དགྱ་གཞུང་གིས་སྦེང་ལོར་ནང་བོད་ཀྱི་སློབ་ཆེན་འཛུགས་ཆར།

   ཉེ་ཆར་འབྲེལ་ཡོད་འགན་ཁུར་བས་ཨེ་ཤ་ཡ་ལྷོ་མར་གཞིས་ཆགས་པའི་བོད་པ་དག་གིས། རྒྱ་གར་གྱི་གྲོང་ཁྱེར་བྷང་ག་ལར་གཞིས་སྡོད་བོད་པའི་སློབ་མར་གཙོར་དམིགས་པའི་སློབ་ཆེན་ཞིག་འཛུགས་རྒྱུ་ཡིན་པ་དང་། དེའི་སྐོར་གྱི་འཆར་འགོད་རགས་རམ་ཙམ་གྲུབ་ཟིན་ལ། ལོ་གཉིས་གསུམ་གྱི་རིང་སློབ་ཆེན་དེ་ཡོངས་སུ་འགྲུབ་རྒྱུ་རེད་ཅེས་གསར་འགྱུར་དུ་བསྒྲགས་འདུག འགན་ཁུར་བ་དེས་སློབ་ཆེན་དེ་འཛུགས་པར་སྔོན་རྩིས་ལྟར་ན་ཨ་སྒོར་བྱེ་བ ༡ གཏོང་དགོས་ལ། བསྐྲུན་མཁན་ཕྱོགས་མ་དངུལ་རེག་རྒྱུའི་ཐད་གདེང་ཚོད་ཆེན་པོ་ཡོད། རྗེས་སོར་སློབ་ཆེན་དེའི་ཨེ་ཤ་ཡ་ལྷོ་མར་འཚོ་བ་རོལ་བའི་བོད་པའི་སློབ་མ ༣༠༠༠ ཙམ་བསྡུས་ནས་མཐོ་རིམ་སློབ་གསོ་མྱོང་དུ་འཇུག་རྒྱུ་རེད། སློབ་ཆེན་འདི་ལྟ་བུ་ཞིག་འཛུགས་པར་སྙིང་པོ་ཅི་ཡོད་ཞེ་ན། བོད་པའི་གཞོན་ནུ་ཚོས་མཐོ་རིམ་སློབ་གསོ་མྱོང་ཐུབ་པ་དང་སྦྲགས་རང་མི་རིགས་ཀྱི་རིག་གནས་ཀྱང་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་ཅེས་སྨྲས་ཤིང་། བོད་ཡིག་སློབ་ཁྲིད་ནི་སློབ་ཆེན་དེས་དོ་ཁུར་བྱེད་ས་གཙོ་བོ་ཡིན་པ་རེད།

བྷང་ག་ལ་ནི་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་བདུན་པ་དེ་ཡིན་ལ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ ༡༧༤༧ དང་། མི་འབོར་ས་ཡ ༥ དང་འབུམ ༢ ཡོད་པ་དང་། ཁ་ན་ཐ་ཁེ་མངའ་སྡེའི་གྲོང་ཁྱེར་ཆགས་ཡུལ་ཡིན་པར་མ་ཟད་རྒྱ་གར་ལྷོ་ཕྱོགས་ཀྱི་བཟོ་ལས་གྲོང་ཁྱེར་དང་ཚོང་ལས་ལྟེ་གནས་ཡིན་ཁར་ཁྱད་པར་དུITལས་རིགས་དར་འཕེལ་བྱུང་ནས་སྙན་གྲགས་ཆེ། དེང་རབས་ཅན་གྱི་ཚོང་ལས་ལྟེ་གནས་དེར་རྒྱ་གར་གྱིམེ་ཏོག་སྐྱེད་ཚལདངཀུའེ་ཡུལཞེས་པའི་མཚན་སྙན་ཐོབ་ཡོད།

ཁ་བྱང་ཕྱི་མོ། རྒྱ་གར་གྱི་གྲོང་ཁྱེར་བྷང་ག་ལ་རུ་བོད་ཀྱི་སློབ་ཆེན་ཞིག་འཛུགས་རྒྱུ་རེད།

རྩོམ་འགན་པ། སྒྲོལ་ཚེ།

ཡོང་ཁུངས་ཀྲུང་གོའི་བོད་ལྗོངས་དྲ་བ།

2 thoughts on “དགྱ་གཞུང་གིས་སྦེང་ལོར་ནང་བོད་ཀྱི་སློབ་ཆེན་

  1. བཙན་པོ། ཕྱི་ལོ། ༢༠༡༤ ཟླ། ༡༠ ཚེས། ༢༤ at ༡༠:༡༣ am

    གསལ་འགྱུར་འདི་ལ་ལྟོས་ན་བཙན་བྱོལ་དུ་ཡོད་པའི་བོད་པ་ཚོ་རྒྱ་ནག་གིས་སྣང་མེད་ལ་གཏོང་གི་ཡོད་པ་གསལ་བོ་རེད། བོད་གཞུང་གི་འདི་ལ་བསམ་ཚུལ་ག་རེ་་ཡོད་ན།

  2. ཀརྨ་བློ་གསལ། ཕྱི་ལོ། ༢༠༡༤ ཟླ། ༡༠ ཚེས། ༢༥ at ༥:༠༩ am

    སྤོ་དཔལ་འབྱོར་ལགས་སློབ་གཙོ་མིན་འགྲོ

དཔྱད་མཆན་སྤེལ།

Discover more from འོད་དཀར་དྲ་ཚིགས།

Subscribe now to keep reading and get access to the full archive.

Continue reading