November ༥, ༢༠༡༤

རྩོམ་ཡིག སྙན་ངག -0 Minutes

མུན་པའི་ཟླ་བ།

མགར་བཟའ། མུན་པའི་མིག་ཟུང་ཐག་རིང་དུ་བསྲིངས་བས། བདག་གི་ནམ་མཁའ་ཁོ་ན་འོད་དུ་འཚེར། སྙིང་ཉེ་བའི་སྐད་ངག་ཡོད་ཚད། ཚེ་སྲོག་གི་གཏིང་མཐའ་ནས་ཡང་ཡང་དྲན།   སྐར་མ་རེ་ཟུང་རྒྱང་ན་འཚེར་བའི་རྨི་ལམ སྨག་ནག་པའི་མཚན་མོ་འདིའི་ཕྲེང་རྒྱུན་ལ་སྨིན་དུས ཁུ་སིམ་སིམ་གྱི་དྲན་ཤེས་ལ་བཏེགས་པའི་ཟླ་བ ཉི་འོད་ཁུར་བའི་སང་ཉིན་ནས་མཇལ་ཐུབ་བམ   དབྱིངས་འགྲོས་བླ་སྲོག་ལ་སྦྲུམ་པའི་ལོ་ཟླ སུ་ཚང་གི་སྟོན་ཁ་ཁོ་ནའི་མཛེས་སྡུག་ཡིན་སྲིད ལམ་ཕྲན་ཞིག་རྒྱང་དུ་འཐེན་པའི་བྱུང་བ་ན ཡལ་སོང་བའི་མཛེས་སྡུག་གི་སྟོན་ཀ་ག་ཚོད་ཡོད   རི་རྒྱུད་ཅིག་སྨུག་པས་བཏུམས་ཚུལ་ནི ཡུལ་གྱུར་བ་ཞིག་གིས་ས་མཐའ་བསྐོར་ཚུལ་ཡིན་ནམ སྐབས་རེར་དགའ་ལ་སྐབས་རེར་སྡུག་པའི་ལས་དབང ཆར་བས་གྱེར་ཅིང་སྨུག་པས་ཟློ རྣམ་ཤེས་ཡིག་དྲུག་ལ་བཅོལ་བའི་བྱུང་རིམ་ནས ཁ་བ་ཁོ་ན་གླུ་ངག་ལ་རུམ་པའི་གཏམ་རྒྱུད མི་ཡུལ་འདིར་ལྷག་པའི་མཛའ་བརྩེ་ཡིན་ནམ   གཏམ་རྒྱུད་ཡོད་ཚད་བྱུང་རིམ་ཞིག་ཡིན་ན སུ་ཞིག་དྲན་པའི་གཏིང་རུམ་ནས་སྨིན་ཞིང མིག་གི་ཟབ་ཚད་ལ་འཁྱིལ་འོང་དུས ངག་སྒྲོས་ཐན་ཐུན་རླུང་གིས་ཁྱེར་ཟིན་ན་ཡང སེམས་པ་འདི་ཁོ་ན་ཁྱེད་ལ་བཞག་ཆོག དུས་གཏན་དུ་བཞག་ཆོག 2014  11 4ཉིན་བྲིས། ངེད་དྲ་ཚིགས།...
དེ་ལས་མང་པ།
གསར་འགྱུར། -0 Minutes

