བཙན་དུག
ཟླ་བ་འཇབ་པའི་མཚན་ལྗོངས་སུ།།
འོད་ཟེར་སྟོང་པའི་རླབས་ལ་ཉིལ།།
སྤྲིན་པར་རླུང་གིས་འཁྱུད་པ་ཡི།།
འཚོ་བའི་གྲིབ་མ་ག་ལེར་བཞུད།།
སེམས་ཀྱི་ཁང་ཆུང་གྲུ་བཞི་ན།།
ཡིད་འོང་དར་གྱིས་སྤུད་པ་ཡི།།
མེ་ཏོག་སེར་ཆེན་འདབ་གྲོལ་མ།།
བསིལ་བུ་རླུང་གིས་དལ་བུར་སྒུལ།།
འཁྲུལ་བའི་མེ་ལོང་གཙང་པོའི་ངོས།།
ཟེགས་མའི་རླབས་ཀྱིས་འཕྱོར་བ་ཡི།།
སྡུག་པའི་བྱད་བཞིན་འཛུམ་དམུལ་བ།།
ཟུམ་པ་མེད་པར་ཚུར་ལ་འཕྲོ།།
ང་ནི་འཁྲུལ་བའི་མེ་ལོང་ངོས།།
རབ་ཏུ་སྨྱོས་ཏེ་ཕྱི་ལ་ལོག།
ཡིད་ཀྱི་དྭངས་བའི་ཆུ་ཤེལ་དུ།།
རྔུལ་ཆུ་ཐིགས་པ་འགའ་རེ་ཟགས།།
བཞུད་ལམ།
ལྷད་མེད་ཚོར་བའི་འཇིམ་རིམ་ན།།
རྩེན་པའི་ཡིད་ཀྱི་གྲུ་ཆུང་གང་།།
འགྱུ་ཞིང་བསྐྱོད་པའི་དར་ཆེན་ན།།
ནམ་མཁའ་གཡོ་བའི་གཤོག་པ་འདར།།
ང་ནི་འུག་པ་ལྟ་བུ་ཡིས།།
མིག་འབྲས་སེར་པོས་ནམ་མཁའ་མྱུག།
མཚན་མོའི་གྱོན་པ་ནག་ཐིང་ཐིང་།།
ང་ཡི་གཤོག་པའི་མཆན་དུ་སྦས།།
མཐོངས་ཀྱི་གཏིང་ན་གཞའ་བ་ཡི།།
ས་དང་ལམ་གྱི་སྐེ་གཅོད་པའི།།
མུ་ཅོར་བྲག་ཅ་ལ་བརྟེན་པ།།
མགོ་ཡུར་འཁོར་བའི་མི་དེ་སྐྱོ།།
ལུས་ཀྱི་སྟངས་ཀ་ཕྲ་མོ་ནས།།
པ་སྤུ་གཟེངས་བའི་དམུ་རྒོད་ཀྱིས།།
ལྕེ་དང་སྙིང་ལ་སོ་བཏབ་པས།།
ལྷད་མེད་བུང་བ་ཕྱི་ལ་ཕྱོགས།།
རང་གི་དཔུང་པའི་གྲུ་ཁུག་ནས།།
ཚུར་སྐུམ་མཛུབ་མོ་བྲེག་བྱས་པའི།།
ཁ་ལྕེ་ལྟ་བུའི་ལུས་བོངས་ཞིག།
ངོ་ཚ་མེད་པར་ཤིག་ཤིག་འགུལ།།
གཙང་ཞིང་འཇམ་པའི་ལོ་མ་འདྲར།།
བསིལ་ཆབ་ཟིལ་བ་ལྟ་བུ་ཞིག།
སྐྱ་བོ་ཐལ་རྡུལ་འགོས་པ་ཡིས།།
ཁྱེད་ཀྱི་འདམ་ཁུ་འདི་ན་བཞུར།།
ངེད་དྲ་ཚིགས།
རྒྱ་བོད་གནད་དོན་གསལ་འདེབས་མདོར་བསྡུས་ཡག་ཐག་ཆོད་བྱས་འདུག བཀའ་དྲིན་ཤིན་ཏུ་ཆེ།
I want to buy this book. Can anyone Help?
ཐུགས་རྗེ་ཆེ། འཕྲུལ་དེབ་ཧ་ཅང་ཡག་པོ་བཟོས་གནང་འདུག
མཁྱེན་ལྡན་པ་ལགས་སུ་ཞུ་རྒྱུར། གུས་ནས་འཕྲུལ་དེབ་གཅིག་ཀྱང་ཕབ་ལེན་ཐུབ་ཀྱི་མི་འདུག་པས་ ཕབ་ལེན་ཇི་ལྟར་བྱེད་དགོས་མིན་ཐད་ལམ་སྟོན་གནང་རོགས། ཐུགས་རྗེ་ཆེ།
[…] page (no longer online) and then re-posted by Tibetan language diaspora websites Khabdha and Wokar. Tashi Rabten is from…