November ༡༠, ༢༠༡༤

ཡུས་ཅེས་བོད་ལ་འགྱོད་བཤགས་ཞུ།

<<གངས་འདབས་ཀྱི་མེ་ལྕེ་སྟེ་བོད་ཀྱི་བཙོན་པ་ཡ་རབས་ཤིག་གི་བདེན་གཏམ།>>བཀླགས་པ། ལོ་ངོ་སུམ་ཅུ་ཙམ་ལ་ཀྲུང་གུང་གི་བཙོན་དུ་ཚུད་པའི་དཔལ་ལྡན་རྒྱ་མཚོས་བཙོན་ལས་ཐར་རྗེས་བཀྲམས་པའི་དེབ་གསར་དེས།ཀྲུང་གུང་གི་བོད་ཀྱི་རིག་གནས་གཏོར་བརླག་གི་ཇུས་ངན་དག་ལྷང་དུ་ཕུད་ཅིང་། བོད་མི་དམངས་ཀྱི་བླ་ན་མེད་པའི་བསམ་པའི་མཛེས་སྡུག་ཀྱང་གསལ་བོར་མཚོན་པར་བྱས་ཡོད། དེབ་དེ་བཀླགས་ན། རྒྱ་མི་ཞིག་ཡིན་ཚེ་ངོ་ཚ་དང་གནོང་འགྱོད་དྲག་པོ་ཞིག་ཀྱང་སློང་བར་བྱེད། ༈ ཁྲག་དང་མིག་ཆུས་བསླེས་པའི་དཀའ་སྡུག་གི་བྱུང་བ། སྤྱིར་བཏང་གི་རྒྱ་མི་ཞིག་གི་ངོས་ནས་བཤད་ན། བོད་ཡུལ་ནི་རྒྱང་རིང་གི་ཤམ་བྷ་ལ་འམ། ངོ་མཚར་དང་འགྲན་རྩོད་ཀྱི་ཡུལ་སྐོར་གནས་མཆོག་ཙམ་ཡིན་པ་དང་། ལོ་ངོ་སྟོང་ཕྲག་དུ་མར་གོམས་ཤིང་རུས་པའི་གཏིང་རིམ་དུ་ཟུག་པའི་གཅིག་འགྱུར་ཆེན་མོའི་(大一统)བསམ་བློའི་ (འགྱུར་མཆན།བསམ་བློ་འདིའི་ཕུགས་དེད་ན་ལོ་ཉིས་སྟོང་ཉིས་ཉིས་བརྒྱའི་སྔོན་དེ། ཆིན་རྒྱལ་རབས་ཀྱི་དུས་སྐབས་ལ་ཐུག་ཡོད་པར་བཤད་ཅིང་། ཆིན་གྱི་དུས་ཀྲུང་གོ་གཅིག་གྱུར་གྱི་མགོ་ཚུགས་ཤིང་། ཀྲུང་གོའི་ལོ་རྒྱུས་དང་། དངོས་ཡོད་ཀྱི་དགོས་མཁོ་དང་འཚམ་པའི་སྲོལ་རྒྱུན་བསམ་བློ་འདི་དུས་རབས་རིམ་པར་རྒྱུན་འཛིན་བྱུང་བར་སྨྲ། དེང་དུས་ཤང་ཀང་། ཨོ་མིན། ཐེ་ཝན་སོགས་ཀྱང་མེས་རྒྱལ་གྱི་པང་དུ་ལོག་དགོས་པའི་ལོ་རྒྱུས་དང་ཆབ་སྲིད་ཀྱི་རྩ་དོན་འདི་ལ་གཞིར་བཟུང་བ་ཡིན་ཚུལ་བཤད་མཁན་ཡང་འདུག འགའ་རེས་བསམ་བློ་འདི་ནི་རྒྱ་མཚོ་ཆན་པོ་ཆུ་ཡི་མི་ཚིམ་པ་ལྟ་བུའི་ཀྲུང་གོ་མེས་པོའི་དག་གི་བློ་ཁོག་ལས་བྱུང་བའི་ཐབས་མཁས་ཇུས་མཆོག་雄才大略ཡིན་པར་བསྔགས། ད་དུང་བསམ་བློ་འདི་མངོན་གྱུར་བྱུང་ན། གནམ་འོག་གཅིག་གྱུར་བྱུང་སྟེ། སྐད་ཡིག་དང་ལམ་ལུགས་སོགས་ཡོད་ཚད་གཅིག་གྱུར་བྱུང་བ་ཡིན་པས། ང་ཚོའི་སློབ་ཕྲུག་ཚོས་སྐད་ཡིག་སྣ་མང་སྦྱངས་ཏེ་དུས་ཚོད་དང་སློབ་ཡོན་ལྷག་མ་གཏོང་བའི་དཀའ་ཁག་དང་བྲལ་ཞིང་། ཆེས་སྟབས་བདེ་དང་། ཆེས་དེང་རབས་ཅན་སོགས་སུ་གྱུར་བར་འདོད་པ་དང། ད་ལྟ་དྲ་བའི་དུས་རབས་འདིར་རྒྱ་ཡིག་གིས་ཨང་གཉིས་པའི་གོ་ས་ཟིན་ཡོད་པས་བསམ་བློ་འདི་མངོན་འགྱུར་འབྱུང་བར་ཐག་མི་རིང་བའང་སྒྲོག གཤམ་ནས་གནམ་འོག་ཆིག་འགྱུར天下归一  ཞེས་པའང་འདི་དང་དོན་གྱི་འབབ་ས་གཅིག་པ་འདྲ། )སྟེང་དུ། ཀྲུང་གུང་སྲིད་གཞུང་གིས་དུས་རབས་ཕྱེད་ཙམ་ལ་རྒྱུན་པར་ཤུགས་ཆེར་སྒྲོག་པའི་བོད་ནི་གནའ་ནས་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། ཅེས་པའི་ཤོད་ཚུལ་དེ་མཐུན་མོང་གི་ངོས་འཛིན་ཞིག་ཏུ་གྲུབ་ཡོད། སྤྱིར་བཏང་གི་རྒྱ་མི་ཕལ་ཆེ་བར་བོད་ཀྱི་དོན་དངོས་ལ་མྱོང་ཚོར་ཅི་ཡང་མེད་ཅིང་། ཧ་ལམ་ཆེད་དུ་རྒྱུས་ལོན་བྱེད་པའི་གོ་སྐབས་ཀྱང་མེད།...
དེ་ལས་མང་པ།