ངའི་ནང་མིའི་འཐབ་རྩོད་དང་འབྲེལ་བའི་གསལ་བསྒྲགས།

     དེ་རིང་། ངའི་ཕ་མ་གཅིག་གི་སྲིང་མོ་སྒྲོལ་མ་མཚོ་ལགས་སུ་རྒྱ་གཞུང་གིས་ཟླ་བ་བཅུ་གཅིག་རིང་ལ་བཀག་ཉར་ཁང་ནས་གཅར་རྡུང་བཙོན་འཇུག་བྱས་འདུག་པ་མ་ཟད། རྒྱ་གཞུང་གིས་མི་བསད་པའི་ནག་ཉེས་བཙུགས་ཏེ་ལོ་གསུམ་ལ་ཁྲིམས་ཐག་ཀྱང་བཅད་འདུག། དེའི་ཁར་ཆབ་སྲིད་ཀྱི་ཁེ་དབང་ལོ་གསུམ་ལ་འཕྲོགས་ཡོད་པའི་སྐོར་གྱི་གནས་ཚུལ་མདོར་བསྡུས་ཤིག བོད་ཀྱི་འཐབ་རྩོད་པ་དང་བོད་དོན་རྒྱབ་སྐྱོར་བ། དེ་མཚུངས་གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ་རྣམས་ལ་སྙན་གསེང་ཞུ་རྒྱུར། དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༣ ཉིན་རྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་དགེ་རིག་ཚང་གི་སྒྲོལ་མ་མཚོར་རྒྱ་གཞུང་གིས་མི་བསད་པའི་ནག་ཉེས་བཙུགས་ནས་ལོ་གསུམ་ལ་ཁྲིམས་ཐག་གཅོད་དགོས་པའི་ཁག་འགེལ་བྱེད་ས་ནི། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣ ཉིན་རྔ་བ་རྫོང་རྨེའུ་རུ་མའི་ཡུལ་ཚོ་གསེར་སྡེ་ནས་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྐབས། སྒྲོལ་མ་མཚོས་ཁོང་གི་སྐུ་ཕུང་རླངས་འཁོར་ནང་དུ་འཇོག་རོགས་བྱས་པ་སོགས་ཀྱི་དོགས་གཞིའི་འོག་བཙན་བཟུང་བྱས་ནས་ཟླ་བ་བཅུ་གཅིག་ལ་བཀག་ཉར་འོག་ནས་གཅར་རྡུང་དང་མནར་གཅོད་སྣ་ཚོགས་མྱངས་དགོས་བྱུང་འདུག དེ་ནས་ཟླ་འདིིའི་ཚེས་ ༣ ཉིན་གྱི་ཞོགས་པའི་བོད་ནང་གི་དུས་ཚོད་དགུ་དང་ཕྱེད་ཀའི་ཐོག རྔ་བ་རྫོང་མི་དམངས་ཁྲིམས་ཁང་ནས་མི་བསད་པའི་ནག་ཉེས་བཙན་འགེལ་བྱས་ཏེ་ལོ་གསུམ་གྱི་ཁྲིམས་ཐག་གཅོད་སྐབས་སུ། སྒྲོལ་མ་མཚོ་ལ་ཁྲིམས་ཐག་གཅོད་མཁན་རྣམས་ཀྱིས་མི་བསད་པའི་ནག་ཉེས་ཁས་ལེན་གཙང་མ་བྱས་ན། ཁྲིམས་ཐག་ཇེ་ཉུང་དང་མ་འོངས་པར་འགྲོ་འདུག་སྤྱོད་གསུམ་ཐད་ལ་སྟངས་འཛིན་བྱེད་ཕྱོགས་ཇེ་ལེགས་སུ་གཏོང་ངེས་ཟེར་སྐབས། སྒྲོལ་མ་མཚོས་ཁྲོམ་རྭ་རང་ནས་སྐད་ཤུགས་མཐོན་པོའི་སྒོ་ནས་ངས་དཀོན་མཆོག་ཚེ་བརྟན་ལགས་ཀྱི་སྐུ་ཕུང་ལ་ལག་པ་འཆང་དུས་སྐུ་ལུས་མེར་སྲེག་བཏང་ནས་སྐུ་གྲོངས་ཟིན་འདུག སྐུ་ཕུང་རླངས་འཁོར་ནང་དུ་བཞག་པ་ལས་མི་བསད་པའི་ནག་ཉེས་སོགས་གཞན་གང་ཡང་བྱས་མྱོང་མེད་ལ། སྐབས་དེར་ང་རང་གཅིག་པུ་མ་གཏོགས་གཞན་མི་སུ་ཡང་མེད། ཁྱོད་ཚོས་ང་ལ་ཟླ་བ་མང་པོའི་རིང་དབང་ཤེད་བཙན་པོས་ཁྲིམས་བཤེར་རབ་དང་རིམ་པར་སྤེལ་སྐབས་སུ་བཤད་ཟིན་པ་ལྟར་འགྱུར་བ་གང་ཡང་མེད་ཅེས་བཤད་འདུག ད་སྐབས་མོའི་ཁྱིམ་ཚང་ཤུལ་དུ་ཆོ་ཁ་དབང་འདུས་དང་མོའི་བུ་མོ་ལོ་...
དེ་ལས་མང་པ།