དྷ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མགོ་འཛུཊ།

ཟླ་འདིའི་ཟླ་མཇུག་ནས་བཟུང་ཉིན་བཞི་རིང་དྷ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་པ་གསུམ་མགོ་འཛུགས་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༣༠ སྟེང་། དྷ་རམ་ས་ལའི་ཀ་ཅཱ་རིལ་རྫོང་དཔོན་ལས་ཁུངས་ཀྱི་ཚོགས་ཁང་དུ། ཁྲུང་ཁྲུང་དཀར་མོ་སྒྱུ་རྩལ་ཐེབས་རྩ་ཁང་གི་འགན་འཛིན་བསྟན་འཛིན་བསོད་ནམས་ལགས་དང་། ཁོའི་བཟའ་ཟླ་རྒྱ་གར་བ་གློག་བརྙན་བཟོ་མཁན་རེ་ཌོ་ ( Ritu Sarin) ལགས་རྣམ་གཉིས་ཀྱིས། ༢༠༡༤ ལོའི་དྷ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་པ་གསུམ་དེ། ཟླ་འདིའི་ཚེས་ ༣༠ ནས་ཉིན་བཞིའི་རིང་དྷ་ས་ཟློས་གར་ཚོགས་ཁང་དང་། ཧི་མ་ཅལ་མངའ་སྡེའི་སྐྱིད་སྡུག་ཚོགས་ཁང་ (Club House)གཉིས་སུ། སྔ་ཕྱིར་མི་མང་ལ་གཟིགས་འབུལ་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་།༄༅ འགན་འཛིན་བསྟན་བསོད་ནམས་ལགས་ཀྱིས་ངོ་སྤྲོད་གནང་བར། ད་ལོའི་གློག་བརྙན་དུས་སྟོན་སྟེང་། རྒྱལ་སྤྱི་དང་རྒྱ་གར་ནང་སྐད་གྲགས་ཆེ་བའི་གློག་བརྙན་དང་། དངོས་བྱུང་གློག་བརྙན། འགུལ་རིས་གློག་བརྙན་སོགས་བརྗོད་བྱ་འདྲ་མིན་གཟིགས་འབུལ་ཞུ་རྒྱུ་ཡིན་པ་དང་། དེ་དང་མཉམ་དུ་རྒྱ་གར་གྱི་རྩོམ་པ་པོ་དང་གློག་བརྙན་སློབ་སྟོན་པ་དང་འཁྲབ་སྟོན་པ་སྐད་གྲགས་ཅན་ཇི་ཀཱ་པོར་ (Rajat Kapoor) ལགས་ཀྱིས་ཁོང་གིས་བཟོས་པའི་གློག་བརྙན་(Aankhon Dekhi) ཞེས་པ་གཟིགས་འབུལ་བྱ་རྒྱུ་ཡིན་ཚུལ་སོགས་བརྗོད་སོང་།dsafd

གློག་བརྙན་དུས་སྟོན་གྱི་དམིགས་ཡུལ་སྐོར་ལ་ཁོང་གིས། དུས་སྟོན་འདི་དང་འབྲེལ་ནས་གློག་བརྙན་བཟོ་སྐྲུན་པ་མང་པོ་ཞིག་གདན་འདྲེན་ཞུ་རྒྱུ་དང་། ཁོང་ཚོ་གློག་བརྙན་བཟོ་སྐྲུན་གྱི་ཟབ་སྦྱོང་ནང་མཉམ་ཞུགས་དང་བགྲོ་གླེང་ཡོང་རྒྱུ་སོགས་ལ་འབད་བརྩོན་བྱེད་ཀྱིན་ཡོད་དང་། ད་ལོ་ཧི་མ་ལ་ཡ་ཁུལ་གྱི་གཞོན་སྐྱེས་གློག་བརྙན་བཟོ་སྐྲུན་པ་ཚོར་སློབ་ཡོན་གྱི་སྡེ་ཚན་ཞིག་གསར་འཛུགས་བྱས་ཡོད། དེར་ཧི་མ་ལ་ཡའི་ས་ཁུལ་ནས་ཉེ་དུས་ཐོན་པའི་ཕུལ་བྱུང་གཞོན་སྐྱེས་གློག་བརྙན་བཟོ་སྐྲུན་པ་དག་ལ་གྲགས་ཅན་གློག་བརྙན་བཟོ་སྐྲུན་མཁན་ཚོས་ཟབ་སྦྱོང་དང་བགྲོ་གླེང་བྱེད་པའི་གོ་སྐབས་བསྐྲུན་པ་ཡིན། ཞེས་བརྗོད་བྱུང་།

