ཁ་སྒང་གཡང་འབུམ་ཚེ་རིང་།
ཚེ་སྔོན་ལས་འཕྲོ་ཞིག་གིས།།
ཁྱེད་དང་ཐེངས་གཅིག་མཇལ་བས།།
བརྩེ་དུང་སྙིང་གཏམ་དྲོན་མོ།།
ཁྱེད་ཀྱི་ཕྱོགས་ལ་ཤོར་སོང་།།
ཁྱེད་ཞལ་དུང་གི་ཟླ་བ།།
བདག་ཡིད་མཁའ་ལ་ཤར་བས།།
བརྩེ་དུང་མེ་ཏོག་ཀུ་མུད།།
དམར་ཆུང་སེམས་ནས་བཞད་བྱུང་།།
དུང་སེམས་རྣལ་མ་ཞིག་གིས།།
བརྩེ་འདང་ཁྱེད་ལ་བསྟན་ན།།
སྙིང་སྡུག་ཁྱེད་ཀྱི་བརྩེ་སེམས།།
བདག་ལ་སྦྱིན་པ་གནང་རོགས།།
མི་ཚེ་རིང་ངམ་ཐུང་རུང་།།
ཁྱེད་དང་འགྲོག་རྒྱུ་བྱུང་ན།།
ཕུགས་འདུན་དེ་ལས་ལྷག་ཅིག།
བདག་ལ་དགོས་པ་མི་འདུག།
གསར་རྩོམ་གཞས་ཚིག་དག་གི་འགན་དབང་ངེད་དྲ་ཚིགས་ལ་ཡོད་པས་ཆོག་མཆན་མ་ཞུས་པར་གང་བྱུང་དུ་རྐུ་ཁྱེར་དང་བརྒྱུད་འགོད་བྱ་མི་ཆོག
རྒྱ་བོད་གནད་དོན་གསལ་འདེབས་མདོར་བསྡུས་ཡག་ཐག་ཆོད་བྱས་འདུག བཀའ་དྲིན་ཤིན་ཏུ་ཆེ།
I want to buy this book. Can anyone Help?
ཐུགས་རྗེ་ཆེ། འཕྲུལ་དེབ་ཧ་ཅང་ཡག་པོ་བཟོས་གནང་འདུག
མཁྱེན་ལྡན་པ་ལགས་སུ་ཞུ་རྒྱུར། གུས་ནས་འཕྲུལ་དེབ་གཅིག་ཀྱང་ཕབ་ལེན་ཐུབ་ཀྱི་མི་འདུག་པས་ ཕབ་ལེན་ཇི་ལྟར་བྱེད་དགོས་མིན་ཐད་ལམ་སྟོན་གནང་རོགས། ཐུགས་རྗེ་ཆེ།
[…] page (no longer online) and then re-posted by Tibetan language diaspora websites Khabdha and Wokar. Tashi Rabten is from…