ཁོ་མོའི་དམ་བཅའ། ཁོ་མོའི་གསུང་གླེང་། ཁོ་མོའི་བཞིན་རས།

རྩོམ་མཁན། བྷན.ཕ་ཡན་ཐེར།  སྒྱུར་མཁན། རྡོ་རྗེ་རིན་ཆེན།

ཁོ་མོས་བརྗོད་ན། མོ་གཉིད་དུ་མ་ཡུར་བའི་ཡར་སྔོན།

ཆེས་མཇུག་མཐར་མཐོང་བ་ནི། བདག་གི་ངོ་གདོང་ལགས་ཤིང་།

དེ་མེད་པར། ཁོ་མོ་གཉིད་ལ་ཞུགས་དཀའ་ཟེར།

འོན་ཀྱང་། ངོ་གདོང་གཞན་དག་ཀྱང་།

ཁོ་མོའི་མིག་ནང་དུ་འཕྱོ་ཞིང་ལྡིང་བ།

བདག་གིས་རྟོགས་པར་གྱུར་ཡོད།

 

དོ་ནུབ། སྐར་ཚོགས་ཕྲ་ལམ་མེར།

བདག་གིས། དེ་ཉིད་ཞབས་བྲོ་བརྒྱབ་ན་སྨོན།

 

“ངས་བཤད་པ་ཐལ་དྲག་སོང་ངམ”ཞེས

ཁོ་མོས་བརྩེ་དུང་གི་དོགས་སྣང་དང་སྤྲོ་སེམས་དབེན་པའི་ངང་།

བདག་ལ་དེ་ལྟར་དྲིས་བྱུང་།

མ་ཡིན། དེ་ལྟ་མ་ཡིན་ཡང་།

ཁྱོད་ཀྱིས། རང་གི་དམ་བཅའ་མ་བསྲུངས་བ་བཞིན།

ངའང་། ཁྱོད་ཀྱིས་དམ་བཅས་བསྲུངས་པར་མི་འདུག་ལགས།

 

དུས་དེ་ཉིད་ན། རྩིག་གྱང་ངོས་སུ།

དུས་ཚོད་ཀྱི་མདའ་རྩེ་འཁོར་ཞིང་མཆིས།

ཕྱིར་རོལ་དུ། སྒོ་ཁྱི་ཞིག་ཟླ་བར་ཟུག་ཅིང་།

ཁོ་མོའི་ངོ་གདོང་། བདག་གི་བརྩེ་བའི་པང་དུ་བསྙེས།

 

བདག་གིས། “བདག་འགྲོ་དགོས།”

“བདག་ངལ་ཞིང་དུབ”ཅེས་བརྗོད་པ་དང་།

ཁོ་མོའི་དམ་བཅའ།

ཁོ་མོའི་གསུང་གླེང་།

ཁོ་མོའི་བཞིན་རས།

འདི་དག་གིས། བདག་ལ་ངལ་གསོ་ཞིག

ཇི་ལྟར་ཐོབ་ཏུ་གཞུག་ཨང་།

༢༠༡༤།༩།༢༩།ཉིན།

ངེད་དྲ་ཚིགས།

དཔྱད་མཆན་སྤེལ།

%d bloggers like this: