November ༡༡, ༢༠༡༤

རྩོམ་ཡིག སྙན་ངག -0 Minutes

ཉི་མ་བཞུད་སོང་།

ཁ་སྒང་གཡང་འབུམ་ཚེ་རིང་། ཉི་མ་བཞུད་སོང་།། མུན་པ་རུབ་སོང་།། ཟླ་བ་བོར་སོང་།། ན་ཟུག་འཕར་སོང་།། སྒོ་ཁྱི་ཟུག་སོང་།། ཅེ་སྤྱང་ངུ་སོང་།། ལྷིང་འཇགས་དཀྲོགས་སོང་།། དངངས་སྐྲག་བསླངས་སོང་།། སྐར་ཚོགས་བཀྲ་སོང་།། བསིལ་རླུང་ལྡང་སོང་།། ཕ་ཡུལ་དྲན་སོང་།། མིག་ཆུ་བཞུར་སོང་།། ལུས་པོ་འདར་སོང་།། སེམས་པ་འཁྱགས་སོང་།། འཁུན་སྒྲ་ཐོན་སོང་།། སྨྲེ་ངག་ཐལ་སོང་།། ལོ་ཟླ་འདས་སོང་།། ལང་ཚོ་རྒས་སོང་།། མི་ཚེ་ཟད་སོང་།། ཡོད་ཚད་རྫོགས་སོང་།། ས་ཆེན་འཇིག་སོང་།། མྱི་ཆེན་འགྱེལ་སོང་།། ལྷ་ཆེན་དངངས་སོང་།། ཡོད་ཚད་ཚར་སོང་།། བསམ་ཚད་སྟོངས་སོང་།། བཤད་ཚད་ཚར་སོང་།། རྨི་ལམ་ཡལ་སོང་།། ཐོབ་ཚད་ཤོར་སོང་།། ངེད་དྲ་ཚིགས།...
དེ་ལས་མང་པ།
བསྒྱུར་རྩོམ། རྒྱ་བསྒྱུར། -0 Minutes

ཁོ་མོའི་དམ་བཅའ། གསུང་གླེང་། བཞིན་རས།

ཁོ་མོའི་དམ་བཅའ། ཁོ་མོའི་གསུང་གླེང་། ཁོ་མོའི་བཞིན་རས། རྩོམ་མཁན། བྷན.ཕ་ཡན་ཐེར།  སྒྱུར་མཁན། རྡོ་རྗེ་རིན་ཆེན། ཁོ་མོས་བརྗོད་ན། མོ་གཉིད་དུ་མ་ཡུར་བའི་ཡར་སྔོན། ཆེས་མཇུག་མཐར་མཐོང་བ་ནི། བདག་གི་ངོ་གདོང་ལགས་ཤིང་། དེ་མེད་པར། ཁོ་མོ་གཉིད་ལ་ཞུགས་དཀའ་ཟེར། འོན་ཀྱང་། ངོ་གདོང་གཞན་དག་ཀྱང་། ཁོ་མོའི་མིག་ནང་དུ་འཕྱོ་ཞིང་ལྡིང་བ། བདག་གིས་རྟོགས་པར་གྱུར་ཡོད།   དོ་ནུབ། སྐར་ཚོགས་ཕྲ་ལམ་མེར། བདག་གིས། དེ་ཉིད་ཞབས་བྲོ་བརྒྱབ་ན་སྨོན།   “ངས་བཤད་པ་ཐལ་དྲག་སོང་ངམ”ཞེས ཁོ་མོས་བརྩེ་དུང་གི་དོགས་སྣང་དང་སྤྲོ་སེམས་དབེན་པའི་ངང་། བདག་ལ་དེ་ལྟར་དྲིས་བྱུང་། མ་ཡིན། དེ་ལྟ་མ་ཡིན་ཡང་། ཁྱོད་ཀྱིས། རང་གི་དམ་བཅའ་མ་བསྲུངས་བ་བཞིན། ངའང་། ཁྱོད་ཀྱིས་དམ་བཅས་བསྲུངས་པར་མི་འདུག་ལགས།   དུས་དེ་ཉིད་ན།...
དེ་ལས་མང་པ།