མེ་ལོང་མའི་གླུ་ཤགས།

འབའ་སྲས། ང་མེ་ལོང་མ་ཡིས་ཤགས་ཤིག་ལེན།། ཤགས་ལེན་ས་རང་མོས་སྙན་ངག་ཡིན།། ཁྱོད་རང་མོས་རང་མགོ་དམའ་མོ་བྱོས།། ང་མེ་ལོང་མ་འདི་འཁོར་གི་ཡིན།། ང་སྐྱེས་ས་རྒྱ་གར་ལྷོ་ཕྱོགས་ཡུལ།། ང་ཡོང་ས་གདོང་དམར་བོད་ཀྱི་ཡུལ།། གདན་འདྲེན་མཁན་ཤོང་སྟོན་ལོ་ཙཱ་བ།། སྣེ་བསུ་བ་ས་སྐྱ་པཎྜིཏ།། ང་གཞུང་ལུགས་ཤིག་གི་འཁོར་ལུགས་ཡོད།། ང་ལེ་འུ་གསུམ་གྱི་འགུག་ལུགས་ཡོད།། རྒྱན་དྲུག་བརྒྱ་དྲུག་བཅུའི་ལེན་ལུགས་ཡོད།། ང་མེ་ལོང་མ་ལ་ཁྱད་ཆོས་མང་།། ང་རྩོམ་མཁན་སློབ་དཔོན་དབྱུག་པ་ཅན།། ང་སྒྱུར་མཁན་ཤོང་སྟོན་ལོ་ཙཱ་བ།། ང་སློབ་མཁན་རྒྱལ་དབང་ལྔ་བ་སོགས།། བོད་མཁས་དཔོན་གཉིས་ལྡན་ཚང་མ་ཡིན།། ང་དང་བོ་བོད་ལ་ཡོང་དུས་སུ།། ངའི་ཡོང་ལམ་མཐོ་རིམ་སྤྱི་ཚོགས་ཡིན།། ངའི་བསུ་མ་མཐོ་རིམ་མི་སྣ་ཡིན།། ང་གང་ཆེ་གང་མཐོའི་རྒྱབ་སྐྱོར་ཡོད།། ང་གཞུང་ལུགས་ཤིག་གི་ལག་འཁྱེར་ཡོད།། ང་བསྟན་བཅོས་ཤིག་གི་མཐོང་ཆེན་ཡོད།། ང་བོད་ཀྱི་མཁས་པའི་མགྲོན་ཤོག་ཡོད།། ང་བོད་ལ་ཡོང་དུས་ཁྲིམས་མཐུན་ཡིན།། ཁྱོད་རང་མོས་བོད་ལ་ཡོང་དུས་སུ།། ཁྱོད་དམའ་རིམ་སྤྱི་ཚོགས་ནང་ནས་ཡོང་།། ཁྱོད་སློབ་ཆུང་སྒེའུ་ཁུང་ནང་ནས་ཡོང་།། ཁྱོད་སློབ་འབྲིང་སློབ་མའི་ལག་ནས་ཡོང་།། ཁྱོད་སློབ་འབྲིང་སློབ་མས་རྩེད་ཆས་བྱས།། ཁྱོད་མཐོ་རིམ་མི་སྣས་དམའ་འབེབ་བྱས།། དཔལ་དོན་གྲུབ་རྒྱལ་གྱི་དྲིན་མིན་ན།། བོད་ཡུལ་ནས་འདུག་ཐུབ་མེད་སོང་ང་།། ང་སྙན་ངག་མེ་ལོང་ཟེར་བ་འདི།།...
དེ་ལས་མང་པ།