ཁོང་གིས་མུ་མཐུད་དུ། ད་ལོའི་གློག་བརྙན་སློབ་ཡོན་ལ་སྙན་ཞུ་འབུལ་མཁན་ཁྱོན་མི་ ༢༨ བྱུང་བའི་ཁྲོད། ཟུར་དཔང་གནང་མཁན་རྒྱ་གར་གྱི་གློག་བརྙན་བཟོ་སྐྲུན་མཁན་གྲགས་ཆེན་བྷེ་ནཱ་པོལ་ལི་ (Bina Paul) ལགས་དང་ཧན་སེལ་(Hansal Mehta)ལགས། ཨ་ནོ་པཱ་མཱ་ (Anupama Srinivasan) ལགས་གསུམ་གྱིས་མི་ལྔ་འདེམས་སྒྲུག་བྱས་ཡོད། དེ་དག་ནི་རྒྱ་གར་ཤར་ཕྱོགས་མངའ་སྡེ་ནང་མ་ནེ་པོར་(Manipur)ནས་ཡིན་པའི་ཨ་ཁེ་ (Akee Sorokhibam)དང་། ཨ་སམ་མངའ་སྡེ་ནས་ཡིན་པའི་ཁན་ཇན་ (Khanjan Kishore Nath)། ཨ་རུ་ནཱ་ཅལ་མངའ་སྡེའི་ནས་ཡིན་པའི་ཀོམ་བྷོང་ (Kombong Darang) ཧི་མ་ཅལ་མངའ་སྡེའི་ནས་ཡིན་པའི་མོན་མོན་ (Munmun Dhalaria) ལགས། ལ་དྭགས་ནས་ཡིན་པའི་རྡོ་རྗེ་ནོར་བུ་ (Smanla Dorje Nurboo) བཅས་ཡིན། ང་ཚོས་མ་འོངས་པར་ཁོ་ཚོའི་གློག་བརྙན་བཟོ་སྐྲུན་དང་འབྲེལ་བའི་ལས་གཞིའི་ཐོག་འགྲོ་གྲོན་གཏོང་ཐུབ་པར་གྲ་སྒྲིག་བྱེད་ཀྱིན་ཡོད། ཅེས་བརྗོད་སོང་།

ཐེངས་འདིར་དུས་སྟོན་སྟེང་མགྲོན་འབོད་བྱས་པའི་གློག་བརྙན་བཟོ་མཁན་དག་ནི། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་གཙོས་རྒྱ་གར་གྱི་གློག་བརྙན་བཟོ་མཁན་གྲགས་ཅན་ཅེད་ཊན་ཡ་ (Chaitanya Tamhane ) ལགས་དང་། ཁོད་ཞི་ཁུ་(Quashiq Mukherjee)ལགས། ལྕམ་ཞཱ་ཕུ་ནམ་ (Shabnam Sukhdev) ལགས། ཧན་སེལ་(Hansal Mehta) ལགས། ཡུ་རོབ་རྒྱལ་ཁབ་ཧྥེན་ལན་ཌིའི་ཡིན་པའི་གློག་བརྙན་བཟོ་སྐྲུན་མཁན་ཁོ་ལེ་མན་(Donagh coleman) ལགས་དང་ཁོའི་བཟའ་ཟླ་བོད་རིགས་བུད་མེད་ལྷ་རིག་མཚོ་ལགས། ཕ་ས་བུ་ཐུག་ ( Bringing Tibet Home ) གི་གློག་བརྙན་བཟོ་མཁན་བསྟན་འཛིན་ཚེ་བརྟན་ལགས་སོགས་ཡིན་འདུག

ད་ལོར་དམིགས་བསལ་དཀྱིལ་ཤར་ཨེ་ཤ་ཡའི་ཁུལ་གྱི་བྱ་དགའ་ཐོབ་མཁན་ཇེ་ཧཱ་ནེ་ (Jehane Noujaim)ལགས་ཀྱིས་བཟོ་སྐྲུན་བྱས་པའི་གློག་བརྙན་(The Square)ཞེས་པ་དང་། ཊ་ལཱ་ཌེར་ཀེ་(Talal Derki ) ལགས་ཀྱི་གློག་བརྙན་ (Return to Homs)ཞེས་པ། ཧྥི་ལེད་ཧྥིལ་(Mahdi Fleifel) ལགས་ཀྱི་གློག་བརྙན་འཛམ་གླིང་ང་ཚོའི་མ་རེད་( A World is not Ours )ཞེས་པ་སོགས་གཟིགས་འབུལ་ཞུ་རྒྱུ་ཡིན་པ་དང་། ཉིན་རེའི་ལས་རིམ། སྔ་དྲོའི་ཆུ་ཚོད་ ༡༡ ནས་ཕྱི་དྲོའི་ཆུ་ཚོད་ ༤ བར་དྷ་བོད་ཀྱི་ཟློས་གར་ཚོགས་ཁང་དང་ཚེས་ ༣༠ ཉིན་གྱི་དབུ་འཛུགས་སྐབས་མི་རེར་ཧིན་སྒོར་ ༡༠༠ རེ་དང་། ཉིན་རྗེས་མ་དག་ལ་མི་རེར་ཧིན་སྒོར་ ༡༥༠ བཅས་ཡིན་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

ཡོང་ཁུངས་བོད་ཀྱི་དུས་བབ།

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

Connecting to %s