཧ་གོ་ན་འགྲིག་ཤག་ངས་བསྐྱར་དུ་ཤོད་དགོས་ཡག་མི་འདུག བྱས་ཙང་ང་འགྲོ་ཡི་ཡིན་ཞེས་ལབ་པར་མི་མང་ཚོས།སྐུ་ངོ་ཟླ་བ་ལགས། དེ་འདྲ་རྩ་བ་ནས་མ་གསུངས་རོགས་གནང་། ང་ཚོ་ལ་གསུང་བཤད་དེ་ངེས་པར་དུ་གནང་རོགས་གནོངས།ཞེས་མི་མང་ཚང་མས་ཞུས་པར་ཁོས།བྱས་ན་འགྲིག་ག་ཡག་པོ་བྱས་ནས་ཉོན་ཨ། དེ་རིང་ངས་ག་རེ་ཤོད་ཡག་ཡིན་ཁྱེད་ཚོས་ཤེས་ཀྱི་ཡོད་པས།ཞེས་དྲིས་པར་མི་མང་ཚོས་སྐུ་ངོ་ཟླ་བ་ལགས་མགོ་བདེ་པོ་ཞེ་དྲག་འདུག་བསམས་ཏེ་ཕྱེད་ཀས་ཤེས་ཀྱི་ཡོད་ལབ་པ་དང་ཕྱེད་ཀས་ཤེས་ཀྱི་མེད་ལབ་པར་སྐུ་ངོ་ཟླ་བས།དེ་འདྲ་ཡིན་ན་དངོས་གནས་ཡག་པོ་ཞེ་དྲག་བྱུང་སོང་། ཁྱེད་ཚོ་ཤེས་མཁན་ཚོས་མ་ཤེས་མཁན་ཚོར་གསལ་བཤད་བྱས་ཏེ་ཕན་ཚུན་གོ་བརྡ་འཕྲོད་པ་ཡག་པོ་བཟོ་དགོས་ཞེས་བཤད་དེ་གང་ལྟར་ཁོ་རང་གསུང་བཤད་གནང་རྒྱུ་དེ་ལས་གཡོལ་ནས་འགྲོ་ཐུབ་ཙམ་བྱུང་པ་རེད། ཁ་ཙམ་ཡོན་ཏན་མེད་ཀྱང་། གོ་གནས་མཐོན་པོ་བཟུང་གིས། མགོ་བདེ་ཁྲམ་འཕྲུལ་བྱས་ནས། མི་མང་སླུ་འདྲིད་བྱས་སོང་།


མ་ཡེ་ཧེཌ།

     སློབ་ཕྲུག་བསྟན་འཛིན་ནི་ཨིན་སྐད་དེ་ཙམ་མི་ཤེས་མཁན་ཞིག་ཡིན། ཉིན་གཅིག་ཨིན་ཡིག་རྒན་ལགས་ཀྱིས་ མ་ཡེ་ཧེཌ་ (my head) ཞེས་པའི་ཚིག་གཅིག་བསླབས་གནང་བ་རེད། དེ་ནས་འཛིན་གྲྭ་གྲོལ་སྐབས་བསྟན་གྱིས།རྒན་ལགས་ཨིོན་ཡིག་དེའི་དོན་དག་གང་རེད་དམ་ཞུས་པར། རྒན་ལགས་ཀྱིས།དེའི་དོན་ནི་ངའི་མགོ་ཟེར་བ་རེད་ཅེས་གསུངས། བསྟན་འཛིན་གྱིས་སེམས་པར། མ་ཡེ་ཧེཌ་ཟེར་བ་འདི་རྒན་ལགས་ཀྱི་དབུ་ལ་ཟེར་བ་རེད་བསམས་ནས་ནང་དུ་རང་སྦྱོང་བྱེད་སྐབས་སྔར་གྱི་ཚིག་དེ་མ་བརྗེད་པར་བྱས་ནས།མ་ཡེ་ཧེཌ་ཟེར་ན་རྒན་ལགས་ཀྱི་དབུ། མ་ཡེ་ཧེཌ་ཟེར་ན་རྒན་ལགས་ཀྱི་དབུ། མ་ཡེ་ཧེཌ་ཟེར་ན་རྒན་ལགས་ཀྱི་དབུ་ཞེས་ལན་མང་ཁ་ནས་ཡང་ཡང་འདོན་བཞིན་ཡོད་པ་དེ་ཁོ་པའི་པ་ལགས་ཀྱི་ཐོས་ནས།ལྐུགས་པ། མ་ཡེ་ཧེཌ་ཟེར་ན་རྒན་གྱི་དབུ་ཟེར་བ་མ་རེད། ངའི་མགོ་ཟེར་བ་རེད་ཅེས་གསལ་བཤད་གནང་བས། བསྟན་འཛིན་གྱི་བསམ་བློར་རྒན་ལགས་ཀྱིས་གསུངས་ན་ཁོང་རང་གི་དབུ་རེད་གསུངས། པ་ལགས་ཀྱིས་གསུངས་ན་ཡང་པ་ལགས་ཁོང་རང་གི་དབུ་ལ་ཟེར་བ་རེད་གསུངས་ཀྱི་འདུག་བསམས་པ་ཡིད་ལ་འཇགས་ནས་སང་ཉིན་དེར་སློབ་གྲྭར་འགྲོ་སྐབས་རྒན་ལགས་ཀྱིས།བསྟན་འཛིན་ཁ་སང་བསླབས་ཟིན་པའི་ཨིན་ཚིག་མ་ཡེ་ཧེཌ་ཟེར་པའི་དོན་གང་རེད་དམ་ཞེས་བཀའ་འདྲི་གནང་སྐབས་བསྟན་འཛིན་གྱིས་དེའི་དོན་ནི་འཛིན་གྲྭའི་ནང་དུ་ཡིན་ན་རྒན་ལགས་ཀྱི་དབུ་ཡིན་པར་གོ་དགོས་པ་དང་། ནང་དུ་སླེབས་སྐབས་པ་ལགས་ཀྱི་དབུ་ལ་གོ་དགོས་ཞུས་པས་ཚང་མ་གད་མོ་ཤོར་དགོས་བཟོས།

ཡོང་ཁུངས་གཞན།  ཡི་གེ་བ་གྲུ་ལྷོ་སྐལ་བཟང་ཕུན་ཚོགས།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s